Skip to main content Skip to search
01 Sep 2018
15 min 21 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Sangay Dorji from Jabshok village in Sakteng Gewog (county) in Trashigang district, sings a Boedra song called "Bjamo Serbja". It is sung during marriage ceremonies in the Sakteng community. The lyrics of the song calls the bride or groom in the house with the aim of achieving prosperity and wellbeing of the family from the day he/she enters the house of the spouse. The song describes the bride as a golden hen and summons this spirit as an auspicious sign that aspires to bring timely rainfall in the community, bring eternal immortality to the family, blossom flowers from the tree and provide long life to the family members. Thus, it also a kind of supplication song to the golden hen in order to bring peace and tranquility to the family after the entrance of the new bride. The same song was also sang by Minjur from Borongmang village in Sektang Gewog.

༉  བྱ་མོ་གསེར་བྱ་ཟེར་བའི་བོད་སྒྲའི་གླུ་གཞས་འདི་ སག་སྟེང་གི་ལུང་ཕྱོགས་ནང་ གཉེན་གྱི་རྟེན་འབྲེལ་གྱི་སྐབས་སུ་འཐེན་སྲོལ་ཡོད་མི་གཞན་དང་མ་འདྲ་བའི་གླུ་གཞས་ཅིག་ཨིནམ་ད་ སག་སྟེང་རྒེད་འོག་ རྒྱབ་ཤོག་གཡུས་ཚན་ལས་ སངས་རྒྱས་རྡོ་རྗེ་གིས་འཐེནམ་ཨིན་པས། གླུ་གཞས་འདི་ནང་ བུམོ་འདི་ཁྱིམ་ནང་མནའམ་སྦེ་འོང་ཞིནམ་ལས་ བཟའ་ཚང་ནང་ཞི་བདེ་དང་དགའ་སྐྱིད་འབྱུང་བཅུག་ཟེར་བའི་རེ་སྨོན་དང་བཅསཔ་སྦེ་ ཁྱིམ་ནང་མནའམ་སྦེ་འཛུལ་མི་བུམོ་འདི་ གསེར་གྱི་བྱམོ་བཟུམ་ཅིག་ལུ་ཆ་བཞག་སྟེ་ མནའམ་དེ་ཁྱིམ་ནང་འཛུལ་བའི་ཉིནམ་ལས་ གཡུས་ཁ་ལུ་ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ཏེ་ ནཝ་ཚཝ་མེད་ བཟའ་ཚང་ནང་དགའ་སྐྱིད་འབྱུང་བཅུག་ཟེར་བའིའ་སྨོན་ཚིག་ཚུ་འཐོནམ་ཨིན་མས།

