Skip to main content Skip to search
15 Dec 2011
2 min 25 sec
David Germano
Video Overview
Creators: 
Unknown

An interview of Zhong De, a modern artist.

Transcript search
No results found for this search
0 of 0
 • ཀྲུང་ཟླ།
  ངའི་མིང་ལ་ཀྲུང་ཟླ་ཟེར་གྱི་ཡོད། ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་དགུའི་ཟླ་བ་ལྔ་པར་ལྷ་སར་སྐྱེས་པ་རེད། ཆུང་དུས་ནས་རི་མོ་བྲི་རྒྱུར་དགའ་པོ་ཡོད། གཙོ་བོ་ང་རང་གིས་རང་སྦྱོང་བྱས་པ་དང་དགེ་རྒན་གཅིག་གིས་ངར་བསླབས་མྱོང་ཡོད་། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཛའོ་ཡུང་༿མིའི་མིང་༽ནི་ངའི་རྒན་ལགས་ཡིན། རི་མོ་བྲིས་ཡས་འདི་གཙོ་བོ་ང་རང་དགའ་པོ་ཡོད་པས་ཡིན།
  nga'i ming la krung zla zer gyi yod/_chig stong dgu brgya drug cu re dgu'i zla ba lnga par lha sar skyes pa red/_chung dus nas ri mo bri rgyur dga' po yod/_gtso bo nga rang gis rang sbyong byas pa dang dge rgan gcig gis ngar bslabs myong yod /_bod ljongs slob grwa chen mo'i dza'o yung {mi'i ming )ni nga'i rgan lags yin/_ri mo bris yas 'di gtso bo nga rang dga' po yod pas yin/
  我叫宗德,生于一九六九年五月,生在拉萨。画画从小就喜欢。主要是自学。有一个老师教过,藏大曹永,是我的老师。画画主要是自己喜欢。
 • ཀྲུང་ཟླ།
  རེ་བར་་་་ང་རི་མོ་འབྲི་དུས་སོ་སོ་རང་ཉིད་དགའ་པོ་ཞེ་དྲག་འདུག ངའི་བརྩམས་བྱ་འདི་དག་གིས་མི་གཞན་དག་ལའང་སྤྲོ་སྣང་སྦྱིན་ཐུབ་པའི་རེ་བ་ཡོད། འདི་འདྲས་ཟེ་ཡིན།
  re bar nga ri mo 'bri dus so so rang nyid dga' po zhe drag 'dug_nga'i brtsams bya 'di dag gis mi gzhan dag la'ang spro snang sbyin thub pa'i re ba yod/_'di 'dras ze yin/
  希望...我画画的时候自己挺开心。希望我的作品能给别人带来快乐。就这样子。
 • བཅར་འདྲི་མཁན།
  ཁྱེད་རང་ནས་ཁྱེད་རང་གི་བརྩམས་བྱའི་ཁྱད་ཆོས་ཐད་ལ་ཅིག་གསུང་ན་འགྲིག་གི་རེད་པས། ལོ་ཁ་ཤས་ཙམ་གྱི་རིང་ལ་ཁྱད་ཆོས་འདི་འདྲ་ཁོ་ན་བྲི་གི་འདུག་པས་ཡང་སྙིང་ཁྱེད་རང་གི་དམིགས་པ་ཇི་ལྟ་བུ་ཞིག་ཡིན། 
  khyed rang nas khyed rang gi brtsams bya'i khyad chos thad la cig gsung na 'grig gi red pas/_lo kha shas tsam gyi ring la khyad chos 'di 'dra kho na bri gi 'dug pas yang snying khyed rang gi dmigs pa ji lta bu zhig yin/_
  能不能谈一下你的这个作品风格,最近,这几年一直在画这样一种风格,这个到底是有什么样的一个追求。
 • ཀྲུང་ཟླ།
  གཙོ་བོ་སྟབས་བདེ་པོའི་རྣམ་པ་ཞིག་གི་ཐོག་ནས་ལྷད་མེད་པའི་དངོས་པོ་ཞིག་མཚོན་པར་བྱེད་འདོད་པ་དེ་ཡིན། གཙོ་བོ་འདི་འདྲ་ཡིན།
  gtso bo stabs bde po'i rnam pa zhig gi thog nas lhad med pa'i dngos po zhig mtshon par byed 'dod pa de yin/_gtso bo 'di 'dra yin/
  主要想以一种简单的方式表现一种单纯的东西吧|!主要是这种。
 • བཅར་འདྲི་མཁན།
  ད་དུང་གཅིག་ཞུ་རྒྱུ་ཡོད། ཁྱེད་རང་གི་བརྩམས་བྱའི་ནང་མང་ཆེ་བ་ནི་བོད་ཆས་གྱོན་པ་དེ་འདྲ་རེད་པ། དཔེར་ན་བུ་དང་བུ་མོ། ད་དུང་གྲྭ་བཙུན་སོགས་ཚང་མ་འདུག ཁྱེད་རང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་ཆོས་འདི་འདྲར་དགའ་སྣང་ཆེན་པོ་ཡོད་པ་འདྲ་རེད་པས།
  da dung gcig zhu rgyu yod/_khyed rang gi brtsams bya'i nang mang che ba ni bod chas gyon pa de 'dra red pa/_dper na bu dang bu mo/_da dung grwa btsun sogs tshang ma 'dug_khyed rang bod kyi thun mong ma yin pa'i rig gnas khyad chos 'di 'drar dga' snang chen po yod pa 'dra red pas/
  还有一个,你的作品里大部分都是那个穿的藏装吧!就像那个男人,女人啊!还有喇嘛什么都有。你是不是对西藏这种独特的这种文化特别感兴趣吗?
