Skip to main content Skip to search
15 Dec 2011
9 min 51 sec
David Germano
Video Overview
Creators: 
Unknown

Old friends reminisce about other friends and use many descriptive words about people.

Transcript search
No results found for this search
0 of 0
  • བུད་མེད་ Woman
    ཨཱ་ནི་ཁྱེད་རང་པཱ་དང་ཨ་མ་ལགས་ནག་ཆུར་བཞུགས་ཡོད་རེད་པས།
    Your parents live in Nakchu. Is that correct?
  • སྐྱེས་པ་ Man
    ནག་ཆུར་བསྡད་ཡོད་རེད། འོ།
    Right, they live in Nakchu.
  • བུད་མེད་ Woman
    ཨཱའང་།
    I see.
  • སྐྱེས་པ་ Man
    ནག་ཆུ་ནས་ཕ་གིར་མེད་པས། འདམ་གཞོང་།
    They are in Damzhong area of Nakchu. You know that place, right?
  • བུད་མེད་ Woman
    འོ་འོ།
    Yes.
  • སྐྱེས་པ་ Man
    འོ་འདའི་བསྡད་ཡོག་རེད་དཱ།
    They live there.
  • བུད་མེད་ Woman
    འ་ཨང་ངས་ཟེར་ན་ཁྱེད་ལྷ་སར་ཁང་པ་ཞིག་གཟིགས།
    I think you should consider buying a house in Lhasa.
  • པཱ་ལགས་དང་ཨ་མ་ལགས་གདན་འདྲེན་ཞུས་ན།
    Then bring your parents here.
  • སྐྱེས་པ་ Man
    བྱས་ཙང་།
    You are right.
  • བུད་མེད་ Woman
    ཡག་པོ་ཞེ་དྲགས་ཡོག་རེད།
    That will be great!
  • སྐྱེས་པ་ Man
    ངས་ལས་(ཀྱང་)ད་གཱ་བསམ་བསྡད་ཡོད་པཱ།
    I am also thinking like that.
  • བུད་མེད་ Woman
    འོ་འོ།
    Okay.
  • སྐྱེས་པ་ Man
    ལྷ་སར་ཁང་པ་ཞིག་ཉོས། ཨཱ་ནི་ཁོང་ཚོ་འདི་གས་ཡར་གདན་འདྲེན་ཞུས་དགོས་བསམ་བསྡད་ཡོད།
    I want to buy a house in Lhasa and then bring all of them here.
  • བུད་མེད་ Woman
    ཨཱ་ལས། ལཱ་སེ།
    I see, okay.
  • ཨཱ་ནི་འདི་གང་ཟེར། ཁྱེད་རང་ད་དུང་པཱ་ལགས་ཨ་མ་ལགས་བྱས། གཅུང་མོ་ཡོག་མ་རེད་པས།
    Then what is that? Besides your parents, isn't that you also have a younger sister?
  • སྐྱེས་པ་ Man
    རེད། ཁོང་ཚོ་མཉམ་དུ་བསྡད་ཡོད་རེད།
    That's correct. She lives with them.
  • བུད་མེད་ Woman
    ཨཱའང་། ལཱ་སེ།
    I see.
  • ཨཱ་ནི་ལྷ་སར་ས་ཆ་ཨེ་འདྲས་གཟིགས་པ་ཡིན་ན། འདི་ཡོད་པཱ་ང་ཚོའི་སློབ་གྲོགས་ཕུན་དོན།
    If you are considering to buy a house here in Lhasa, you know Pündön, right?
  • སྐྱེས་པ་ Man
    འོ། འོ།
    Yes, I know.
  • བུད་མེད་ Woman
    ཕུན་དོན་ཁོང་ཚོ་ཁང་པ་ཟེར་ཡག་ཅིག་བཙོང་གི་ཟེར་བ་རེད་པཱ།
    Pündön and his family are going to sell their house.
  • སྐྱེས་པ་ Man
    ཨཱ་ལས།
    I see.
  • བུད་མེད་ Woman
    ཁོ་ཁྲི་ག་ཚོད་ཟེར། བཅོ་བརྒྱད་ཟེར་གཅིག་ཟེར་རེད་དང་།
    What is that amount? I think they are selling it for 180,000 [Rinminbi].
  • སྐྱེས་པ་ Man
    ཨཱ་ལས། བཅོ་བརྒྱད་ཨས།
    Really! Did you say 180,000?
  • བུད་མེད་ Woman
    འོ། ཉིན་མ་གཅིག་ཁྱེད་རང་དུས་ཚོད་ཡོད་ན་གཟིགས་ཀ་(པར་) འཐད་ན།
    Yes. If you got time, you should have a look one day.
  • སྐྱེས་པ་ Man
    ཡོའོ་ཡོའོ་ཡོའོ།
    Okay, I will.
  • ཨཱ་ནི་དེ་དུས་རོགས་པ་བྱེད་ཨང་སོ་སོས། སྐད་ཆ་དྲིས་ཙམ་བྱེད་ཀར་ཕྱིན།
    On that day, please do help me. We can go and inquire about it.
  • བུད་མེད་ Woman
    ཨཱ་ལས། འོ་རེད།
    Fine.
  • ཨཱ་ནི་འདི་གང་ཟེར་བ་རེད། པཱ་ལགས་དང་ཨ་མ་ལགས་ཁོང་ཚོ་ལྷ་སར་ཁང་པ་གཟིགས་བྱས་བཞུགས། ཨཱ་ནི་ཞོར་ལ་འདི་པ་ཆོས་མཇལ་སྟབས་བདེ་པོ་ཡོད་རེད་པཱ།
    Then what is that? Buy a house in Lhasa, so that they all can stay here. It is very convenient for them to visit the holy sites in the city.
  • སྐྱེས་པ་ Man
    བྱས་ཙང་བྱས།
    Indeed.
  • བུད་མེད་ Woman
    རྩེ་སྐོར་དང་། བར་བསྐོར་དང་ཨེ་འདྲས་སྟབས་བདེ་པོ་ཡོད་རེད་པཱ།
    Be circumambulation to Potala Potala Palace or Barkor, it's very convenient.
  • སྐྱེས་པ་ Man
    བྱས་ཙང་། ངས་དེ་ག་བསམ་བསྡད་ཡོད།
    Right, that is what I have in my mind.
  • བུད་མེད་ Woman
    ང་ཚོ་འདི་གང་ཟེར། ཨམ་་་
    Our, what is that? Um ...
  • ན་ནིང་། ན་ནིང་རེད། ན་ནིང་འདའི་ནག་ཆུ་ལ་འདི་བྱེད་ཀ་ཕྱིན་པ་ཡིན་པཱ། ལས་ཀའི་དོན་དག་ལ་ཕྱིན། ཞོར་ལ་ཁྱེད་རང་ནང་ལ་འཁྱུག་ཙམ་ཕྱིན་པ་ཡིན་པཱ།
    Last year, I was in Nakchu on a business trip. On the way, I went to see your family there.
  • སྐྱེས་པ་ Man
    འོ་ཟེར་ཟེར།
    Yes, they told me.