Transcript search
No results found for this search
0 of 0
  • སངས་རྒྱས་རྡོ་རྗེ
    ང་བཅས་ སག་སྟེང་པ་གི་ ཏེ་ གཉེན་རྐྱབ་པའི་སྐབས་ལུ་ ཏེ་ རྟེན་འབྲེལ་གྱི་ཞབས་བྲོ་རྐྱབ་ནི་ཡོད། ཏེ་ ད་ གཉེན་ཟེར་མི་འདི་ ག་དེ་སྦེ་སྨོ་ཟེར་ན་ ཏེ་ བུ་ཕར་ལུ་རྨགཔ་བཏང་རུང་ ཏེ་ བུམོ་ཕར་ལུ་རྨགཔ་ གནསམོ་བཏང་རུང་ ཡང་ན་བུཚུ་བཟུམ་ཅིག་ནང་ རྨགཔ་སྦེ་ལེན་རུང་ བུམོ་བཟུམ་ཅིག་ཚུར་ལུ་གནསམོ་ལེན་རུང་ ཏེ་ ང་བཅས་གཉེན་འབདཝ་ད་ལུ་ ཏེ་ རྟེན་འབྲེལ་ཞབས་བྲོ་མ་འདྲཝ་ལེ་ཤ་ཡོད། ཏེ་ ཨ་ནཱ་ནང་ལས་ ཁག་ཆེ་ཤོས་གཅིག་དེ་ཅིག་ ཞབས་བྲོ་ལེའུ་གཅིག་དེ་ཅིག་ ཏེ་ ཞུ་གེ་ཟེར་ཞུ་ནི་ཨིན་ལགས།
  • སངས་རྒྱས་རྡོ་རྗེ
    ཨ་ཉུ་ཏ་ གསེར་བྱ་མུ་ཤོགས་ ཨོ་ བྱ་ཉ་ཅིག །ཡར་ཡར་དགུང་མེད་རྩེ་ལ་ གནས་ལ་བཞུགས། །
    ཧེ་ཤོག་ ཨ་ཉུ་ཏ་ གསེར་བྱ་མུ་ཤོག གསེར་བྱ་ལེགས། །
    ཕར་ལ་དགུང་ལས་ཐོབ་པའི་ ཨོ་བཀྲ་ཤིས་ཤོག །ཨོ་སྨོན་ལམ་ཞུ། །
  • སངས་རྒྱས་རྡོ་རྗེ
    ཨོ་བཀྲ་ཤིས་སྨོན་ལམ་ཞུ། །སྐུ་ཚེ་ལ་བྲག་ལས་བརྟེན་པའི་ བཀྲ་ཤིས་ཤོག །ཨོ་སྨོན་ལམ་ཞུ། །
    ཨེ་ཤོག་ ཨ་ཉུ་ཏ་ གསེར་བྱ་མུ་ཤོག ཤོག་སྒྲོ་གཡས་པ། །ཕར་ཕར་བྲག་མེད་རྩེ་ལ་ ཨོ་གནས་ལ་བཞུགས། །
  • སངས་རྒྱས་རྡོ་རྗེ
    ཨོ་བཀྲ་ཤིས་ཤོག་ སྨོན་ལམ་ཞུ། །
    ཨོ་ཤོག ཨ་ཉུ་ཏ་ གསེར་བྱ་མུ་ཤོག ཨོ་ཤོག་སྒྲོ་གཡོན་པ། །ཚུར་ཚུར་ ཤིང་མེད་རྩེ་ལ་ ཨོ་གནས་ལ་བཞུགས། །
    ཤིང་ལ་མེ་ཏོག་འབབ་པའི་ བཀྲ་ཤིས་ཤོག ། ཨོ་སྨོན་ལམ་ཞུ། །
  • སངས་རྒྱས་རྡོ་རྗེ
    ཨོ་བཀྲ་ཤིས་ཤོག་ སྨོན་ལམ་ཞུ། ། མི་རྒས་ཆུ་ལས་རིང་བའི་ ཨོ་སྨོན་ལམ་ཞུ། །ཨོ་ བཀྲ་ཤིས་སྨོན་ལས་ཞུ། །
    ཧེ་ཤོག་ ཨ་ཉུ་ཏ་ གསེར་བྱ་མུ་ཤོག ཨོ་མཇུག་སྒྲོ། ། མར་མར་ ཆུ་མོའི་གཞུང་ལ་ ཨོ་གནས་ལ་བཞུགས། །
  • སངས་རྒྱས་རྡོ་རྗེ
    ཨོ་བཀྲ་ཤིས་ཤོག་ སྨོན་ལམ་ཞུ། །ཁྱིམ་ལ་ཟས་ནོར་འཛོམས་པའི་ ཨོ་བཀྲ་ཤིས་ཤོག་ ཨོ་སྨོན་ལམ་ཤོག །
