Skip to main content Skip to search
03 Feb 2017
6 min 49 sec
Ariana Maki
Video Overview
Creators: 
Jamyang Gyamtso, འཇམ་དབྱངས་རྒྱ་མཚོ།

Barley is prepared for milling into flour after being cleaned and dried in the sun.

དངོས་བཤུས་བརྙན་ཐུང་འདིའི་ནང་དུ་ ཚང་སྒམ་ལས་ནས་འབྲུ་ལེན་པ་དང་། ས་རྡུལ་རླུང་ཁ་ནས་འཕྱར་བ།  ཉི་མར་ལྡེ་བའི་བརྒྱུད་རིམ་རྣམས་དངོས་བཤུས་བྱས་ཡོད།

本片记录了阿坝地区手工石磨糌粑制作的准备工序,主要包括从青稞箱里取出青稞、通过风力把青稞里面的尘土吹散、并在阳光下晒干青稞等工序。

དངོས་བཤུས་གློག་བརྙན་འདིའི་ནང་དུ་རྔ་བ་ས་ཁུལ་གྱི་སྲོལ་རྒྱུན་གྱི་རྩམ་པ་བཟོ་སྟངས་ཀྱི་གནས་ཚུལ་བརྗོད་ཡོད་ལ།གནས་ཚུལ་དེ་བརྙན་དུ་ཕབ་པའི་རྒྱུ་མཚན་ནི་སྲོལ་རྒྱུན་གྱི་ལག་འཐག་རྩམ་པའི་སྲོལ་རྒྱུན་དེ་ད་ལྟ་ཆད་གྱིན་འདུག་ལ།གལ་ཏེ་ད་ལྟའི་དུས་སུ་དངོས་ཟིན་གློག་བརྙན་དུ་ཕབ་མ་ཐུབ་ན།ལོ་ངོ་འགའ་ཤས་ཀྱི་རྗེས་སུ་སྲོལ་རྒྱུན་གྱི་ལག་རྩལ་དེ་ང་ཚོའི་སྤྱི་ཚོགས་ལས་རྩ་ཆད་དུ་འགྲོ་སྲིད་པ་ཞིག་རེད། དེ་བས་ང་ཚོའི་དངོས་ཟིན་གློག་བརྙན་འདི་ཁ་ཚང་དུ་ཕབ་བསྐྲུན་བྱས་པ་ཡིན།དངོས་བཤུས་གློག་རྙན་འདི་ལ་ཁྱོན་ལེའུ་གསུམ་ཡོད་པ་ལས་འདི་ནི་ལེའུ་དང་པོ་རེད།ལེའུ་འདིའི་ནང་དུ་རྩམ་པ་བཟོ་བའི་སྔོན་འགྲོའི་གོ་རིམ་འགའ་ངོ་སྤྲོད་བྱས་ཡོད། དང་ཐོག་ནས་རླུང་ལ་ཕྱར་ཏེ་རྡུལ་རྣམས་མེད་པར་བཟོ་དགོས། དེའི་རྗེས་སུ་རྩྭ་ཕྱར་ཐོག་ཏུ་ཉི་མར་ལྡེ་ནས་སྐམ་དུ་འཇོག་དགོས་ལ། ཞོར་དུ་རྡེའུ་རྣམས་གཙང་བསལ་བྱེད་དགོས་པའི་ལས་རིམ་རྣམས་བརྙན་དུ་ཕབ་ཡོད། 

《糌粑》是一部介绍阿坝地区传统制作水磨糌粑工艺的纪录片,该片一共分为三个短视频。本段视频是该纪录片的的第一部分,主要介绍传统制作糌粑工艺的第一步,如何从田地中收割青稞、筛选优质的青稞,晒干并去除杂质的工序。正如片中所展示,我们可以看到大部分的工序都是当地农舍的屋顶完成的。

Transcript search
No results found for this search
0 of 0
  • བཤད་མཁན་དང་པོ། Narrator 1
    འདི་རྩྭ་ཕྱར་རེད།/
    This is a grass blanket./
    >>讲解员一:这是草毯子。/
  • >>སྔོན་ཆད་རྩྭ་འཐག་སྟེ་ལས་པ་རེད།/
    >>Before people made blankets from grass./
    >>以前人们是用草来做毯子的。/
  • >>སྔོན་ཆད་མ་གཏོགས་ད་ལྟ་ལས་མཁན་ཡོད་པ་མ་རེད།/
    >>Nobody makes these now./
    >>现在没有人再做这个。/
  • >>ཉི་མ་བཏང་སྟེ་རྡོ་བསལ་རྗེས་རྔོ་དགོས་པ་རེད།/
    >>We can fry the barley after we separate out the stones./
    >>捡完石头之后,我们就可以炒前科了。/
  • >>ཉི་མར་བཞག་ནས་སྐམ་དུ་མ་བཅུག་ན་ཡོས་ཡག་པོ་མི་དགད་པ་རེད།/
    >>Barley cannot be properly fried if it isn't dried well./
    >>如果不晒干,我们就不能炒好青稞。/
  • >>ཉི་མར་བཞག་ནས་ཡག་པོ་བྱས་ཏེ་སྐམ།/
    >>Dry it well under the sunshine./
    >>在太阳底下晒就好了。/
  • >>དེ་ལྟར་བྱས་ན་རྩམ་པ་ཞིམ་པོ་ཞིག་ཡོང་ཐུབ་པ་རེད།/
    >>So the tsampa will be tasty./
    >>这样磨出的糌粑就很香了。/
  • >>རྡོ་མེད་ཀི/
    >>[There are] no more stones now./
    >>没有石头了。/
  • >>དེ་ནས་སྐམ་རྗེས་རྡོ་བསལ་ཏེ་བརྔོས་ན་ཆོག་གི/
    >>Dry it well, pick out all the stones and then fry it./
    >>一会儿晒干了,捡出了石头我们就可以炒了。/
  • >>འགྲིག་འདུག་སྟེ་བསལ་རྒྱུ་མེད་ཀི/
    >>It's good now, no need to pick./
    >>现在好了,不用捡。/
  • >>དུས་ཚོད་གསུམ་འགོར་འདུག/
    >>It has already been three hours./
    >>已经过了三个小时。/
  • >>ད་སྐམ་ཡོད་ནི་རེད།/
    >>It's dried now./
    >>晒干了。/
  • >>ད་བརྔོ་དང་།/
    >>We can fry it now./
    >>可以炒了。/