  • བུད་མེད་ Woman
    སྐུ་(དེ་)དུས་པཱ་ལགས་དང་ཨ་མ་སྐུ་གཟུགས་སྣང་དག་མི་འདུག
    Your parents are in good health.
  • སྐྱེས་པ་ Man
    བྱས་ཙང་། སྣང་དག་ཡོད་མ་རེད་དཱ། དེང་སང་ཡང་ད་ག་རང་རེད་དཱ།
    Right. They were very healthy, and they still are.
  • བུད་མེད་ Woman
    བྱས་ཙང་།
    Right.
  • སྐྱེས་པ་ Man
    གཟུགས་པོ་ཡག་ལ་དཔེ་བསགས་པ་རེད།
    They are in excellent health.
  • བུད་མེད་ Woman
    ལྟ་ད་ལྟ་ཁོང་རྣམ་ཚོའི་གཟིམ་ཁང་ལ་འདི་མིན་གཱ ཞལ་པར་མི་འདུག་གཱ
    I noticed that they don't have a home telephone.
  • སྐྱེས་པ་ Man
    འོ་རེད།
    Yes.
  • བུད་མེད་ Woman
    ཨཱ་ནི་ཁྱེད་རང་འདི་པ་དུས་ཚོད་རིང་པོ་ཕྱི་ལོགས་འདི་པར་བཞུགས་ཙང་།
    And you have been living outside for a long time.
  • སྐྱེས་པ་ Man
    བྱས་ཙང་བྱས་ང་ཚོ་འདི་གས།
    Yes, I am.
  • བུད་མེད་ Woman
    འབྲེལ་བ་གནང་ཐུབ་ཀྱི་མེད་པ་འདྲ།
    It seems that they can't keep in touch with you.
  • ཨཱ་ནི་ཁོ་རང་རྟག་པར་ཨེ་འདྲས་གསུང་གིས། "ལྟ་ང་ཞེ་པོ་ཅིག་དྲན་གྱིས། གང་འདྲ་ར་ཅིག་ཡོད་ནཱ།" དེ་རིང་འདའི་ལྷ་སར་ཕེབས་བྱས་འཐད་པས།
    Your dad said, "I miss him a lot. I wonder how he is doing now." After coming here in Lhasa, did you go back?
  • སྐྱེས་པ་ Man
    བྱས་ཙང་། ཕྱིན་པ་ཡིན། མར་ཕྱིན་བྱས་མ་གིར་ཟླ་བ་གཅིག་ཙམ་བསྡད། ཨཱ་ནི་ཡར་ཡོང་པ་ཡིན་པཱ།
    Yes I did. I went to see them and stayed with them for one month before I come back again.
  • བུད་མེད་ Woman
    ཨཱ་ལས།
    I see.
  • སྐྱེས་པ་ Man
    ཁྱེད་རང་དེང་སང་གང་འདྲ་འདུག
    How are you doing these days?
  • བུད་མེད་ Woman
    ལྟ་ང་ལྟ་ལས་ཁུངས་ལས་ཀ་བྱས། ཡང་ནང་གི་འདའི་པཱ་ལགས་སྐུ་གཟུགས་ཡག་པོ་མི་འདུག་གཱ
    I am busy with my works. Besides, my parents are not in good health.
  • སྐྱེས་པ་ Man
    ཨཱ་ལས།
    I see.
  • བུད་མེད་ Woman
    གཙོ་བོ་པཱ་ལགས་དང་ཨ་མ་ལགས་ལ་ཞབས་འདེགས་ར་ཅིག་ཞུས། ལྟ་ཆང་ས་རྒྱག་ཕར་བསམ་བློ་ཞེ་པོ་བཏང་མེད།
    The main thing is that I need to serve my parents, so I hardly considered about my marriage.
  • སྐྱེས་པ་ Man
    ཆང་ས་བརྒྱབ་མེད་པས།
    You are not married yet!
  • སྐྱེས་པ་ Man
    བརྒྱབ་མེད།
    No, I didn't.
  • སྐྱེས་པ་ Man
    ཨཱ་ལས། ང་ནི་ཆང་ས་བརྒྱབ་ཚར་པ་རེད་བསམས་བྱུང་།
    I see. I thought you already got married.
  • བུད་མེད་ Woman
    ཆང་ས་་་ ཆང་ས་ད་རྒྱག་ཡག་མི་འདུག
    Marriage... I am unable to marry yet.
  • སྐྱེས་པ་ Man
    ཨཱ་ལས།
    I see.
  • བུད་མེད་ Woman
    ཅོ་ལགས་རག་གི་མི་འདུག་ཟེར་ག་བྱས།
    I couldn't find a suiter. Just joking!
  • སྐྱེས་པ་ Man
    དེ་འདྲས་ཡིན་གྱི་མ་རེད།
    I don't believe that.
  • བུད་མེད་ Woman
    ཁྱེད་རྣམ་ཚོའི་གྲོགས་པོ་ཡག་པོ་ཨེ་འདྲས་གཅིག་ངོ་སྤྲོད་གནང་ཡག་མི་འདུག་གས།
    Can't you introduce a good friend of yours?
  • སྐྱེས་པ་ Man
    བྱས་ཙང་། ངས་ཉིན་པ་གཅིག་དངོས་གནས་ངོ་སྤྲོད་ཡག་པོ་གནང་གོ
    Right. One day I will surely introduce you a good one.
  • ལྷོད་ལྷོད་བྱས་སྒུག་བཞུགས་ཤིག
    Please relax and wait.
  • བུད་མེད་ Woman
    དེ་འདྲས་ལྟ་ག་པར་ག་པར།
    How could I?
  • པཱ་ལགས་ད་ལྟ་སྐུ་གཟུགས་ཡག་པོ་ཡོད་མ་རེད་པཱ།
    Especially, my father is not in good health.
  • སྐྱེས་པ་ Man
    འོ།
    I see.
  • བུད་མེད་ Woman
    ཨཱ་ནི་ཆང་ས་རྒྱག་ཡག་ཨེ་འདྲས་གནས་སྐབས་བསམ་བློ་བཏང་མེད།
    So for the time being, I am not considering it.
  • སྐྱེས་པ་ Man
    ཡག་པོ་རེད་པཱ།
    You are serving them well.
  • བུད་མེད་ Woman
    ང་རང་གི་ངོས་ནས་བཤད་ན་ལྟ་ཕ་མ་ཟེར་ཡག་གཙོ་བོ་ཡིན།
    For me, my parents are the most important thing.
  • སྐྱེས་པ་ Man
    རེད་རེད་རེད།
    Absolutely!
  • བུད་མེད་ Woman
    ཨཱ་ནི་ཞོར་ལ་ལས་ཁུངས་ལས་ཀ་བྱས། སློབ་སྦྱོང་ཏོག་ཙམ་ཏོག་ཙམ་བྱས།
    Besides doing my work, I am also doing some studies.
  • སྐྱེས་པ་ Man
    རེད་རེད།
    Right.
