Skip to main content Skip to search
07 Jun 2018
15 min 50 sec
Rinchen Dorji
Video Overview
Creators: 
penchela, Ugyen Phuntsho

Few Dagap communities have the tradition of an annual archery match, or Lodha. This particular local song was sung by Ap Dorji during the Lodha match at Balung village. Today Ap Dorji is the only person familiar with this song, which beseeches the local deities from Ralung (Tsangpa Garey), Langkar Langtoed (Chizhi Lam) and from Talo Gönpa Kuntu Zangmo, requesting blessings of timely rainfall, prosperity, and the eradication of all evils in the village. The event took place at Sersho Pang. 

༉  ང་བཅས་རའི་ རྒྱལ་ཡོངས་ཀྱི་མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ རང་ལུགས་ཀྱི་ཞབས་བྲོ་རྐྱབ་སྲོལ་ཡོདཔ་བཞིན་དུ་ གླུ་གཞས་འདི་འབད་བ་ཅིན་ དར་དཀར་ན་རྫོང་ཁག་གི་ ལ་རྒྱབ་རྒེད་འོག་ བ་ལུང་གཡུས་ཚན་ནང་ ཡོངས་གྲགས་ཡོད་མི་ ལོ་མདའ་རྐྱབ་པའི་སྐབས་འཐེན་སྲོལ་ཡོད་པའི་གླུ་གཞས་འདི་ རྡོ་རྗེ་གིས་འཐེན་འཐེན་ཏེ་འདུག ཏེ་གཡུས་སྒོ་འདི་ནང་ གླུ་གཞས་འདི་ཤེས་མི་ རྡོ་རྗེ་རྐྱངམ་ཅིག་ལས་མེདཔ་ལས་ ཉམས་ནི་གུ་ཐུག་སྟེ་ཡོདཔ་ད་ གླུ་གཞས་ཡང་གཙོ་བོ་ར་ བོད་ར་ལུང་གི་ཆོས་སྐྱོང་སྲུང་མ་དང་ གླིང་དཀར་སྟོད་ དེ་ལས་རྟ་ལོག་དགོན་པའི་སྲུང་མ་ ཀུན་ཏུ་བཟང་མོ་ཚུ་ལུ་གསོལཝ་བཏབ་སྟེ་ ཁོང་གི་གཡུས་སྒོ་ནང་ ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ནི་དང་ བདུད་དང་བར་ཆད་ཚུ་ རྩ་མེད་བཏང་གནང་ཟེར་ གསོལ་འདེབས་ཕུལཝ་ཨིན་མས། བ་ལུང་གཡུས་ཚན་ནང་ ལོ་མདའི་དུས་སྟོན་འདི་ ལོ་ལྟར་བཞིན་དུ་ གསེར་ཤོག་ཟེར་ས་ འགོ་འདྲེན་འཐབ་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • ཨཔ་རྡོེ།
    Ap Dorji: གསུང་ལེགས་རང་ལེགས་སོ་ལེགས་རང་ལེགས། གསུང་ལེགས་པའི་ཕྱོགས་སུ་རྟེན་འབྲེལ་སྨོན་ལམ་བཟང་།
  • ཨཔ་རྡོེ།
    Ap Dorji: གཞས་རོགས་ཀྱིས་འ་ནཱི་སྦེ་འཐེནམ་ཨིན་ལགས། གསུང་ལེགས་རང་ལེགས་སོ་རྟེན་འབྲེལ་བཟང་ཟེར། དེ་ལས་ད་ གཞས་དཔོན་གྱིས་འདི།
  • ཨཔ་རྡོེ།
    Ap Dorji: གནམ་འཁོར་ལོ་རྩིབས་བརྒྱད་སྤུབས་པའི་གཞོལ། ས་པདྨ་འདབ་བརྒྱད་ཐིང་པའི་ནང་། བར་བཀྲ་ཤིས་རྟགས་བརྒྱད་ཚངས་པའི་དབྱངས། ངེ་ཚངས་པའི་དབྱངས་ལས་གསུང་ཞུ་དགོས།
