Skip to main content Skip to search
17 Feb 2017
4 min 40 sec
Video Overview

གླུ་གཞས་འདི་ མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ལས་ ཕུན་ཚོགས་དབང་འདུས་ཀྱིས་ ཁོ་རའི་ཁྱིམ་ནང་སྦེ་ འཐེནམ་ཨིནམ་ད་ ཞབས་བྲོ་འདི་ རྩ་བའི་བླམ་ཐུགས་དགྱེས་ཚུགསཔ་དང་ མནོ་བསམ་ལེགས་ཤོམ་བཏང་དགོཔ་ འདི་ལས་ ཞབས་བྲོ་བརྩམས་མི་ཁོ་ར་ དམ་པའི་ཆོས་ཀྱི་ ཉམས་ལན་འབད་བའི་སྐབས་སུ་ དཀའཝ་ག་དེ་སྦེ་ སྤྱད་སྤྱདཔ་ཨིན་ནའི་སྐོར་ལས་སླབ་མི་ ཆོས་འབྲེལ་གྱི་བོད་སྒྲའི་ གླུ་གཞས་ཅིག་ཨིན་པས། ཏེ་ཁོ་གིས་འབད་བ་ཅིན་ བསྒོམ་པ་མཐར་ཕྱིན་པའི་ སངས་རྒྱས་དགེ་བའི་བཤེས་གཉེན་ རྗེ་བཙུན་མི་ལ་རས་པ་བཟུམ་ཚུའི་ ལམ་སྟོན་ལས་བརྟེན་ བོད་ཀྱི་ཆོས་ཀྱི་ལྟེ་བ་ཆ་མཉམ་ མཇལ་ཚུགས་ཅི་ཟེར་ཨིན་པས། གླུ་གཞས་འདི་ བོད་ཀྱི་བུམོ་སྣ་ས་འོད་འབུམ་དང་ དཔལ་མོ་གཉིས་ཀྱི་ སངས་རྒྱས་དང་མཇལ་ཏེ་ བྱིན་རླབས་ཞུ་ནིའི་དོན་ལུ་ ཆེད་དུ་བརྗོད་དེ་ བརྩམས་བརྩམས་ཨིན་པས།