  • བུད་མེད་ Woman
    ཨཱ་ནི་དེ་རིང་ཐོབ་ཀྱག་གོ་ཀྱག་ཁྱེད་རྣམ་ཚོ་ཐུག་པ་རེད་པཱ། དངོས་གནས་དགའ་པོ་རྒྱོའོ་འདུག་སེམས་ནང་ནས།
    I didn't expect that I will run into you today. I am glad to see you again.
  • སྐྱེས་པ་ Man
    བྱས་ཙང་བྱས། ང་ཡང་དགའ་པོ་ཞེ་པོ་བྱུང་།
    Right, I am also happy to see you.
  • མ་ཐུག་པར་ཞེ་པོ་འགྲོ་གི་འདུག་གཱ
    We haven't seen each other for a while.
  • བུད་མེད་ Woman
    ཞུས་ཙང་། ཨཱ་ནི་དེ་རིང་ང་ཚོ་འདའི་ཁོའོ་ཕྷེ་འཐུང་ས་འདའི་རྟག་པར་ཡོང་གི་ཡོད་པཱ།
    Indeed. We visit this coffee bar frequently.
  • སྐྱེས་པ་ Man
    ཨཱ་ལས།
    I see.
  • བུད་མེད་ Woman
    འདའི་མིན་སྤྲོ་པོ་ཞིག་འདུག་ག བཞུགས་ས་དང་བྱས།
    This place is very comfortable and nice.
  • སྐྱེས་པ་ Man
    བྱས་ཙང་། འདའི་སྐྱིད་པོ་འདུག་གཱ
    I agree. It is a good place.
  • བུད་མེད་ Woman
    འདི་ང་ཚོའི་བསླབ་གྲགས་ (སློབ་གྲོགས་) འདི་ནམ་རྒྱུན་ནས་ཁྱེད་རང་མེད་དུས་སྐད་བཏང་བྱས་འདའི་ཧཱ་ཧུ་སེ་བྱས་འདི་པ་ཡོང་གི་ཡོད་པ།
    I often invite my former schoolmates here and chat with them. It was when you were not here.
  • སྐྱེས་པ་ Man
    ཨཱ་ལས།
    I see.
  • བུད་མེད་ Woman
    ཨཱ་ནི་ཛ་རེ་ཛོ་རེ་མེད་པ་བྱས། འདི་པ་ཁུ་སིམ་ར་ཅིག་འདུག་ག
    It is very tidy quite cafe.
  • སྐྱེས་པ་ Man
    འདུག་ག
    It is.
  • བུད་མེད་ Woman
    ཨཱ་ནི་ངའི་སེམས་ནང་ངའི་སློབ་གྲོགས་འདི་གས་འབྲེལ་བ་བྱས།
    I want to keep close connections with my former schoolmates.
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    ཆུང་སྐྱིད་བྱས། ཕུན་རྣམ་བྱས། རྡོ་རྗེ་བྱས།
    They are Chungkyi, Pünnam, and Dorjé.
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    ཁོང་ཚོ་གང་ག་ཆང་ས་བརྒྱབ་ཚར་པ་རེད་དཱ།
    They are all married now.
  • སྐྱེས་པ་ Man
    འོ་འོ།
    I see.
  • བུད་མེད་ Woman
    ཡིན་ནའི་ཕུན་རྣམ་ཨ་ཅག་ལགས་དེ་ཞེད་སྣང་ཚ་པོ་རྒྱོའོ་འདུག་གཱ
    However, Pünnam's wife, she is a bit scary.
  • སྐྱེས་པ་ Man
    ཨཱ་ལས།
    Really?
  • བུད་མེད་ Woman
    སྣང་ཚ་པོ་རྒྱོའོ་འདུག འདི་བྱེད་ཀྱིས་གང་ཟེར། ཕྱི་ལོགས་འདི་པ་ལྟ་ང་ཚོ་སློབ་གྲོགས་ཡིན་ན་ཁ་པར་བརྒྱབ་ན་གང་ཡོག་མ་རེད་པཱ།
    She is scary. Even though it is perfectly normal if friends from school days call each other, right?
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    མིག་ཟེར་བརྒྱབ་བྱས།
    She became jealous.
  • སྐྱེས་པ་ Man
    ཨཱ་ལས།
    Really?
  • བུད་མེད་ Woman
    ཁ་པར་ནང་ཞེད་སྣང་ཚོ་པོ་ཨེ་འདྲས་ལབ་ཀྱིས།
    She says all kind of stuff on the phone.
  • སྐྱེས་པ་ Man
    འོ་ཛི།
    Oh my!
  • བུད་མེད་ Woman
    ཨེ་འདྲས་བྱས་ན་ཏག་ཏག་མི་འདུག རེད་པཱ།
    That is not good.
  • སྐྱེས་པ་ Man
    འོ་རེད་རེད།
    Absolutely.
  • བུད་མེད་ Woman
    ཨེ་འདྲས་བྱེད་དགོས་ཡག་ཡོད་མ་རེད།
    She doesn't have to fuss about it.
  • སྐྱེས་པ་ Man
    བྱས་ཙང་བྱས།
    Indeed.
  • བུད་མེད་ Woman
    སློབ་གྲོགས་སློབ་གྲོགས་རེད་པཱ།
    After all, schoolmate is just schoolmate.
  • སྐྱེས་པ་ Man
    གལ་ཡོག་མ་རེད། དེ་འདྲས་ལྟ་ཉིན་མ་རེ་ཙམ་འཁྱམ་ག་ཕྱིན་ན་ག་རེ་ཡོག་རེད།
    That shouldn't be an issue. After all, you guys are not doing it frequently.
  • བུད་མེད་ Woman
    བྱས་ཙང་ཁོང་མཚམས་མཚམས་ང་ཚོ་ཕྱི་ལོགས་ལ་རྩེད་མོ་ར་ཅིག་དུས་ནང་ལ་རྒྱག་རེས་རྒྱག་གི་ཡོད་པ་འདྲ།
    It seems that when we hang out together, his wife quarrel with him when he returns home.
  • སྐྱེས་པ་ Man
    ཨཱ་ལས།
    I see.
  • བུད་མེད་ Woman
    ཨཱ་ནི་ཏག་ཏག་བསྡད་ཀྱི་ཡོད་མ་རེད་པཱ།
    That's not appropriate, right?
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    ཨཱ་ནི་ཁ་སང་རྡོ་རྗེ་ཟེར། འ་ལྟ་ཕུན་རྣམ་ལ་ཁ་པར་ཞེ་དྲགས་མ་རྒྱག་ཨཱ། ཕུན་རྣམ་ཨ་ལྕེས་ཡང་གཅིག་མིག་ཟེར་འདྲ་པོ་བརྒྱབ། གཅིག་བྱེད་ཀྱིས་ཟེར་བ་རེད་པཱ།
    The other day, Dorjé advised me against calling Pünnam's home telephone.
  • ང་ཡང་སྐད་ཆ་དྲང་པོ་ཡིན། ང་ཚོ་བསླབ་གྲར་འགྲོ་དུས་ཨེ་འདྲས་ཡོག་མ་རེད་པཱ།
    Here I am telling you the truth. During our school days, we were not like that. Right?
