Skip to main content Skip to search
05 Jan 2016
2 min 2 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing a song called "The Grace of a Parent’s White Hair." This song is part of a collection of folk songs from the Rebgong cultural area.

འདི་ནི་རྟ་འདོ་བ་རྒས་དུས་ལྕག་གིས་རྒྱག་མི་རུང་བ་དང་མཛོ་ཁྱུང་དཀར་རྒས་དུས་ཁལ་ལྗིད་མོ་འགེལ་མི་རུང་བ།  དྲིན་ཕ་མ་རྒས་དུས་ཁ་ཚིག་ལོག་རྒྱག་མི་རུང་བར་སྐུལ་བའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་རྟ་འདོ་བའི་རྨིག་སྣེ་དཀར་བ་འདི་རྒས་རྟགས་ཡིན་པ་དང་རྒས་ལྕག་གིས་རྒྱབ་ན་མི་བཟོད་པ་དང་།   མཛོ་ཁྱུང་དཀར་རྭ་ཁ་གོར་བ་འདི་རྒས་རྟགས་ཡིན་པ་དང་ཁལ་ལྗིད་མོ་བཀལ་ན་མི་ཐེག་པ།    དྲིན་ཕ་མའི་སྐྲ་མཐའ་དཀར་བ་འདི་རྒས་རྟགས་ཡིན་པ་དང་ཁ་ཚིག་ལོག་བརྒྱབ་ན་མི་བཟོད་པར་བརྗོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0