    ཧེ་ཤོག་ ཨ་ཉུ་ཏ་ གསེར་བྱ་མུ་ཤོག ཨོ་དེར་མ་ཅིག། །ཚུར་ཚུར་ ཁང་ཁྱིམ་རྩེ་དུ་ ཨོ་གནས་ལ་བཞུགས། །
  • སངས་རྒྱས་རྡོ་རྗེ
    ལགས་སོ་ལགས། ད་ གཉེན་གྱི་ཞབས་བྲོ་ཟེར་རུང་ཨ་ནཱི་བཟུམ་མས། ཨ་ནཱི་ཅིག་ཨིན་རུང་ ད་ ཨ་ནཱི་དང་འཕྲོ་མཐུད་དེ་ ཏེ་ ང་བཅས་ཀྱི་མགར་པ་གཏོང་བཙན་སླབ་མི་ ཏེ་ གཉེན་གྱི་བར་ན་བློ་སླབ་བྱིན་མི་ མིང་འདི་ མགར་པ་གཏོང་བཙན་སླབ་ཨིན་ལགས། ཏེ་ ད་ མགར་པ་གཏོང་བཙན་གིས་ཐད་ཁར་ལྷོདཔ་ད་ ཏེ་ ད་ བྲོ་ཚིག་གཅིག་གཉིས་དེ་ཅིག་ ང་གིས་སླབ་ད་ ཞབས་བྲོ་རྐྱབ་ཚརཝ་ཅིག་འཕྲོ་མཐུད་དེ་ བློ་ཚིག་གཅིག་གཉིས་དེ་ཅིག་ཡོད། ཨ་ནཱི་ཚིག་གཅིག་དེ་ཅིག་ ང་གིས་ཞུ་གེ་ཟེར་ཞུ་ནི་ཨིན་ལགས།
  • སངས་རྒྱས་རྡོ་རྗེ
    ད་ ཨིན་རུང་ ང་བཅས་འཇིག་རྟེན་མི་ནག་པའི་ལམ་ལུགས་སྲོལ་ལུ་ལྷོདཔ་ད་ ཏེ་ མོ་ལུ་ཕོ་དགོ་པའི་ ཕོ་ལུ་མོ་དགོ་པའི་ཟེར་ ཏེ་ ད་ མོ་ལུ་ཕོ་མེད་པ་ཅིན་ མ་བཏུབ་བཟུམ་ཅིག་ ཕོ་ལུ་མོ་གཅིག་མེད་རུང་མ་བཏུབ་དོ་བཟུམ་ཅིག་ ཏེ་ ད་ ང་བཅས་ར་དང་པོ་སངས་རྒྱས་ཀྱིས་མཛད་བཞགཔ་ལས་བརྟེན་ཏེ་ ཏེ་ ཨ་ཙི་ཙི་ ག་ཅི་ལས་ཨིན་ན་ཟེར་བ་ཅིན་ ཏེ་ ད་ བུ་གི་ཨ་པ་དང་ཨའི་ཚུ་གིས་ཨ་ཙི་ཙི་ བུམོ་གིས་ཨཔ་དང་ཨའི་འབད་སར་སོང་། ཏེ་ གསོལ་བཏབ་འབད། གསོལ་བ་བཏབ། ཏེ་ ཨ་ཙི་ཙི་ ད་ རྩ་བའི་གཙུག་ཤིག་ནོར་བུའི་ཕྲེང་བ་ཟེར་སླབ་མི་ ཏེ་ ས་ཙི་ཙི་ རྩ་བ་ཅིག་དགོ་ནི་མས།
  • སངས་རྒྱས་རྡོ་རྗེ
    བུཚུ་གི་ཨཔ་དང་ཨའི་ཚུ་གིས་ཨིན་རུང་ བུ་མོའི་ཨཔ་དང་ཨའི་ལུ་གསོལ་བ་བཏབ་ ཏེ་ གསོལ་བ་བཏབ་ཙམ་ཅིག་སྦེ་རུང་ ཨ་ཙི་ཙི་ ཏེ་ ང་བཅས་རའི་ འཇིག་རྟེན་པའི་ཁ་རྒྱུན་སླབ་མི་ དཔྱེ་འབད་བ་ཅིན་ ཏེ་ མེ་ཏོག་ཡོད་ས་ལུ་ གསེར་སྦྱངམ་འཁོར་མི་དང་ ཏེ་ ད་ ང་བཅས་ཤུལ་ཡོད་ས་ལུ་ ཆུ་ལེན་སོང་བའི་དཔེ་དང་འདྲཝ་ཅིག་འབད་ ད་ ཏེ་ ང་བཅས་ར་སོངམ་ད་ལུ་ ཨིན་རུང་ཡང་ བུ་དང་བུམོ་གི་ཨཔ་དང་ཨའི་ཚུ་སྦེ་རུང་ ཏེ་ ཨ་ཙི་ཙི་ ཆུ་ལུ་སོངམ་པ་ཅིན་ ཆུ་(བྲོང་)ཏོངམ་མེནམ་ཅིག་ ཤིང་ལུ་འགྱོ་བ་ཅིན་ཤིང་མེད་པར་ ཁུར་ཆ་ཏོངམ་མེནམ་ཅིག་གནང་།