  • སྐྱེས་པ་ Man
    བྱས་ཙང་།
    Yes.
  • བུད་མེད་ Woman
    མ་གཞི་ལྟ་ང་རང་ཆང་ས་བརྒྱབ་ཡོག་མ་རེད་དཱ། ཨེ་འདྲས་སྒང་ལ་མིན་ཡག་པོ་ཡོག་མ་རེད། རེད་པཱ།
    Since I am not married yet, on such matter, I should be more careful.
  • སྐྱེས་པ་ Man
    རེད། རེད། རེད།
    Right. Right.
  • བུད་མེད་ Woman
    འཆམ་པོ་བྱས། གླིང་ཁ་བཏང་། ཧཱ་ཧུ་སེ་རེད་པཱ།
    We should keep our connection, go on a picnic and have some good time together. Right?
  • སྐྱེས་པ་ Man
    འོ་རེད་རེད།
    Right.
  • བུད་མེད་ Woman
    ཨཱ་ནི་དགོང་དག་ར་བཟི་ན་ནང་གི་འགྲོ་འགྲམ་ལ་སྐྱེལ་ཨེ་འདྲས་བྱེད་ཀྱི་ཡོད་པཱ།
    Even if someone gets drunk, we can drop him or her home.
  • སྐྱེས་པ་ Man
    ཨཱ་ལས།
    Right.
  • བུད་མེད་ Woman
    ཨཱ་ནི་མིས་སོ་སོར་བསམ་བློ་ཞེ་དྲགས་གཏོང་གི་མི་འདུག
    But some people are not that considerate toward you.
  • སྐྱེས་པ་ Man
    འོ་རེད་རེད།
    Right.
  • བུད་མེད་ Woman
    བྱས་ཙང་མཚམས་མཚམས་ཁག་པོ་ར་ཅིག་འདུག
    Sometimes, it is difficult to handle it.
  • ལྟ་ང་རྣམ་ཚོ་ཉིན་མ་གཅིག་འཛོམས་དུས་ཁྱེད་རང་གིས་ཕུན་རྣམ་ལ་གཅིག་གསུངས་གནང་དང་།
    On our next gathering, you tell Pünnam.
  • སྐྱེས་པ་ Man
    འོ་རེད།
    Okay.
  • བུད་མེད་ Woman
    མ་རེད་པས།
    What do you think?
  • སྐྱེས་པ་ Man
    ངས་ལབ་ཙམ་བྱེད་གོ
    I will tell.
  • བུད་མེད་ Woman
    འོ་འོ།
    Okay.
  • སྐྱེས་པ་ Man
    སྣང་དག་མི་དགོས། བློས་འགེལ་དང་། སྣང་དག་མ་དགོས།
    Don't worry. Trust me.
  • བུད་མེད་ Woman
    ཨཱ་ནི་འདི་གང་ཟེར་རྡོ་རྗེ་འདུག་ག ལྟ་རྡོ་རྗེ་འདི་ཤག་སྐྱོ་པོ་རྒྱོའོ་ཆགས་འདུག་ག
    These days, Dorjé is having a tough time.
  • སྐྱེས་པ་ Man
    ཨཱ་ལས།
    Really?
  • Woman བུད་མེད་
    ཁ་སང་སྐྲན་ཟེར་ཡཱ་ན་ཚ་གཅིག་སླེབས་བཞག་ཟེར་རེད་པཱ།
    The other day, I heard that he got a tumor.
  • སྐྱེས་པ་ Man
    ཨཱ་ལས།
    Oh, no!
  • བུད་མེད་ Woman
    གདོང་ཅི་དག་སྐྱོ་པོ་རྒྱོའོ་ཆགས། སྐྲ་ཅི་དག་གང་ག་བུས་འདུག་གཱ
    His complexion is not good and lost all his hair.
  • སྐྱེས་པ་ Man
    ཨཱ་ལས།
    Really?
  • བུད་མེད་ Woman
    འོ་ལྟ་སྨན་འདྲ་མིན་འདྲ་བཟའ་དགོས་ཀྱི་རེད་པཱ། སྨན་གོང་ཆེན་པོ་རེད་པཱ། ལས་ཁུངས་ནས་སྨན་འདིའི་སྒང་ལ་རྒྱབ་སྐྱོར་མ་བྱས་པ་བྱས།
    Yes, that is because he has to take different drugs and they are not cheap. Besides, his work unit doesn't provide any help.
  • སྐྱེས་པ་ Man
    ཨཱ་ལས།
    I see.
  • བུད་མེད་ Woman
    སྐྱོ་པོ་རྒྱོའོ་ཆགས་བཞག ཨཱ་ནི་སྤུ་གུ་ཡོག་རེད་དཱ། སྤུ་གུ་གཉིས་བསླབ་གྲྭར་འགྲོ ལྟ་སྤུ་གུ་བསླར་གྲྭར་བསྐྱལ། ནང་ལ་ཡོང་བྱས། བསུ་མཁན་དགོས་རེད་པཱ།
    He looks terrible. Moreover, he has two children which he needs to drop them at school and pick them up after class. Because someone has to look after the children, right?
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    ཨེ་འདྲས་བྱེད་མཁན་སེ་མི་འདུག
    Besides him, there are not many people helping him.
  • ཨཱ་ནི་ང་རྣམ་ཚོ་གླིང་ཁ་གཏོང་བའི་ཉིན་མོ་དེར་མཉམ་དུ་འཛོམས། ང་ནི་ཡང་སྐད་ཆ་དྲང་པོ་ཡིན། མི་ན་པ་རེད་པཱ་གཅིག་བྱེད་ཀྱིས་སེམས་ནང་ལ།
    We all gathered together on our last picnic. When I see someone in a chronic condition, I couldn't bear it.
  • སྐྱེས་པ་ Man
    རེད་རེད།
    It's hard.
  • བུད་མེད་ Woman
    བཤད་མི་ཤེས་པའི་བཟོ་ལྟ་ཞིག་འདུག
    And you don't know what to tell.
  • སྐྱེས་པ་ Man
    བྱས་ཙང་བྱས།
    Indeed.
  • བུད་མེད་ Woman
    ཁོང་གི་དབུ་སྐྲ་ཅིག་ལྟ་གང་ག་བུས་ཤག
    He lost all hairs.
  • སྐྱེས་པ་ Man
    ཨའང་།
    I see.
  • བུད་མེད་ Woman
    ཞལ་རས་སེར་རྐྱང་བྱས། མིག་གཅིག་ལྟ་ཀོང་དོང་ཐིམ་འདུག་གཱ
    He got a yellowish face, and the eyes are sunken.
  • སྐྱེས་པ་ Man
    ཨའང་།
    I see.
  • བུད་མེད་ Woman
    འོ། ཨཱ་ནི་ན་ཚ་འདི་འདྲས་བཟོ་ལྟ་རྦད་ཁྲི་ལྔ་དྲུག་བདུན་བརྒྱད་བེད་སྤྱོད་བཏང་ཐུབ་ཡག་མི་འདུག་གཱ
    For treating an illness like this, even 80,000 Renminbi is not enough.
