Skip to main content Skip to search
31 Jan 2015
3 min 1 sec
Rinchen Dorji
Video Overview
Creators: 
Duptho

Kezang Choden from Shongphu Gewog (county) sings an old Boedra song called "Gungtoed Thoenpo". It is typically sung during the arrival of important figures in the village as an invitation song to pay respects to the guests. This is part of the village culture and it still practiced today whenever a guest arrives. The lyrics impress the guest using metaphors referencing space and the sun, the mountain and the snow lion, the fortress and the King, the village and the parents, with both elements representing respectively the external barrier surrounding an internal gem.

༉  བཀྲ་ཤིས་སྒང་རྫོང་ཁག་ཅ་གླིང་ལས་ སྐལ་བཟང་ཆོས་སྒྲོན་གྱིས་འཐེན་མི་བོད་སྒྲའི་གླུ་གཞས་ དགུང་སྟོད་མཐོན་པོ་གསེར་གྱི་ཀ་བ་ལ་དང་འདྲ་སོང་ཟེར་མི་འདི་ གཡུས་ཁ་ལུ་མགྱོནམ་ཁག་ཆེ་ཏོག་ཏོ་རེ་འོང་པའི་སྐབས་ བསུ་བ་འབད་ནི་གི་དོན་ལུ་འཐེན་དོ་ཡོདཔ་ད་ ནཱི་བཟུམ་སྦེ་འབད་ནི་འདི་ གཡུས་ཁའི་ལུགས་སྲོལ་ཐུན་མོང་མ་མིན་པ་ཅིག་ཨིནམ་ད་ སྔོན་དང་ཕུ་ལས་ཡོད་པའི་ལམ་ལུགས་འདི་ ད་ལྟོའི་བར་ན་ཡང་ཉམས་མ་བཅུག་པར་ གཡུས་ཁར་མགྱོནམ་རེ་ལྷོད་པའི་སྐབས་ལག་ལེན་འཐབ་སྟེ་ར་འདུག གླུ་གཞས་འདི་ནང་ བཅུད་དོན་ངོ་མ་ར་ ཆོས་གྲོགས་མང་པོ་མིང་དགོ་ དེ་བ་འདི་ཉུང་སུ་ཅིག་སྦེ་ དམ་ཚིག་གཙང་ཏོག་ཏོ་ཅིག་དགོ་གལ་ཆེ་བའི་སྐོར་ལས་ཨིན་མས།

Transcript search
No results found for this search
0 of 0
  • སྐལ་བཟང་ཆོས་སྒྲོན/ Kezang Choden
    དགུང་སྟོད་མཐོན་པོ། གསེར་གྱི་ཀ་བ་ལ་དང་འདྲ་སོང་། །
  • སྐལ་བཟང་ཆོས་སྒྲོན/ Kezang Choden
    གསེར་གྱི་ཀ་བ་མ་འགྱུར་བརྟན་དུ་ལ་ཅིག་བཞུགས། ། ༢
  • སྐལ་བཟང་ཆོས་སྒྲོན/ Kezang Choden
    ཞབས་བྲོ་འདི་ཕྱི་ལ་བཤད་བཤད། །ཕྱི་ཡི་ཀུན་བཟང་ཆོས་སྒྲོན་ཞབས་བྲོ། །
  • སྐལ་བཟང་ཆོས་སྒྲོན/ Kezang Choden
    ཞབས་བྲོ་འདི་ནང་ལ་རུ་རུ། །ནང་གི་ཀླུ་མོ་དཀར་མོའི་ཞབས་བྲོ། ། ༢
  • སྐལ་བཟང་ཆོས་སྒྲོན/ Kezang Choden
    ཆོས་གྲོགས་འདི་མང་པོ་མིན་དགོ །
  • སྐལ་བཟང་ཆོས་སྒྲོན/ Kezang Choden
    དམ་ཚིག་གཙང་མ་ལ་ཅིག་དགོ་ཡོད། །
  • སྐལ་བཟང་ཆོས་སྒྲོན/ Kezang Choden
    དམ་ཚིག་གཙང་མ་མ་འགྱུར་བརྟན་དུ་ལ་ཅིག་བཞུགས། ། ༢
    ལགས་སོ་ ལགས།