Skip to main content Skip to search
20 Jun 2018
5 min 37 sec
Ariana Maki
Video Overview
Creators: 
Penchela

Aum Mendu Lhamo from Karna Gewog in Dagana sings a Zhungdra song entitled Lhasa Sergi Zangmo (Golden Zangmo of Lhasa). Due to the complexity of Zhungdra songs, contemporary Bhutanese rarely give attention to learning and performing them. Zhungdra songs usually have religious lyrics dedicated to great masters or respected figures. This song is dedicated to a great saint of Tibet, in hopes of receiving his blessings and teachings. An old song, its origin and composer are unknown. This kind of religious song is typically performed in important occasions and gatherings.

གཞུང་སྒྲ་ཟེར་མི་འདི་ འབྲུག་ལུ་དང་ཕུགས་ལས་ཡོད་པའི་ གླུ་གཞས་ཅིག་ཨིནམ་ད་ དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ལས་ ཨམ་སྨིན་དྲུག་ལྷ་མོ་གིས་ ལྷ་ས་གསེར་གྱི་བཟང་མོ་ཟེར་མི་ གླུ་གཞས་འདི་འཐེནམ་ཨིན་པས། གཞུང་སྒྲའི་མདངས་དང་ཚིག་ མགུ་འཐོམ་སི་སི་ཡོད་མི་ལུ་བརྟེན་ ད་རེས་ནངས་པའི་ མི་ཚུ་གིས་ འདི་ལྷབ་ནི་དང་རྐྱབ་ནི་ལུ་ གནམ་མེད་ས་མེད་ཀྱི་ སྤྲོ་སྣང་ཅིག་མི་བསྐྱེད་དོ་ཡོདཔ་ད་ གཞུང་སྒྲའི་གླུ་གཞས་འདི་ མང་ཤོས་ཅིག་ བླམ་དགེ་བའི་བཤེས་གཉེན་དང་ རྣལ་འབྱོར་པ་ སློབ་དཔོན་དང་ འདི་ལས་ ཕམ་དང་ ཆ་རོགས་ཚུ་ལུ་ གཞི་བཞག་སྟེ་བརྩམས་ཨིན་པས། གླུ་གཞས་འདི་ཡང་ བོད་གྱི་རྣལ་འབྱོར་པ་ཅིག་ལུ་ བྱིན་བརླབས་དང་ཆོས་གནང་ཟེར་ གསོལ་བ་བཏབ་ནིའི་དོན་ལུ་ བརྩམས་ཡོདཔ་ཨིནམ་ད་ གླུ་གཞས་འདི་ ཞབས་བྲོ་རྙིངམ་ཚུའི་གྲལ་ལས་གཅིག་འབདཝ་ལས་ འབྱུང་ཁུངས་དང་ བརྩམས་པ་པོ་ཚུ་ ཁ་གསལ་སྦེ་མ་ཤེསཔ་ཨིནར་ུང་ ཆོས་འབྲེལ་གྱི་གླུ་གཞས་འདི་ མང་ཤོས་ཅིག་ དུས་སྟོན་ཁག་ཆེ་ཏོག་ཏོ་དང་  ལྷན་འཛོམས་རེ་འབད་བའི་སྐབས་ རྐྱབ་སྲོལ་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • སྨིན་དྲུག་ལྷ་མོ་
    ལེགས་པས་ལེགས་པས་ལེགས་པས་ས། །ཡ་ལེགས་པའི་ཕྱོགས་སུ་ལ་རྟེན་འབྲེལ་བཟང་། །རྟེན་འབྲེལ་བཟང་།
  • སྨིན་དྲུག་ལྷ་མོ་
    ལྷ་ས་གསེར་གྱི་བཟང་མོ་ནང་ལུ་ས། །ཡ་དབང་ཆེན་དཔོན་མོའི་(པོའི་)ལ་གཟིམ་ཅུང་ཡོད། །ཡོད་ས་ཡོད།
  • སྨིན་དྲུག་ལྷ་མོ་
    དབང་ཆེན་དཔོན་མོའི་(པོའི་)གཟིམ་ཅུང་ནང་ལུ་ས། །ཡ་གྱི་རིང་དཀར་མོ་ལ་ཕྱག་ཤན་ཡོད། །ཡོད་ས་ཡོད།
  • སྨིན་དྲུག་ལྷ་མོ་
    ལྷ་ཅམ་(ས་)གསེར་གྱི་བཟང་མོ་ནང་ལུ་ས། །ཡ་མཚན་ལྡན་བླ་མའི་ལ་གཟིམ་ཅུང་ཡོད། །ཡོད་ས་ཡོད།
  • སྨིན་དྲུག་ལྷ་མོ་
    མཚན་ལྡན་བླ་མའི་གཟིམ་ཅུང་ནང་ལུ་ས། །ཡ་བྱིན་རླབས་སྲུང་སྐུད་ལ་ཡོད་ས་ཡོད། །ཡོད་ས་ཡོད།། །།