  • སྐྱེས་པ་ Man
    རེད་ལ།
    That is for sure.
  • བུད་མེད་ Woman
    ལྟ་ཁོང་སྨན་ཁང་བཞུགས་བྱས་འདི་འགྲོ་གི་ཡོད་རེད་ཟེར། ཟླ་བ་བརྒྱད་ལྷག་ཙམ།
    He is hospitalized for the last eight months.
  • སྐྱེས་པ་ Man
    བརྒྱད་ཨས།
    Eight months?
  • བུད་མེད་ Woman
    འོ།
    Yes.
  • ཨཱ་ནི་སྙིང་རྗེ་ཨ་ཅག་ལགས་དེ་རྟག་པར་ནད་གཡོག་བྱེད་དགོས་ཀྱི་རེད་པཱ། ཕ་གིར་བཞུགས་བྱས། ཨཱ་ཛི་སྐྱོ་པོ་རྒྱོའོ་ཆགས་བཞག
    His poor wife, she is nursing him every day. They are impoverished by it.
  • ང་ཁ་སང་ནས་ཤིང་ཏོག་ཐེངས་གཉིས་ཙམ་བསྐྱལ། ཨཱ་ནི་ཉིན་མ་གཅིག་ཤ་མོག་མོག་སྐྱེལ་ཀ་ཕྱིན་པ་ཡིན་པཱ།
    Taking some fruits with me, I went to see him twice. Also, one day, I even bought meat dumplings.
  • སྐྱེས་པ་ Man
    འོ། འོ།
    I see.
  • བུད་མེད་ Woman
    ཁ་ལག་སེ་མཆོད་ཐུབ་ཡག་མི་འདུག
    He couldn't be able to eat that much.
  • འདི་ཕ་(ཕྲ་)པོ་ཆགས་ཡོད་པ་འདྲ།
    It seems this part of the neck got narrowed.
  • སྐྱེས་པ་ Man
    འོ་ཡིན་གྱི་རེད།
    It's likely.
  • བུད་མེད་ Woman
    འོ་ཨོ། ཨཱ་ནི་ཁྱེད་རང་ཕེབས་ན་འདའི་མི་དམངས་སྨན་ཁང་གི་འདའི་འདུག་འདི།
    If you are thinking of going to see him, he is at the People's Hospital.
  • ཨམ་་་
    Um...
  • ནཱ་ཁེ་(ནད་ཁང་)འདའི་འདུག ཨང་གྲངས་༢༧ཉལ་ཁྲིའི་ནང་ལ་འདུག
    He is in the patient's room on bed number 27.
  • སྐྱེས་པ་ Man
    ཨ་ལས།
    Okay.
  • བུད་མེད་ Woman
    གཅིག་གཟིགས་ཀ་འཐད་ན།
    I suggest you go and see him.
  • གྲོགས་པོ་ Friend
    འོ་རེད་རེད་རེད།
    Sure.
  • བུད་མེད་ Woman
    ཨཱ་ནི་ཡང་གྲོགས་པོ་རྙིང་པ་དེ་ཚོ་ཡོང་ན་དགའ་པོ་གནང་གི་རེད་པཱ།
    He will be delighted to see an old friend.
  • གྲོགས་པོ་ Friend
    འོ་རེད་རེད།
    Right.
  • བུད་མེད་ Woman
    མ་རེད་པས།
    Isn't so?
  • སྐྱེས་པ་ Man
    འོ། ང་ཚོ་གྲོགས་པོ་ཁ་ཤས་ཅིག་མཉམ་དུ་འགྲོ་དགོས་མིན་འགྲོ་དེ་དུས་རེད་པཱ། ལྟ་ཙམ་བྱེད་ཀ།
    You are right. I think I will make a group visit with other friends.
  • བུད་མེད་ Woman
    འོ་རེད། ལྟ་ཙམ་གནང་ན།
    Right. Do see him.
  • སྐྱེས་པ་ Man
    འོ་རེད།
    Yes.
  • བུད་མེད་ Woman
    མི་ཟེར་ཡག་དེ་སྐྱིད་དུས་སེམས་ནང་ཨེ་འདྲས་བསམ་གྱིས། ཆང་ས་དང་། སྐྱེ་སྐར་དང་། ཨེ་འདྲས་མ་སླེབས་དུས་ག་གལ་མི་འདུག
    If I miss a marriage ceremony, a child's birthday, or something like that, it is not a big deal.
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    ལྟ་སྡུག་པོ་ཡོད་དུས་བདུན་ཚེས་དང་། ཨེ་འདྲས་དངོས་གནས་རང་སྐད་ཆ་ཡིན་དཱ། འདི་ཡང་ང་རང་སེམས་པའི་འདི་ཡིན། འཁྱེར་སྟངས་ར་ཅིག
    However, when someone is in going through a tough time, or someone had passed away, you must do something for the concerned person. That's how I think.
  • ངས་གྲོགས་པོ་ཁོང་ཚོར་ཡང་ཟེར་གྱི་ཡོད། ཆང་ས་དང་ཨེ་འདྲས་ལ་མ་སླེབས་ནའི་གལ་ཡོག་མ་རེད། མི་ཟེར་དགའ་པོ་བྱེད་ཡག་མང་པོ་རེད་པཱ།
    I tell the same to my other friends. If you miss a marriage party or anything like that, it's okay. People have many things to celebrate.
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    མང་པོ་རེད་པཱ། ཨཱ་ནི་སྡུག་དུས་ཨེ་འདྲས་འགྲོ་དགོས་ཀྱི་རེད་པཱ། ང་ཚོ།
    There are many. Right? However, we shouldn't miss when someone is in an undesirable situation.
  • སྐྱེས་པ་ Man
    རེད་རེད་རེད།
    Right. Right.
  • བུད་མེད་ Woman
    ང་ཚོ་བོད་པ་ཟེར་ཡག་འདའི་ཆོས་ཡོད་ཙང་།
    Because we Tibetans believe in religion.
  • སྐྱེས་པ་ Man
    སྡུག་དུས་འགྲོ་དགོས་ཀྱི་རེད། རེད་རེད།
    When someone is going through a tough time, we should go.
  • བུད་མེད་ Woman
    གཙོ་བོ་ཕ་གིར་ལག་རྟགས་གཅིག་ཆེ་ཆུང་གལ་མ་རེད། སེམས་པའི་ཁྱད་རེད་པཱ།
    Present something, and its value doesn't matter that much. The main thing is motivation.
  • སྐྱེས་པ་ Man
    ལགས་རེད།
    That's true.
  • བུད་མེད་ Woman
    ན་དུས་ཨཱ་ཅི་འདི་སླེབས་བྱུང་ཨང་བསམས་བྱས་དགའ་འགྲོ་གི་རེད་པཱ།
    If you visit a friend in a hospital, it will give that person a great joy.
  • སྐྱེས་པ་ Man
    འོ་རེད་རེད།
    Right.
