Skip to main content Skip to search
28 Aug 2018
4 min 26 sec
Ariana Maki
Video Overview
Creators: 
Sonam Tobgye

This particular song is an old Boedra song, that describes about a beautiful village which was equalized or compared with a gold, silver and turquoise with beautiful women living in the village. The song is requesting men to love the women from the village that would lead to happiness to all the people living in the community as well as people coming from outside village. Thus, the song request the men to stay as a husband to the women in the village, since the village is beautiful filled with resources that was disclosed as precious jewelleries. 

 

བོད་སྒྲའི་གླུ་གཞས་རྙིངམ་འདི་ནང་ གསེར་དང་དངུལ་གཡུ་དང་འདྲ་བའི་ གཡུས་དགའ་འཇའ་ཆི་ཆི་སྦེ་དགའ་ཏོག་ཏོ་ཅིག་ནང་ བུམོ་འཇའ་རིངམོ་ལེ་ཤ་ཅིག་སྡོད་མི་ཚུ་ལུ་ བུཚ་ཚུ་གིས་དགའ་བ་ཅིན་ གཡུས་སྒོ་འདི་ནང་སྡོད་མི་དང་ ཕྱི་ལས་འོང་མི་ཆ་མཉམ་ལུ་ ཞི་བདེ་དང་དགའ་སྐྱིད་འབྱུང་འོང་ཟེར་མས། གླུ་གཞས་འདི་ནང་ གནད་དོན་ག་ཅི་ལས་འབད་རུང་ གཡུས་འདི་ཕུན་སུམ་ཚོགས་པའི་ རིན་ཆེན་ནོར་བུ་བཟུམ་ཅིག་འབདཝ་ལས་ ཕོ་རྒྱ་འདི་ཚུ་ གཡུས་འདི་ཁའི་ བུམོ་ཚུ་དང་མཉམ་ཅིག་ གཉེན་རྐྱབ་སྡོད་ཟེར་སླབ་མས། 

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    འདི་ནས་ཕར་སོང་ཕར་ལ་ཕྱིན་སོང་། །ཨ་རོགས་ཚོ། ལུང་པ་གསེར་གྱི་ལུང་ལ་སླེབས་སོང་ཨའེ། །ལུང་པ་གསེར་གྱི་ལུང་ལ་སླེབས་སོང་ཨའེ། ། གསེར་གྱི་བུ་མོ་ཁ་མདོག་མཚར་སོང་། །ཨ་རོགས་ཚོ། ད་དགུང་སྡོད་པའི་གནས་ཚང་ཅིག་བརྙ་གེ་ཨའེ། །ད་དགུང་སྡོད་པའི་གནས་ཚང་ཅིག་བརྙ་གེ་ཨའེ། ། གནས་པོ་དགའ་ལ་མགྲོན་པོ་སྐྱིད་སོང་། །ཨ་རོགས་ཚོ། སང་ཤོག་འགྲོ་བའི་ལམ་བུ་ཅིག་སྟོན་གནང་ཨའེ། །སང་ཤོག་འགྲོ་བའི་ལམ་བུ་ཅིག་སྟོན་གནང་ཨའེ། །
    I reached there my mates, had reached at the valley of gold. Golden lady were beautiful my mate, lets beg some lodging. Host were happy and guest were peaceful my mates, direct us tomorrows way please.
  • སེངྒེ་བཟང་མོ་ Singye Zangmo
    འདི་ནས་ཕར་སོང་ཕར་ལ་ཕྱིན་སོང་། །ཨ་རོགས་ཚོ། ལུང་པ་དངུལ་གྱི་ལུང་ལ་སླེབས་སོང་ཨའེ། །ལུང་པ་དངུལ་གྱི་ལུང་ལ་སླེབས་སོང་ཨའེ། ། དངལུ་གྱི་བུ་མོ་ཁ་མདོག་མཚར་སོང་། །ཨ་རོགས་ཚོ། ད་དགུང་སྡོད་པའི་གནས་ཚང་ཅིག་བརྙ་གེ་ཨའེ། །ད་དགུང་སྡོད་པའི་གནས་ཚང་ཅིག་བརྙ་གེ་ཨའེ། ། གནས་པོ་དགའ་སོང་(ལ་)མགྲོན་པོ་སྐྱིད་སོང་། །ཨ་རོགས་ཚོ། སང་ཤོག་འགྲོ་བའི་ལམ་བུ་ཅིག་སྟོན་གནང་ཨའེ། །སང་ཤོག་འགྲོ་བའི་ལམ་བུ་ཅིག་སྟོན་གནང་ཨའེ། །
    I reached there my mates, had reached at the valley of silver. Silver lady were beautiful my mate, lets beg some lodging. Host were happy and guest were peaceful my mates, direct us tomorrows way please.
  • སེངྒེ་བཟང་མོ་ Singye Zangmo
    འདི་ནས་ཕར་སོང་ཕར་ལ་ཕྱིན་སོང་། །ཨ་རོགས་ཚོ། ལུང་པ་གཡུ་ཡི་ལུང་ལ་སླེབས་སོང་ཨའེ། །ལུང་པ་གཡུ་ཡི་ལུང་ལ་སླེབས་སོང་ཨའེ། ། གཡུ་ཡི་བུ་མོ་ཁ་མདོག་མཚར་སོང་། །ཨ་རོགས་ཚོ། ད་དགུང་སྡོད་པའི་གནས་ཚང་ཅིག་བརྙ་གེ་ཨའེ། །ད་དགུང་སྡོད་པའི་གནས་ཚང་ཅིག་བརྙ་གེ་ཨའེ། ། གནས་པོ་དགའ་ལ་མགྲོན་པོ་སྐྱིད་སོང་། །ཨ་རོགས་ཚོ། སང་ཤོག་འགྲོ་བའི་ལམ་བུ་ཅིག་སྟོན་གནང་ཨའེ། །སང་ཤོག་འགྲོ་བའི་ལམ་བུ་ཅིག་སྟོན་གནང་ཨའེ། །
    I reached there my mates, had reached at the valley of turquoise. Turquoise lady were beautiful my mate, lets beg some lodging. Host were happy and guest were peaceful my mates, direct us tomorrows way please.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།