Skip to main content Skip to search
05 Feb 2016
10 min 18 sec
Samten Yeshi
Video Overview
Creators: 
Penchela, Pema

Aum Namgay Zangmo from Balu village sang "Tshenden Tshogpai Tshoglu," a Zhungdra song said to have been sung during the time of Zhabdrung's 1616 CE arrival in Bhutan. It is said to have been performed by the local people of Shar, Wang and Pa communities as a welcome song. Aum Namgay Zangmo mentioned that due to her advanced age, it was a little difficult for her to sing this type of song.

 

བདའ་དགའ་་ན་རྫོང་ཁག་  ལར་རྒྱབ་རྒས་འོག་་གཡུས་བ་ལུ་ལས་ ཨིན་མི་ རྣམས་རྒྱལ་བཟང་མོ་གིས་ གཞུང་སྒྲའི་གླུ་གཞས་ མ་ཚངམ་འབད་ ཁག་གསུམ་ འཐེན་འདི་ཡོདཔ་ཨིན། འདི་ཡང་  དང་པ་ མཚན་ལྡན་ཚོགས་པའི་ཚོགས་ལུགས་ འདི་ མཇུག་ཚུན་ འཐེན་འདི་ཡོདཔ་ཨིན་མས། དེ་ལས་ གཞན་གཉིས་འདི་ ཕྱད་ཀ་ལས་ མ་འཐེནམ་ཨིན་མས། མཚན་ལྡན་ཚོགས་པའི་ཚོགས་ལུགས་འདི་ ཞབས་དྲུང་འབྲུག་ལུ་འབྱོནམ་ད་ འཐེན་ཡོད་པའི་ གླུ་གཞས་ཅིག་ ཨིན་མས། གླུ་གཞས་འདི་ ཤར་ ཝང་དང་སྤང་ཚུ་གིས་ འཐེན་སྲོལ་ཡོདཔ་ཨིན་མས། རྣམས་རྒྱལ་བཟང་མོ་འདི་ ལོ་ན་རྒས་པ་ལས་བརྟེན་ གླུ་གཞས་འདི་ འཐེན་ནི་ལུ་ ལ་ཁག་བཏང་དོ་ཡོདཔ་ ཨིན་མས།

 

Transcript search
No results found for this search
0 of 0
  • རྣམ་རྒྱལ་བཟང་མོ Namgay Zangmo
    དགུང་དབྱིངས་ཡས་ཀྱི་བླ་མ་ཆོས་གནང་དོ། །དགུང་ཁྲི་གདུགས༌ཉི༌མ༌བཞུགས་པ་ལ་ཆོས་ཞུ་དགེ
  • རྣམ་རྒྱལ་བཟང་མོ Namgay Zangmo
    ཆོས་ཅིག་གནང་ག་མི་གནང་བླ་མ་མཁྱེན། །ཁྲི་གདུགས་ཉི་མ་བཞུགས་པ་ལ་ཆོས་ཞུ་དགེ
  • རྣམ་རྒྱལ་བཟང་མོ Namgay Zangmo
    ཆོས་ཅིག་གནང་ག་མི་གནང་བླ་མ་མཁྱེན། །ཆོས་ཡི་ཀྱི་ས་ལ་མ་ཎི་ལ་པདྨེ་ཧཱུཾ། ། ཆོས་ཡི་ཀྱིས་ལ་མ་ཎི་ལ་པདྨེ་ཧཱུཾ།
    () ()
  • རྣམ་རྒྱལ་བཟང་མོ Namgay Zangmo
    བྱ་མོ་གསེར་ལས་བུ་ཁྲི་གནམ་ལུ་ལྡིང། །ལྷའི་དབང་མོ་པོརྒྱལ་མཚན་ལ་མ་དགྱེས་ན། །བྱ་མོ་རང་ཡང་སྤྲེའུ་སི་ཤིངལ་གུ་ལུ་ཆགས།
    () ()
  • རྡོ་རྗེ་ཚེ་དབང་ Dorji Tshewang
    བྱ་མོ་དངུལ་ལས་བུ་ཁྲི་བར་ལུ་ཆགས། ། བཙན་གྱི་ཡབ་མི་སྤུན་བདུན་ལ་མ་དགྱེས་ན། །བྱ་མོ་རང་ཡང་སྤྲེའུ་སི་ལ་སྐེད་པ་ཆགས།
  • རྡོ་རྗེ་ཚེ་དབང་ Dorji Tshewang
    འཐེན་མི་ཚུགས་པས་ལགས་ ཨང་རྒས་ད་ལྐོད་མ་གིས།
  • རྡོ་རྗེ་ཚེ་དབང་ Dorji Tshewang
    མཚན་ལྡན་ཚོགས་པའི་ཚོགས་ལུགས་བཤད་མི་དགོ །མཚན་ལྡན་ཚོགས་པའི་ཚོགས་ལུགས་ལ་བཤད་དགོ་ན།
  • རྡོ་རྗེ་ཚེ་དབང་ Dorji Tshewang
    དབུ་ཞྭ་གནམ་ལུ་མ་ལྡིང་རིགས་ཀྱི་རྡོ་མ་གཅིག །དབུ་ཞྭ་ས་ལུ་མ་རེག་རིགས་ཀྱི༌རྡོ་མ༌གཉིས།
  • རྡོ་རྗེ་ཚེ་དབང་ Dorji Tshewang
    རེ༌གཟན༌བར་ལས་རླུང་བསྟར་འགྱིར་བ་སྭ་ཟེརཝ་ད་ཡ་ལ། །ཨོཾ་དང་ལྡན་པའི་མཚན་ལྡན་བླམ་སངས་རྒྱས་འགོ་འཕང་རྣམ་སྤྲུལ་ཐོབ་ར་ལེགས་སོ་་་ཨོ་་་ལེགས་སོ་་་་ལེགས་སོ། །