  • བུད་མེད་ Woman
    ཨཱ་ནི་ཁོང་ཚོའི་སར་ལྟ་ང་ཚོ་བོད་རིགས་ཡང་མར་དང་ཤ་ཨེ་འདྲས་འཁྱེར་ཡག་དགའ་པོ་ཡོད་རེད་པཱ།
    Generally, in our Tibetan custom, we like to present butter and meat. Right?
  • སྐྱེས་པ་ Man
    འོ་རེད་རེད།
    Right.
  • བུད་མེད་ Woman
    ཡང་མིན་ང་ཚོའི་འདའི་ངོ་ཤེས་པ་ཨེ་འདྲས་རྒྱ་མི་ཨེ་འདྲས་ཡོད། རྒྱ་མི་ཨེ་འདྲས་འཁྱེར་དགོས་ཀྱི་མ་རེད། མེ་ཏོག་འཁྱེར་ཟེར་གྱི་འདུག་ག
    However, my Chinese acquaintances suggest me to present flowers to a patient.
  • སྐྱེས་པ་ Man
    ཨའང་།
    I see.
  • བུད་མེད་ Woman
    མེ་ཏོག་འཁྱེར་ཨཱ་ནི་ནད་པ་་་
    Take flowers.
  • སྐྱེས་པ་ Man
    རྒྱ་མིའི་ལུགས་སྲོལ་ལྟ་མེ་ཏོག་འཁྱེར་འགྲོ་གི་འདུག་ག་ནད་པ་ལྟ་ག་འགྲོ་དུས།
    Customarily, the Chinese love to carry flowers to see a patient.
  • བུད་མེད་ Woman
    འོ། མེ་ཏོག་འཁྱེར་ནད་པ་དེ་འདྲས་མེ་ཏོག་མཐོང་དུས་སེམས་པ་སྐྱིད་པོ་ཡོད་རེད་པཱ།
    Right. The flowers lift the spirit of a patient and bring some joy.
  • སྐྱེས་པ་ Man
    རེད་རེད།
    Yes.
  • བུད་མེད་ Woman
    ན་ཚ་ཁོ་ར་ཕར་དྲག་ཡག་མགྱོགས་པོ་ར་ཅིག་ཡོད་རེད་པཱ།
    It is good for healing.
  • སྐྱེས་པ་ Man
    འོ་རེད་རེད།
    Right.
  • བུད་མེད་ Woman
    འོ་ཨཱ་ནི་ཨེམ་རྗེས་སྨན་དང་། སྤུན་ཀྱག་དེ་ཚོས་ཞབས་ཕྱི་དེ་གས་བཟུང་ཡག་པོ་བྱས་ན། ཨཱ་ནི་ཡག་པོ་དྲག་གི་རེད་པཱ།
    Moreover, taking the prescriptions given by the doctor and support from relatives will help the patient a lot with the recovery.
  • སྐྱེས་པ་ Man
    རེད་རེད་རེད།
    Right. Right.
  • བུད་མེད་ Woman
    དེ་འདྲས་ཐོག་ལ་སེམས་ཁྲལ་འདུག གཞན་པ་ལྟ་ང་ཚོས་སློབ་གྲོགས་འདི་གས་གང་ཨོ་ཙམ་ཨོ་ཙམ་ར་ཅིག་འདུག
    Lack of it (for Dorjé) is my only concern. Otherwise, the rest of our friends are doing well.
  • སྐྱེས་པ་ Man
    བྱས་ཙང་བྱས།
    You're right.
  • ཨ་ནི་ག་དུས་འཛོམས་ཀས། ང་ཚོ་ཉིན་པ་གཅིག་འཛོམས་ཀས།
    How about we gather together one day?
  • བུད་མེད་ Woman
    ཨཱའང་། འོ་རེད། ཁྱེད་རང་མ་རེད་ཡང་དུས་ཚོད་ཨ་ཡོད།
    Um... right. Do you have time?
  • སྐྱེས་པ་ Man
    ང་ལ་དུས་ཚོད་ཡོད་རེད། བསྡད་བསྡད་པ་ར་ཅིག་ཡིན་དཱ།
    Yes, I do. These days, I got much time.
  • བུད་མེད་ Woman
    ཨཱ་ལས། ལཱ་སེ།
    I see, okay.
  • ཨཱ་ནི་འདི་གནང་དང་། ཁྱེད་རང་ལ་ངས་ཞལ་པར་ཨང་གྲངས་ཞིག་ཕུལ་གོ
    I will give you my phone number now.
  • སྐྱེས་པ་ Man
    རེད་རེད།
    Okay.
  • བུད་མེད་ Woman
    འདི་ཅིག་འདི་གནང་དང་། འདི་ངའི་ནང་གི་ཞལ་པར་ཡིན།
    This is my home telephone number.
  • སྐྱེས་པ་ Man
    འོ་འོ། ལཱ་སེ།
    Okay.
  • བུད་མེད་ Woman
    ཆུ་ཚོད་༢༤བར་ག་དུས་ཕུལ་པ་ཡིན་ནའི་བཞུགས་བཞུགས་པ་ར་ཅིག་རེད་པཱ།
    So you will be at home 24 hours a day if I call, right?
  • སྐྱེས་པ་ Man
    འོ།
    Yes.
  • ག་ཚོད་རེད།
    What is the number?
  • བུད་མེད་ Woman
    ༦༨
    68
  • སྐྱེས་པ་ Man
    ༦༨
    68
  • བུད་མེད་ Woman
    ༣༢
    32
  • སྐྱེས་པ་ Man
    ༣༢
    32
  • བུད་མེད་ Woman
    ༤༡༧
    417
  • སྐྱེས་པ་ Man
    ༤༡༧
    417
  • བུད་མེད་ Woman
    འོ་ད་ག་ཡིན།
    That's.
  • སྐྱེས་པ་ Man
    ད་ག་བརྒྱག་ན་འགྲིག་གི་ཡོད་རེད་པས།
    So I can call you on this number?
  • བུད་མེད་ Woman
    འོ། ད་ག་སྐྱོན་གནང་།
    Yes, this is my number.
  • སྐྱེས་པ་ Man
    ཡག་ཡག
    Great.
  • བུད་མེད་ Woman
    ཡང་མ་བསྡད་ནའི་ཨ་མ་ལགས་ཁོང་ཚོ་བཞུགས་ཀྱི་རེད།
    If I am not at home, my mom or other family members will take the call.
  • སྐྱེས་པ་ Man
    ཨ་ལས་འོ། ཨཱ་ནི་ལན་བཞག་ན་འགྲིག་གི་ཡོད་རེད།
    Okay. I can leave a message with them.
  • བུད་མེད་ Woman
    ཁྱེད་རང་ཨེ་འདྲས་ཡིན་གསུངས་དང་། སློབ་གྲོགས་ཨེ་འདྲས་ཡིན་གསུངས་དང་།
    Tell them that you are my former schoolmate.
  • སྐྱེས་པ་ Man
    འོ་འོ། ཡག་ཡག
    Okay, I will do that.
  • བུད་མེད་ Woman
    མ་རེད་པས།
    Is that okay?