  • ཨཔ་རྡོེ།
    Ap Dorji: ཉིནམ་ཁ་ཙ་ཉིན་མོ་དཔལ་ཨིན་ལ། ཉིནམ་ད་རིས་ཉིན་མོ་འབྲུག་ཨིན་ལ། དཔལ་[འབྲུག་མཆོག་?]དཔལ་གྱི་ཉི་མ་ལུ། ངེ་ཡར་ལ་དཀར་པོའི་ལྷ་གསོལ་དོ།
  • ཨཔ་རྡོེ།
    Ap Dorji: ངེ་མར་ལ་ནག་པོའི་སྲི་གནོན་དོ། ན་བར་ལས་ཕྱྭ་དང་གཡང་ཁུག་དོ། ཡ་བོད་ཁམས་དག་པའི་ཞིང་ཁམས་ལས། གནས་གངས་ཆེན་དང་བོད་ཀྱི་ཆོས་སྲུང་བྱོན།
  • ཨཔ་རྡོེ།
    Ap Dorji: ནཱ་བྱོན་ཅིག་བྱོན་ཅིག་ངེའི་ཆོས་སྲུང་། དུས་ཨ་རྟག་ག་བཞུགས་ཕྱོགས་ལུ་བྱོན། ནཱ་ད་རིས་བཞུགས་པའི་ཕྱོགས་ལུ་བྱོན། ཐུགས་རུ་ང་ལ་(དང་)ཕྲག་དོག་མ་མཛད་ལ། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ་བྱོན་དགོ་ལ་ཟེར་ ཡར་གངས་ཆེན་དང་བོད་ཀྱི་ཆོས་སྲུང་ ཡར་བོད་གངས་ཅན་གྱི་ཆོ་སྲུང་ཨིན་ལགས་ཡར།
  • ཨཔ་རྡོེ།
    Ap Dorji: འབྲུག་ར་ལུང་གནས་ཀྱི་གདན་ས་ཡ། ངེ་འགྲོ་མགོན་གཙང་པ་རྒྱ་རས་བྱོན། ནཱ་བྱོན་ཅིག་བྱོན་ཅིག་ངེའི་རྒྱ་རས། ཐུགས་རུ་ང་དང་ཕྲག་དོག་མ་མཛད་ལ། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ་བྱོན། གནས་ཨ་རྟག་ག་བཞུགས་ཕྱོགས་ལུ་བྱོན་དགོ་ལགས། ན་ད་རིས་བཞུགས་པའི་ཕྱོགས་ལུ་བྱོན། ན་ད་རིས་བཞུགས་པའི་ཕྱོགས་ལུ་བྱོན་དགོ་ལགས།
  • ཨཔ་རྡོེ།
    Ap Dorji: འ་ནཱི་འདི་ང་བཅས་ ཧེ་མ་ཞབས་དྲུང་གིས་རོགས་ ང་བཅས་ ད་ང་བཅས་འབྲུག་ར་ལུང་ཁ་ལུ་ ཏེ་གནས་བདག་ཨིན་མས་ལ་ཕར་གྱི་ཆོས་སྐྱོང་ཨིན་མས་ལགས།
  • ཨཔ་རྡོེ།
    Ap Dorji: གླང་སྤྱི་གཞི་གླང་དཀར་གླང་སྟོད་ལས། ངེའི་སྤྱི་གཞི་བླམ་དང་དཀོན་མཆོག་བྱོན། དུས་ཨ་རྟག་ག་བཞུགས་ཕྱོགས་ལུ་བྱོན། ནཱ་ད་རིས་བཞུགས་པའི་ཕྱོགས་ལུ་བྱོན་དགོ་ལགས། ཐུགས་རུ་ང་དང་ཕྲག་དོག་མ་མཛད་བྱོན། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ་བྱོན་དགོ་ལགས།
  • ཨཔ་རྡོེ།
    Ap Dorji: ལོ་ན་ཧིང་ཟེར་ཏེ་མ་ཧ་ལ། ལོ་ནི་དུས་ཅི་ཟེར་ཏེ་མ་ཕྱི་ལ། ངེའི་ལོ་དུས་དང་ཞག་གི་མཆོད་པ་བཞེས་དགོ་ལགས།
  • ཨཔ་རྡོེ།
    Ap Dorji: ཏེ་འ་ནཱི་སྤྱི་གཞི་གླང་དཀར་གླང་སྟོད་ཀྱི་ སྤྱི་གཞི་བླམ་དང་དཀོན་མཆོག་འདི་ ད་ལྟོ་ང་བཅས་ནཱ་བསྟེན་དོ་ལགས་ ཁོང་གཉིས་གསུམ་ཅིག་གིས། དེ་ལས་ཡར་
  • ཨཔ་རྡོེ།
    Ap Dorji: དགོན་རྟ་ལོག་དཔལ་གྱི་དགོན་པ་ལས། ངེའི་རྟ་ལོག་ཀུན་ཏུ་བཟང་མོ་བྱོན། དུས་ཨ་རྟག་ག་བཞུགས་ཕྱོགས་ལུ་བྱོན། ནཱ་ད་རིས་བཞུགས་པའི་ཕྱོགས་ལུ་བྱོན་དགོ་ལགས། ལོ་ན་ཧིང་ཟེར་ཏེ་མ་ཧ་ལ། ལོ་ནི་འདི་ཅིག་ཟེར་ཏེ་མ་ཕྱི་ལ། ལོ་དུས་ཞག་གི་མཆོད་པ་བཞེས། ངེའི་ལོ་དུས་ཞག་གི་མཆོད་པ་བཞེས་དགོ་ལགས་ཟེར་