  • སངས་རྒྱས་རྡོ་རྗེ
    ཏེ་ གསོལ་རས་གནང་བ་ཙམ་གྱི་ ཏེ་ ད་རེས་ཨ་ཙི་ཙི་ གནམ་ལ་སྐར་མ་མདངས་ ས་ལ་རྒྱུ་སྐར་ འཕགས་པ་འཇམ་དཔལ་དབྱངས་ཀྱིས་ མོ་རྩིས་གནང་སྟེ་ ཏེ་ད་རེས་ ཉིནམ་ད་རེས་སྦེ་རུང་ ཨ་ཙི་ ཁྱོད་བུ་དང་བུམོ་ཨིན་རུང་ མི་ལ་མིང་དང་ (ཚོན་ལ་གཡོ་) ཕོ་ལ་མོ་དང་ མོ་ལ་ཕོ་ཟེར་ མིང་བཏགས་ཏེ་ ཉིནམ་ད་རེས་ལས་ཕར་ རྟགས་དང་རྟེན་འབྲེལ་ཕུལ་ རྟགས་དང་རྟེན་འབྲེལ་ཕུལ་བ་ཙམ་གྱི་ཨིན་རུང་ ཨ་ཙི་ཅིག་ ཁྱོད་བུ་དང་བུམོ་ཨིན་རུང་ ཏེ་ ད་ མི་བརྒྱུད་འདི་ ཆུ་ལས་རིང་ མགོ་གཡུ་དྲུག་དཀར་ བྱ་གཡུ་ལས་སྔོན་ བཟོ་མུ་ཏིག་ལས་ཕྱུགཔོ་སྦེ་བཞུགས། ཏེ་ ཁྱོད་གཉིས་ཀྱི་ར་སྦེ་རུང་ གཡས་ལས་བུ་སྐྱེས་ (དངས་) གི་དགྲ་བཏུལ་ གཡོན་ལས་བུམོ་སྐྱེས་བྱམས་པའི་གཉེན་སྐྱོངས།
  • སངས་རྒྱས་རྡོ་རྗེ
    ཏེ་ བུ་གཞི་བཟང་པོ་འདི་ཨ་པའི་ཚབ་སྦེ་ གནསམོ་བཟང་པོ་འདི་ཨའི་གིས་ཚབ་སྦེ་ ད་ ཏེ་ བསྟན་པའི་མངའ་ཐང་དར་ཏེ་ ཁྱོད་གཉིས་ཨིན་རུང་ ཟས་ནོར་ཕུན་སུམ་ཚོགས་ཏེ་ ཕ་མ་རྒན་རྒས་ཨིན་རུང་ སྐུ་ཚེ་རིངམོ་སྦེ་བཞུགས། ཨེ་ཧེང་ ཏེ་ ཁྱོད་ཀྱི་ཨ་པ་ཨའི་གཉིས་དང་ ཨ་ལོ་ཚུ་གིས་(འབྲས་བ་ཚེ་བ་)འབད་རུང་ ཨང་རྒས་ཨ་རྒས་ཚུ་ལུ་ཕྱག་ཞུ་སྟེ་ ཏེ་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེ་གཞུང་གི་ཕྱག་ཞུ་སྟེ་ ཨ་ལོ་ཆུང་ཀུ་ཚུ་ ཁྱོད་གཉིས་ཀྱི་ གཡས་ལས་བུ་དང་ གཡོན་ལས་བུམོ་སྐྱེས་མི་འདི་ སློབ་གྲྭ་ནང་བཙུགས་ མི་དབང་མངའ་བདག་རིན་པོ་ཆེ་ཕྱག་ཞུ་སྟེ་ བསྟན་པའི་མངའ་ཐང་དར་ མི་བརྒྱུད་ཆུ་ལས་རིང་ བྱ་འདྲེ་ལུ་འཛོམས་དོ་བཟུམ་ ཁང་ཁྱིམ་འདི་ནང་ལུ་འབད་རུང་ ཁྱོད་ཕ་སྤད་མ་སྨད་ཚུ་སྦེ་རུང་ ཁྱོད་ཨ་ནེ་ཨ་ཞང་འབད་རུང་ རྩེ་ཐོག་འབྲུ་གིས་ཁང་ ཏེ་ ལྷ་ཡི་བང་མཛོད་དང་མཉམ་ བར་ཐོག་མི་ཡི་གང་ ལྷ་ཚེ་རིང་དཔལ་དང་མཉམ་ འོག་ཐོག་རྟ་གི་གང་ རྟ་ངང་པ་དང་མཉམ་ རྒན་རྒས་ཀྱི་ཚེ་རིང་ གཞོན་གཞོན་གྱི་དཔལ་སྐྱིད་བཞུགས་ནི་གི་ སྨོན་ལམ་ཚིག་གཅིག་ཞུ་གེ་ཟེར་ཞུ་ནི་ཨིན་ལགས། ལགས་སོ།