Skip to main content Skip to search
01 Sep 2018
4 min 59 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Dema and Karma Deki learned Tsangmo poems as a means of exchanging feelings of love as well as differences of opinion. Tsangmo can be sung individually or in a group, and is often performed during the shading of maize straws at night.

ཤར་ཕྱོགས་ལས ཨིན་མི་ཚུ་ རྩང་མོ་ནང་ལུ་ན་མེད་ས་མེད་སྤྲོ་བ་ཡོདཔ་ཨིན་མས། སྒྲོལ་མ་དང་རྐརྨ་བདེ་སྐྱིད་ གཉིས་ཀྱིས་ཕམ་རྒས་ཤོས་ཚུ་ལས་ལྷབ་ལྷབ་ཨིན་མས།རྩང་མོ་འཐེན་དགོ་མི་དེ་ཡང་ སེམས་ཁ་ལུ་ཡོད་པའི་ཚོར་བ་དང་དགའ་ཝ་ཚུ་ ཕར་ཚུར་རྗེས་སོར་འབད་ཐབས་ལུ་ཨིན་མས། རྩང་མོ་དེ་གེ་ཟ་སྲུང་བའི་སྐབས་ལུ་ འཐེན་སྲོལ་ཡོདཔ་ཨིན་མས། རྩང་མོ་དེ་ རང་རྐྱང་ཡང་ན་ ཆ་རོགས་གཉིས་འབད་འཐེན་སྲོལ་ཡོཔཨིན་མས། ང་བཅས་རའི་ལམ་ལུགས་སྲོལ་ནང་ལུ་ ཁག་ཆེ་ཏོག་ཏོག་ཅིག་ཨིན་མས།

 

Transcript search
No results found for this search
0 of 0
  • སྒྲོལ་མ་ Dema
    [རྡོར་དྲིལ་གསེར་གྱི་སྐུ་ཤོག །མདའ་མོའི་ལྡིའུ་ལི་ཕྲང་སོང་། །མདའ་མོའི་ལྡིའུ་ལི་ཕྲང་སོང་། །?]
  • ཀརྨ་བདེ་སྐྱིད་ Karma Deki
    ཚིག་གསུམ་དར་གྱི་ལ་མདུད་པ། །ཨ་མའི་སྤང་ལ་མེ་ཏོག་ཤར་སོང་། །ལྷ་སའི་བུ་མོས་ལྷ་སའི་གཞུང་ལ་ལོག་འགྲོ། །ཨ་རོགས་ཁམས་པས་ཁམས་པའི་ཡུལ་ལ་ལོག་འགྲོ། །
  • སྒྲོལ་མ་ Dema
    བཞེངས་དང་བཞེངས་དང་བཞེངས་དང་། །རྒྱལ་ཡུམ་ཚེ་དབང་བུ་ཁྲིད། །རྒྱལ་ཡུམ་ཚེ་དབང་བུ་ཁྲིད། །
  • ཀརྨ་བདེ་སྐྱིད་ Karma Deki
    ཚིག་གསུམ་དར་གྱི་ལ་མདུད་པ། །ཨ་མའི་སྤང་ལ་མེ་ཏོག་ཤར་སོང་། །ལྷ་སའི་བུ་མོས་ལྷ་སའི་གཞུང་ལ་ལོག་འགྲོ། །ཨ་རོགས་ཁམས་པས་ཁམས་པའི་ཡུལ་ལ་ལོག་འགྲོ། །
  • སྒྲོལ་མ་ Dema
    བཞེངས་ན་ལྷ་དང་མཉམ་སོང་། །[མ་བཞེངས་སྐུ་ལས་མཚར་སོང་། །མ་བཞེངས་སྐུ་ལས་མཚར་སོང་། །?]
  • ཀརྨ་བདེ་སྐྱིད་ Karma Deki
    ཚིག་གསུམ་དར་གྱི་ལ་མདུད་པ། །ཨ་མའི་སྤང་ལ་མེ་ཏོག་ཤར་སོང་། །ལྷ་སའི་བུ་མོས་ལྷ་སའི་གཞུང་ལ་ལོག་འགྲོ། །ཨ་རོགས་ཁམས་པས་ཁམས་པའི་ཡུལ་ལ་ལོག་འགྲོ། །
  • སྒྲོལ་མ་ Dema
    ནོར་བུ་གླིང་ནས་ཡོང་ཚེ། །ས་བཟང་རྡོ་བཟང་ཡོང་ཡོད། །ས་བཟང་རྡོ་བཟང་ཡོང་ཡོད། །
  • ཀརྨ་བདེ་སྐྱིད་ Karma Deki
    ཚིག་གསུམ་དར་གྱི་མདུད་པ། །ཨ་མའི་སྤང་ལ་མེ་ཏོག་ཤར་སོང་། །ལྷ་སའི་བུ་མོས་ལྷ་སའི་གཞུང་ལ་ལོག་འགྲོ། །ཨ་རོགས་ཁམས་པས་ཁམས་པའི་ཡུལ་ལ་ལོག་འགྲོ། །
  • སྒྲོལ་མ་ Dema
    མགོ་མགོ་ལ་ལ་སླེབས་ཚེ། །ཀྲེ་མོའི་མེ་ཏོག་ཤར་སོང་། །ཀྲེ་མོའི་མེ་ཏོག་ཤར་སོང་། །
  • ཀརྨ་བདེ་སྐྱིད་ Karma Deki
    ཚིག་གསུམ་དར་གྱི་མདུད་པ། །ཨ་མའི་སྤང་ལ་མེ་ཏོག་ཤར་སོང་། །ལྷ་སའི་བུ་མོས་ལྷ་སའི་གཞུང་ལ་ལོག་འགྲོ། །ཨ་རོགས་ཁམས་པས་ཁམས་པའི་ཡུལ་ལ་ལོག་འགྲོ། །
  • སྒྲོལ་མ་ Dema
    ལྷ་ས་ཕྱོགས་ནས་ཡོང་ཚེ། །རྟ་རྐྱང་མི་རྐྱང་ཐུག་སོང་། །རྟ་རྐྱང་མི་རྐྱང་ཐུག་སོང་། །
  • ཀརྨ་བདེ་སྐྱིད་ Karma Deki
    ཚིག་གསུམ་དར་གྱི་མདུད་པ། །ཨ་མའི་སྤང་ལ་མེ་ཏོག་ཤར་སོང་། །ལྷ་སའི་བུ་མོས་ལྷ་སའི་གཞུང་ལ་ལོག་འགྲོ། །ཨ་རོགས་ཁམས་པས་ཁམས་པའི་ཡུལ་ལ་ལོག་འགྲོ། །
  • སྒྲོལ་མ་ Dema
    ཨ་མ་ཚེ་རིང་གཡང་སྒྲོན། །ཕར་འགྲོ་ཚུར་འགྲོ་མ་བྱེད། །ཕར་འགྲོ་ཚུར་འགྲོ་མ་བྱེད། །
  • ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema
    ཚིག་གསུམ་དར་གྱི་ལ་མདུད་པ། །ཨ་མའི་སྤང་ལ་མེ་ཏོག་ཤར་སོང་། །ལྷ་སའི་བུ་མོས་ལྷ་སའི་གཞུང་ལ་ལོག་འགྲོ། །ཨ་རོགས་ཁམས་པས་ཁམས་པའི་ཡུལ་ལ་ལོག་འགྲོ། །
  • ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema
    ལགས་སོ་ལགས།། །།