Skip to main content Skip to search
20 Jun 2018
8 min 5 sec
Rinchen Dorji
Video Overview
Creators: 
Sonam Tobgye

“Yaeki Ginchu," performed in this video by Dechen Peldrön, Jangchub Peldrön and Sonam Dema from Lubi village, is a boedra song about offering music to gods and spirits of three spheres: the gods in the sky, the tsen spirits in the middle, and serpent spirts (nagas) below. The lyrics say that the best offerings of music are made to these figures, as well as the excellent garments of male and female horses.

གཡས༌ཀྱི༌དགུན༌ཆུ༌ཟེར༌བའི༌འབོད༌སྒྲའི༌ཞབས༌ཁྲ༌འདི༌ལུ༌བི༌གཡུས༌ཚན༌ནང༌ལུ༌བདེ༌ཆེན༌དཔལ༌སྒྲོན༌དང༌བྱང༌ཆུབ༌དཔལ༌སྒྲོན༌དེ༌ལས༌བསོད༌ནམས༌སྒྲོན༌མ༌ཚུ༌གིས༌འཐེན༌ཡོདཔ༌ཨིན། འབོད་སྒྲ་འདི་འབྲུག་རྒྱལ་ཁབ་ཀྱི་རང་ལུགས་གླུ་གཞས་ཡོངས་གྲགས་ཅན་དང་རྙིང་ཤོས་ཅིག་ཡང་ཨིན་མས། འབོད་སྒྲ་འདི་སྟེང་ལྷ་དང་བར་བཙན་ དེ་ལས་འོག་ཀླུ་ཚུ་ལུ་མཆོད་པ་ཕུལ་བའི་ཞབས་ཁྲ་གཅིག་ཨིན་མས། གླུ་ཚིག་ལྟར་དུ་འབད་རུང་གོང་གི་ཡུལ་གསུམ་ལུ་རྟའི་རྒྱན་ཆོས་དང་ཕོ་དང་མོའི་མཆོད་སྦྱིན་ཡང་དག་ཚུ་ཕུལཝ་ཨིན་མས། གཡས༌ཀྱི༌དགུན༌ཆུ༌ཟེར༌བའི༌འབོད་སྒྲ་འདི་ཁོ་མ་རྒེད་འོག་ལུ་བི་གཡུས་ཚན་ནང་ལུ་མི་རབས་ལས་རྒྱུད་དེ་འཐེན་ཡོད་པའི་ཞབས་ཁྲ་ གཅིག་ཨིན་མས། ཞབས་ཁྲ་འདི་ཚེས་བཅུ་དང་དུས་སྟོན་ དེ་ལས་ལོ་མཆོད་ཚུ་ནང་ལུ་གཡུས་ཁའི་ཕམ་རྒན་ཤོས་ཚུ་གིས་འཐེན་སྲོལ་འདུག།

Transcript search
No results found for this search
0 of 0
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: སྭོ་ ཡས་ཀྱི་དགུང་སྟོད་མཐོན་པོའི་ཕྱོགས་ཤེད་ན། །འབྲི་མོ་ཨ་མའི་གསུང་སྐད་ལྷང་སེ་ལྷང་། །ཨ་མའི་ལ་གསུང་སྐད་ལྷང་སེ་ལྷང་། །ལྷང་སེ་ལྷང། སྭོ་ མར་དང་འོ་མའི་ཕྱོགས་ནས་ངོམས་པ་མེད། །འབྲི་མོ་ཨ་མ་འཕྲད་ན་དགའ་དགའ་རེད། །ཨ་མ་ལ་འཕྲད་ན་སྐྱིད་སྐྱིད་རེད། །སྐྱིད་ལ་སྐྱིད་རེད།
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: སྭོ་ ཡས་ཀྱི་དགོན་བཟང་ཁྲ་མོའི་ཕྱོགས་ཤེད་ན། །མཚན་ལྡན་བླ་མའི་གསུང་སྐད་ལྷང་སེ་ལྷང། །བླ་མའི་གསུང་སྐད་ལྷང་སེ་ལྷང་། །ལྷང་སེ་ལྷང་། སྭོ་ བྱིན་རླབས་དམ་རྫས་ཕྱོགས་ནས་ངོམ་པ་མེད། །མཚན་ལྡན་བླ་མ་མཇལ་ན་དགའ་དགའ་རེད། །བླ་མ་ལ་མཇལ་ན་སྐྱིད་སྐྱིད་རེད། །སྐྱིད་ལ་སྐྱིད་རེད།
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: སྭོ་ ཡས་ཀྱི་རྫོང་ཆེན་ཁྲ་མོའི་ཕྱོགས་ཤེད་ན། །དབང་ཆེན་དཔོན་པོའི་གསུང་སྐད་ལྷང་སེ་ལྷང་། །དཔོན་པོའི་གསུང་སྐད་ལྷང་སེ་ལྷང་། །ལྷང་སེ་ལྷང་། སྭོ་ བཀའ་བཀོད་ཚིག་གསུམ་ཕྱོགས་ནས་ངོམས་པ་མེད། །དབང་ཆེན་དཔོན་པོ་མཇལ་ན་དགའ་དགའ་རེ། །དཔོན་པོ་ལ་མཇལ་ན་སྐྱིད་སྐྱིད་རེད། །སྐྱིད་ལ་སྐྱིད་རེད།
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: སྭོ་ ཡས་ཀྱི་གཡུས་བཟང་མཐོན་པའི་ཕྱོགས་ཤེད་ན། །དྲིན་ཆེན་ཕ་མའི་གསུང་སྐད་ལྷང་སེ་ལྷང་། །ཕ་མའི་ལ་གསུང་སྐད་ལྷང་སེ་ལྷང་། །ལྷང་སེ་ལྷང་། སྭོ་ ཟས་ནོར་ལོངས་སྤྱོད་ཕྱོགས་ནས་ངོམས་པར་མེད། །དྲིན་ཆེན་ཕ་མ་མཇལ་ན་དགའ་དགའ་རེད། །ཕ་མ་ལ་མཇལ་ན་སྐྱིད་སྐྱིད་རེད། །སྐྱིད་ལ་སྐྱིད་རེད། ཡ་ལགས་སོ།། །།