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    ལཱ་སེ། ཨཱ་ནི་རྗེས་མ་འདི་གང་ཟེར། ང་ཚོ་ཕན་ཚུན་ལྟ། གྲོགས་པོ་ཕན་ཚུན་ཕར་འབྲེལ་བ་བྱེད་ཐུབ་ན་ཡག་པོ་ཡོད་རེད་པཱ།
    We all should keep in touch with each other.
  • སྐྱེས་པ་ Man
    བྱས་ཙང་།
    Yes, I agree.
  • བུད་མེད་ Woman
    སོ་སོས་ཡིན་ནའི་རོགས་པ་ཏིག་ཙམ་བྱས།
    And help each other a bit.
  • སྐྱེས་པ་ Man
    རེད་རེད།
    Right.
  • བུད་མེད་ Woman
    དངོས་གནས་ཡག་པོ་ཡོད་རེད་པཱ།
    That will be nice.
  • སྐྱེས་པ་ Man
    རེད་རེད།
    Right.
  • བུད་མེད་ Woman
    ང་ཚོ་ལོ་གཉིས་ལྷག་ཙམ་མ་ཐུག་ཙང་དངོས་གནས་ཁྱེད་རང་ནི་འགྱུར་ལྡོག་རྒྱོའོ་བྱུང་འདུག་ག
    We haven't seen each other for the last two years. In that period, you have changed a lot.
  • སྐྱེས་པ་ Man
    ཨ་ལས།
    Really!
  • བུད་མེད་ Woman
    ང་ཚོ་ནི་རྟག་པར་་་
    We are always ...
  • སྐྱེས་པ་ Man
    དེ་འདྲ་ཅིག་རེད་དཱ།
    I am as usual.
  • བུད་མེད་ Woman
    ལས་ཁུངས་ནང་ལ་ལས་ཀ་བྱས། ཨཱ་ནི་ནང་ལ་མཚམས་མཚམས་སྐྱིད་པོ་མི་འདུག
    We are always preoccupied with work. Sometimes feel sad.
  • ཕ་མ་སྐུ་གཟུགས་ཡག་པོ་མེད་པ་བྱས། ལས་ཁུངས་ཀྱི་ལས་ཀ་བྲེལ་བ་ཚ་པོ་རེད། ཨཱ་ནི་སྤྱི་ཚོགས་ལའི་འདའི་ཏིག་ཙམ་བྱེད་དགོས་རེད་པཱ།
    As I told you before, my parents are not in good health, and there is much work to do in my unit. Then you also have to deal with the society.
  • མཚམས་མཚམས་དངོས་ནས་སེམས་ཀྱི་བཤད་ས་མེད་པའི་བཟོ་ལྟ། ང་རང་ད་ལྟ་ཆང་ས་རྒྱག་ཡོད་མ་རེད་པཱ།
    Sometimes you find it hard to put that feeling in words. Moreover, I am also not married yet.
  • ད་ལྟ་ཅོ་ལགས་འཚོལ་དགོས་བསམས་ནའང་དུས་ཚོད་མི་འདུག་གཱ
    Even if I think that you have to find a husband, there is time to look for one.
  • དགོང་དག་ནི་ཕ་མར་ཞབས་ཕྱི་ཞུས། ཉིན་མའི་གོང་ལ་ལས་ཁུངས་ལས་ཀ་བྱེད་དགོས་རེད་པཱ།
    After work, I have to serve my parents. During the daytime, I am busy with work.
  • སྐྱེས་པ་ Man
    འོ་རེད་རེད།
    Right.
  • བུད་མེད་ Woman
    དུས་ཚོད་ནི་ལྟ་དེ་འདྲ་བྱས། ལོ་ཁོ་ར་ནི་ཡར་ཡར་སླེབས་ཀྱིས།
    Time flies and I am getting older.
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    ཁྱེད་རང་ང་རང་སློབ་གྲྭ་ཡོད་དུས་ག་ཚོད་རེད། དགུང་ལོ།
    How old were you when we were at the school?
  • ང་ལས་བཞིའང་ལྔ་རའི་ཅིག་གིས་ཆེ་བ་ཡོད་དཱ་ཁྱེད་རང་།
    I think you are four years older than me.
  • སྐྱེས་པ་ Man
    ༣༥སླེབས་ཀྱི་ཡོད་རེད།
    I am 35 now.
  • བུད་མེད་ Woman
    ཨཱ་ལས། ལཱ་སོ།
    I see, okay.
  • སྐྱེས་པ་ Man
    རྒས་འཁོགས་ཆགས་འགྲོ་ཡོད་རེད་དཱ།
    I am almost an old man now.
  • བུད་མེད་ Woman
    སྤུ་བུ་བུ་ལྟ་༣༥གལ་ག་མ་རེད། ང་ཚོའི་གཏམ་དཔེ་ལ་སྤུ་གུ་བུ་ལོ་༤༠ལ་སླེབས་ན་མེ་ཏོག་ཡིན་ཟེར་གྱི་ཡོད་རེད།
    35 is very young. We have a proverb which says, "A male at the age of forty is a flower."
  • སྐྱེས་པ་ Man
    མེ་ཏོག་ལྟ་མི་འདུག་ལ།
    I am no way near a flower.
  • བུད་མེད་ Woman
    དངོས་གནས་ཟེར་གྱི་ཡོད་རེད། ལྟ་ང་ཚོ་སུམ་བཅུ་ལ་ཁ་གཏད་ཀྱི་འདུག་ག
    That's a popular saying. I am almost thirty now.
  • སྐྱེས་པ་ Man
    རེད་པས།
    I see.
  • བུད་མེད་ Woman
    ནང་ནས་སེམས་ཁྲལ་ཞེ་པོ་གནང་གིས། ལྟ་ཨེ་འདྲས་མ་བྱེད་གཅིག་བྱེད། ཅོ་ལགས་གཅིག་བཙལ།
    My family worries about me a lot. They want me to settle down.
  • སྐྱེས་པ་ Man
    ལྟ་གཅིག་བཙལ་རན་པ་རེད་དཱ། དངོས་གནས་ཁོ་ར།
    Now it is time for you to look for a partner.
  • བུད་མེད་ Woman
    ལྟ་མ་རེད། ཁོ་དུས་ཚོད་ར་ཅིག་མེད་པཱ། ཁོ་ཁྲོམ་གཟིགས་ཁང་ལ་ཕྱིན། འདུག་སེ་བལྟས་ཨོ་འདི་ཅ་ལག་རེད་ཉོས་བསམས་ནས་ཨེ་འདྲས་མེད་པཱ།
    The thing is that I don't have time. Also, it's not like a good that you pick and buy from a shop.
  • རེད་པཱ།
    Do you agree?
  • སྐྱེས་པ་ Man
    འདྲ་པོ་འདྲ་པོ་ཞིག་བྱུང་ན་འགྲིག་གི་ཡོད་རེད།
    If you could find a close match, that is good.
  • བུད་མེད་ Woman
    ལྟ་མ་རེད་ལས་ཟེར་ན་་་
    But karma...
  • སྐྱེས་པ་ Man
    འདེམས་འདེམས་སྒྲུག་སྒྲུག་བྱེད་ཀྱི་ཡོད་རེད་པ། དེ་བྱེད་ཀྱི་ཡོད་རེད།
    You must be choosy and picky. That's the problem.
