Skip to main content Skip to search
20 Jun 2018
5 min 2 sec
Ariana Maki
Video Overview
Creators: 
Penchela

Pem from Namyelgang Village in Bartsa, Dagana sings an old song entitled Lhundup Tse Gi Dzongchen (The Great Fortress of Lhuntse). This song describes the fortress of Lhuntse District, and was composed by a Dzongpon of Lhuntse District. It was originally performed by the people of Lhuntse during important occasions and celebrations. Due to its auspicious lyrics, it is now performed in all the parts of the country. It is performed with around five to twenty dancers, who form a circle.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ རྣམ་རྒྱལ་སྒང་གཡུས་ཚན་ལས་ པདྨོ་གིས་ ལྷུན་གླུབ་རྩེ་གི་རྫོང་ཆེན་ཟེར་མི་ བོད་སྒྲའི་གླུ་གཞས་རྙིང་འདི་འཐེནམ་ཨིན་པས། གླུ་གཞས་འདི་གིས་ ལྷུན་རྩེ་རྫོང་ཁག་གི་ རྫོང་གཞི་གི་སྐོར་ལས་ བཤད་པ་རྐྱབ་སྟེ་ ལྷུན་རྩེའི་རྫོང་དཔོན་ཅིག་གིས་སྦེ་ བརྩམས་བརྩམས་ཨིནམ་ད་ གླུ་གཞས་འདི་ དུས་སྟོན་ཁག་ཆེ་ཏོག་ཏོ་དང་ བརྩི་སྲུང་ཚུའི་སྐབས་སུ་ ལྷུན་རྩེའི་མི་ཚུ་གིས་རྐྱབ་ཨིན། ཕུན་སུམ་ཚོགས་པའི་ཚིག་རྒྱན་ལུ་བརྟེན་ གླུ་གཞས་འདི་ རྒྱལ་ཁབ་ཀྱི་ས་གནས་ མཐའ་དབུས་མེདཔ་ན་ མི་ལྔ་དང་ ཁལ་གཅིག་སྦེ་ སྒོར་སྒོརམ་སྦེ་རྐྱབ་ཨིན། 

Transcript search
No results found for this search
0 of 0
  • པདྨ་
    སྭོ་ ལྷུན་གྲུབ་རྩེ་གི་རྫོང་ཆེན་ཡ་ལ་དབའི། །ཕུ་ཀྲེ་ཆགས་པ་འདྲ་དོ་ཡ་ལ་དབའི། །
  • པདྨ་
    སྭོ་ ཕུ་ཀྲེ་ཆགས་པ་འདྲ་རུང་ཡ་ལ་དབའི། །རྟེན་འབྲེལ་བཟང་པོ་འདུག་གོ་ཡ་ལ་དབའི། །
  • པདྨ་
    སྭོ་ ལྷུན་གྲུབ་རྩེ་གི་རྡོ་ཐེག་ཡ་ལ་དབའི། །གཡུ་ཆུང་འབྲུ་དཀར་འདྲ་དོ་ཡ་ལ་དབའི། །
  • པདྨ་
    སོྭ་ གཡུ་ཆུང་འབྲུ་དཀར་འདྲ་རུང་ཡ་ལ་དབའི། །རྟེན་འབྲེལ་བཟང་པོ་འདུག་གོ་ཡ་ལ་དབའི། །
  • པདྨ་
    སོྭ་ ལྷུན་གྲུབ་རྩེ་གི་སྒོ་ཤིང་ཡ་ལ་དབའི། །གསེར་གྱི་དངུལ་གྱི་འདྲ་དོ་ཡ་ལ་དབའི། །
  • པདྨ་
    སྭོ་ གསེར་སྒ་དངུལ་སྒ་འདྲ་རུང་ཡ་ལ་དབའི་ རྟེན་འབྲེལ་བཟང་པོ་འདུག་གོ་ཡ་ལ་དབའི། །
  • པདྨ་
    སྭོ་ ལྷུན་གྲུབ་རྩེ་གི་ལགཔ་མདའ་ཡ་ལ་དབའི། །དར་ཅུང་སྣེ་ལྔ་འདྲ་དོ་ཡ་ལ་དབའི། །
  • པདྨ་
    སྭོ་ ལྷུན་གྲུབ་རྩེ་གི་རྒྱབ་ལ་ཡ་ལ་དབའི། །བཀྲིས་སྒོ་མང་འདྲ་དོ་ཡ་ལ་དབའི། །
  • པདྨ་
    སྭོ་ བཀྲིས་སྒོ་མང་འདྲ་རུང་ཡ་ལ་དབའི། །རྟེན་འབྲེལ་བཟང་པོ་འདུག་གོ་ཡ་ལ་དབའི། །
    ལགས་སོ།། །།