  • ཨཔ་རྡོེ།
    Ap Dorji: ཡར་ལས་ང་བཅས་ཀྱི་ད་ གཙོ་བོ་ཞུ་ནི་འདི་འ་ནཱི་ཨིན་ལགས། ཏེ་གངས་ཆེན་དང་བོད་ཀྱི་ཆོས་སྲུང་ དེ་ལས་ ད་ང་བཅས་ ར་ལུང་གནས་ཀྱི་གདན་ས་ལས། དེ་ལས་སྤྱི་གཞི་གླང་དཀར་གླང་སྟོད་ལས། དེ་ལས་རྟ་ལོག་དཔལ་གྱི་དགོན་པ་ལས། ཏེ་ཆོས་སྲུང་ཀུན་ཏུ་བཟང་མོ་ཞུ། དེ་ལས་ལོག་སྟེ་ ཁོང་ནཱ་ཞུ་ཞིན་ན་སྦེ་ དེ་ལས་ཁོང་ལུ་གསོལཝ་བཏབ་ཨིན་ལགས།
  • ཨཔ་རྡོེ།
    Ap Dorji: ཐུགས་རུ་ང་དང་ཕྲག་དོག་མ་མཛད་བྱོན། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ་བྱོན་དགོ་ལགས། ལོ་ན་ཧིང་ཟེར་ཏེ་མ་ཧ་ལ། ལོ་དུས་ཅི་ཟེར་ཏེ་མ་ཕྱི་ལ། ངེའི་ལོ་དུས་དང་ཞག་གི་མཆོད་པ་བཞེས། ན་ལོ་དུས་དང་ཞག་གི་མཆོད་པ་བཞེས་དགོ་ལགས།
  • ཨཔ་རྡོེ།
    Ap Dorji: ན་ཕྱི་གི་དར་དཀར་ལུང་གསུམ་ན། ནང་སྐོར་གི་བ་ལུང་གདང་རས་ལུ། ནཱ་རྒྱལ་བའི་བསྟན་པ་ཤོར་མ་བཅུག ནཱ་རྒྱལ་བའི་བསྟན་པ་ནུབ་མ་བཅུག
  • ཨཔ་རྡོེ།
    Ap Dorji: ཐུགས་ས་དང་སྲི་ཁེགས་ནས་བྱོན། ད་བཙའ་དང་མུ་གེ་[རྒོད་ཁ་སློག་?]སྟེ་བྱོན་དགོ་ལ། སྟོད་བྱང་བྱང་ཉིད་ལས་རྒྱུན་མ་ཆད། འོག་འཁྱིལ་འཁྱིལ་ཉིད་ཀྱི་མཚོ་མ་སྐམ། ནཱ་གྲོང་སྟོད་གསེར་གྱི་པེ་ཏ་ཆགས། ངེའི་པེ་ཏ་སྐེ་ལས་འབྲལ་མ་བཅུག
  • ཨཔ་རྡོེ།
    Ap Dorji: མ་གྲོགས་མོ་གཡུ་ཡི་གཞོང་མོ་(པ་)ཆགས། ངེའི་གཞོང་མོ(པ་)་གཤམ་ལས་རྡོལ་མ་བཅུག བར་གདུང་གི་འཁོར་ལོ་འཁྱིལ་ས་ཡ། ངེའི་འཁོར་ལོ་རླུང་གིས་གཡབ་མ་བཅུག
  • ཨཔ་རྡོེ།
    Ap Dorji: ནཱ་ལོ་ཕྱུགས་རྟག་ཏུ་ལེགས་ཏེ་བྱོན། ནཱ་ཆར་ཆུ་དུས་སུ་འབབ་སྟེ་བྱོན་དགོ་ལགས། ན་ཆེཝ་འགོ་ལས་ཡལ་མ་བཅུག ན་ཆུང་མ་ཕངམ་ལས་ཤོར་མ་བཅུག
  • ཨཔ་རྡོེ།
    Ap Dorji: ངེའི་བ་མོ་རྐྱེན་གྱིས་རྐྱབ་མ་བཅུག ན་བཏབ་ཚད་སྨོན་ལམ་ཐེབས་དགོ་ལགས། ངེའི་རྒས་པ་རྣམས་སུ་ཚེ་བསྲིང་ཤོག ངེའི་གཞོན་པ་རྣམས་སུ་དཔལ་ཐོབ་ཤོག དཔལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཨིན། དཔལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་སྨོན་ལམ་ཨིན།
  • ཨཔ་རྡོེ།
    Ap Dorji: ལོ་ན་ཧིང་དགའ་དང་དུས་ཅི་སྐྱིད། ནཱ་དགའ་སྐྱིད་འཛོམས་པའི་རྟེན་འབྲེལ་སྨོན་ལམ་ཞུ། ཟེརཝ་ཅིག་དེ་ལས་ཡར་ འབའ་ཅོ་དང་པ་གི་འདི་ ཨ་ནཱིམ་ཅིག་སྦེ་མཇུག་བསྡུཝ་ཨིན་ལགས།། །།