Skip to main content Skip to search
19 Jun 2014
3 min 28 sec
Rinchen Dorji
Video Overview
Creators: 
Dawa Tshering, Tseten Tshering

According to Buddhism, it is important to have conviction in the Dharma teachings and to be an example of the teachings to others and to oneself. Devotion depends on individuals, and when one has more devotion, he/she will receive blessings from the religious teachings. The singer describes several examples to refer to an ideal devotee through allusion to the sun and mountains.

 

ང་བཅས་ར་ ནང་པ་སངས་རྒྱས་པའི་ ཡིད་ཆེས་དང་འཁྲིལ་བའི་སྐབས་ རང་གིས་རང་ལུ་ཡིད་ཆེས་དང་ བློ་གཏད་བསྐྱེད་དགོཔ་འདི་ གནམ་མེད་ས་མེད་ གལ་ཆེཝ་སྦེ་བརྩི་དོ་ཡོདཔ་ཨིན། གླུ་གཞས་འདི་ནང་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ དམ་པའི་ཆོས་སྟོན་པའི་སྐོར་ལས་ཨིནམ་ད་ དམ་པའི་ཆོས་ཟེར་མི་འདི་ སློབ་མ་རང་སོའི་དད་པ་མོས་གུས་དང་འཁྲིལ་ད་ ག་དེ་ཅིག་སྦེ་ སློབ་མ་འདི་ལུ་ དད་པ་དང་མོས་གུས་ར་ཡོད་པ་ཅིན་ རང་གི་བླམ་ལས་ དམ་པའི་ཆོས་ཀྱི་བྱིན་བརླབས ་ལེགས་ཤོམ་ཐོབ་ཚུགས་ཟེར་མས། ད་ལྟོའི་གླུ་གཞས་འདི་ནང་ རྩོམ་པ་པོ་འདི་གིས་ སློབ་མའི་དཔེ་སྦེ་ ཉིམ་དང་གངས་རི་འདི་ཚུ་ ལག་ལན་འཐབ་ཨིན་མས། 

 

Transcript search
No results found for this search
0 of 0
  • རྡོ་རྗེ་བི་ད
    Dorji Bidha: དགུང་སྔོན་མཐོན་པོའི་བླ་མས་ཆོས་གནང་དོ། ། ཁྲི་གདུགས་ཀྱི་ཉི་མོ་ ཆོས་ཞུ་ཤོག། །
  • རྡོ་རྗེ་བི་ད
    Dorji Bidha: གངས་སྟོད་མཐོན་པོའི་བླ་མས་ཆོས་གནང་དོ།། དྭངས་སེ་གེ་དཀར་པོ་ཆོས་ཞུ་ཤོག། ཆོས་སེམས་དཀར་ག་མི་དཀར་ཆོས་རང་འདི། །ཆོས་སེམས་ཆེ་ག་མི་ཆེ་ཆོས་གྲོགས་འདི།།
  • རྡོ་རྗེ་བི་ད
    Dorji Bidha: ཆོས་ཡང་ས་ལ་མ་ཎི་པདྨེ་ཧཱུྃ། ། ཡར་གྱི་གངས་སྟོད་མཐོན་པོ་ཆོས་གནང་དོ།། གངས་དང་དྭངས་སེང་དཀར་མོ་ཆོས་ཞུ་ཤོག། ཆོས་སེམས་ཆེ་ག་མི་ཆེ་ཆོས་གྲོགས་འདི།།
  • རྡོ་རྗེ་བི་ད
    Dorji Bidha: ཆོས་སེམས་དཀར་ག་མི་དཀར་ཆོས་གྲོགས་འདི།། ཆོས་ཡང་ས་ལ་མ་ཎི་པདྨེ་ཧཱུྃ།། ལ་སོགས།།