 • ཀྲུང་ཟླ།
  འདི་ཡིན་དང་ཡིན། གྱོན་གོས་ལ་སོགས་པ་འདི་ཚོ་ཐོག་མར་བོད་ཀྱི་འདི་བྲི་གི་ཡོད། དང་ཐོག་གྱོན་གོས་འདི་ཁོ་ནར་དམིགས་བསལ་གྱི་ས་མང་པོ་ཡོད་རེད། བོད་རིགས་ཀྱི་་་དེའི་ནང་ཁྱེད་རང་གིས་གཟིགས་དང་སྐུ་ཞབས་ལ་སོགས་པའི་བུ་དང་བུ་མོའི་ཚང་མ་གཅིག་པ་མ་རེད།
  'di yin dang yin/_gyon gos la sogs pa 'di tsho thog mar bod kyi 'di bri gi yod/_dang thog gyon gos 'di kho nar dmigs bsal gyi sa mang po yod red/_bod rigs kyi de'i nang khyed rang gis gzigs dang sku zhabs la sogs pa'i bu dang bu mo'i tshang ma gcig pa ma red/
  这是,肯定么。这服装啊什么都首先画西藏的 。服装首先就已经很....很有它独特的地方。藏民族的,包括你看姑休呀!男人女人这些都不一样。
 • བཅར་འདྲི་མཁན།
  ཁྱེད་རང་གི་བརྩམས་བྱར་སྒྱུ་རྩལ་མཁས་ཅན་གཞན་གྱི་ཤུགས་རྐྱེན་ཐེབས་ཡོད་དམ།
  khyed rang gi brtsams byar sgyu rtsal mkhas can gzhan gyi shugs rkyen thebs yod dam/
  你的作品有没有受过些其他艺术家的影响。
 • ཀྲུང་ཟླ།
  ཡོད། གཙོ་བོ་ནི་མེ་གླིང་ལྷོ་མའི། མེ་གླིང་ལྷོ་མའི། ཀྲི་ལི་༼རྒྱལ་ཁབ་ཀྱི་མིང་༽ཡི་རི་མོ་མཁན་དེ་ལ་ག་རེ་ཟག༿ཟེར་༾། དུའུ་འུན་་་དེའི་མིང་ལ་ག་རེ་ཟག དུའུ་འུན་ལེ་སེ་༼མིའི་མིང་༽རེད་པས། ཕལ་ཆེར་ཁོང་ཡིན་པ་ཡོད། གཙོ་བོ་ཁོང་རེད། མེ་གླིང་ལྷོ་མའི་སྒྱུ་རྩལ་མཁས་པ་ཁ་ཤས་ཀྱི་ཤུགས་རྐྱེན་ཐེབས་བྱུང་།
  yod/_gtso bo ni me gling lho ma'i/_me gling lho ma'i/_kri li (rgyal khab kyi ming )yi ri mo mkhan de la ga re zag{zer }/_du'u 'un de'i ming la ga re zag_du'u 'un le se (mi'i ming )red pas/_phal cher khong yin pa yod/_gtso bo khong red/_me gling lho ma'i sgyu rtsal mkhas pa kha shas kyi shugs rkyen thebs byung /
  有。主要是南美的,南美,智利那个画家叫什么,闻图,那个叫什么!闻图勒雷,是吗?好像是他,主要是他。受南美艺术家的一些影响。
 • བཅར་འདྲི་མཁན།
  རྗེས་སུ་འཆར་གཞི་གང་འདྲ་ཡོད་དམ།
  rjes su 'char gzhi gang 'dra yod dam/
  今后还有什么打算吗?
 • ཀྲུང་ཟླ།
  རྗེས་སུ་རི་མོ་དག་མཛེས་ཉམས་དོད་ཙམ་འབྲི་དགོས་བསམ་གྱིས། དེ་སྔོན་དྭངས་གཙང་ལྷད་མེད་ཁོ་ན་དང་མི་རྣམས་ལ་དགོད་བྲོ་དེ་བཞིན་དགའ་སྣང་ཡོད་པ་ཙམ་བསམ་གྱི་ཡོད། ཡིན་ནའི་རྗེས་སུ་དེ་དག་དེ་བས་མཛེས་ཉམས་དོད་ཙམ་ཡོང་བ་བྱེད་རྒྱུ་ཡིན།
  rjes su ri mo dag mdzes nyams dod tsam 'bri dgos bsam gyis/_de sngon dwangs gtsang lhad med kho na dang mi rnams la dgod bro de bzhin dga' snang yod pa tsam bsam gyi yod/_yin na'i rjes su de dag de bas mdzes nyams dod tsam yong ba byed rgyu yin/
  想,以后把画面画的美好一点。以前只是想它单纯,大家笑一笑。有点意思就行了。但以后可能把它弄得优美一些。