  • བུད་མེད་ Woman
    དེ་འདྲ་ལྟ་མ་རེད། འདེམས་འདེམས་སྒྲུག་སྒྲུག་མ་རེད།
    It's not like that. I am not picky.
  • ལས་འབྲས་ཟེར་ཡག་དེ་ལ་ཞེ་པོ་བརྩི་གི་རེད་པཱ། བོད་པ་ཟེར་ཡག་དེ། ལས་ལ་གང་བསྐོས་མ་གཏོགས། སྣང་བ་གང་ཤར་ཟེར་ཡག་དེ་མེད་ཐག་ཆོད་འདི་དངོས་རེད་འདུག་ག
    We Tibetan strongly believe in karma. If it is not in your karma, then you can't do as you please.
  • སྐྱེས་པ་ Man
    འོ་འོ།
    Right.
  • བུད་མེད་ Woman
    སོ་སོས་མཚམས་མཚམས་དགའ་པ་ཨེ་འདྲས་ཐུག་ནའི་ཅིག་བྱེད་དགོས་བསམས་ནའང་ཚུར་དགའ་པོ་མི་འདུག་ག
    Sometimes even if you like someone, what is the use of it if that other person is not interested in you.
  • སྐྱེས་པ་ Man
    འོ།
    Right.
  • བུད་མེད་ Woman
    ཨཱ་ནི་སེམས་སྐྱོ་པོ་ཞེ་པོ་འདུག་ག
    It makes you very sad.
  • སྐྱེས་པ་ Man
    རེད་རེད།
    Right. Right.
  • བུད་མེད་ Woman
    ཨཱ་ནི་ཁ་སང་འོ་ཁྱེད་རང་ཨེ་འདྲས་གསུང་གི་འདུག་ག ང་ཚོའི་བདེ་སྐྱིད་ཟེར་ན་ཁྱེད་རང་ངོ་ཤེས་པ་ཨེ་འདྲས་འདུག ཁ་སང་ང་རྣམ་གཉིས་མཇལ་དུས་དགའ་པོ་བྱུང་འདྲ་འདུག་ག
    You told me that one of your friends is inquiring about me. That was when we met last time.
  • སྐྱེས་པ་ Man
    གཅིག་ཟེར།
    Yes.
  • བུད་མེད་ Woman
    ཨཱ་ནི་ངོ་སྤྲོད་བཟོ་ལྟ་གནང་ཡག་ཡོད་ན་གཅིག
    Don't you have someone you can introduce to me?
  • སྐྱེས་པ་ Man
    ཡཱ་ངས་ཉིན་པ་གཅིག་དངོས་གནས་ངོ་སྤྲོད་ཡག་པོ་བཏང་གོ་ཨང་། སོ་སོར། སྣང་དག་མི་དགོས། སོ་སོ་སྒུག་བཞུགས་ཤིག
    One day I will surely introduce a good man for you. Trust me, all you have to do is wait.
  • བུད་མེད་ Woman
    ཨའང་། ཨེ་འདྲས་ལྟ་ཞུ་གི་མེད། ལཱ་སེ།
    Ah. I am not requesting like that. Anyway.
  • ཨཱ་ནི་འདི་གནང་དང་། ཞལ་པར་འདི།
    Call me at that number.
  • སྐྱེས་པ་ Man
    ཡག་ཡག
    Sure.
  • བུད་མེད་ Woman
    ཨཱ་ནི་ཉིན་མ་གཅིག་གླིང་ཁ་བཏང་གནང་ན་མ་རེད་པས།
    So let us go on a picnic one day.
  • སྐྱེས་པ་ Man
    འོ་རེད།
    Yes.
  • བུད་མེད་ Woman
    གླིང་ཁ་གཅིག་བཏང་གནང་། ཨཱ་ནི་འདི་གནང་ན་དཔེ་ཡག་པོ་རྒྱོའོ་འདུག ང་ཚོ་གྲོགས་པོ་འདི་ཡོད་རེད་པཱ། བདུན་བརྒྱད་འདུག་ག
    There are about seven or eight or us. If we get together and go on a picnic, that will be very nice.
  • སྐྱེས་པ་ Man
    འོ། ཁོང་ཚོ་གང་ག་རུབ་རུབ་བཟོས།
    Yes. I will call them all.
  • བུད་མེད་ Woman
    འོ་རུབ་རུབ་བཟོས། ཚལ་སྣ་ཁ་རེ་རེ་འཁྱེར།
    Yes, get them together. Each of us can bring some food.
  • སྐྱེས་པ་ Man
    འོ་རེད་རེད།
    Righ.
  • བུད་མེད་ Woman
    ཨཱ་ནི་སོ་སོས་བག་ལེབ་དང་ཨེ་འདྲས་འཁྱེར། ཨཱ་ནི་གླིང་ཁའི་ནང་ཕྱིན་ན། ངས་འདི་བྱེད་ཀོ་མེད་བཏང་ཡག་ཀྱི་ཐབ་གཅིག་འཁྱེར་ཡོང་ཀོ
    And also bring some bread and things like that. We can go to a park, and I will also bring a stove.
  • སྐྱེས་པ་ Man
    འོ་རེད།
    Okay.
  • བུད་མེད་ Woman
    གཙོ་བོ་ལས་ཀ་དང་འདི་གས་གང་ག་ངས་འདི་བྱེད་ཀོ་ཨམ་བཱཡེ་(གོ་སྒྲིག)བྱེད་བཞག་གོ
    I will organize and arrange everything.
  • སྐྱེས་པ་ Man
    འོ་རེད།
    Okay.
  • བུད་མེད་ Woman
    སྣང་དག་ཡོག་མ་རེད།
    It wouldn't be a problem.
  • སྐྱེས་པ་ Man
    ཡག་ཡག
    Great.
  • བུད་མེད་ Woman
    འདི་བྱས་ཚར་པ་ཡིན་ན་འདི་བྱེད་ཀོ ཨང་གླིང་ཁའི་ནང་ལ་དངུལ་ཏིག་ཙམ་བསྡུས།
    We can also collect a small sum.
  • སྐྱེས་པ་ Man
    འོ་རེད།
    Right.
  • བུད་མེད་ Woman
    སོ་སོ་སོའི་ནང་ནས་ཚལ་སྣ་ཁ་རེ་འཁྱེར་ཡོང་།
    Bring a dish [food] from your home.
  • སྐྱེས་པ་ Man
    འདི་པ་འཐུང་ཡག་ཏིག་ཙམ་ཉོས།
    There we can buy some beverage.
  • བུད་མེད་ Woman
    འོ་འཐུང་ཡག་འདི་འདྲས། ཁྱེད་རྣམ་ཚོ་བཞེས་རག་ལ་མཉེས་པོ་ཡོད་འགྲོ
    I believe you guys like to alcohols.
  • སྐྱེས་པ་ Man
    བྱས་ཙང་ཨོ་ཙམ་ཡོད་དཱ་ང་ཡང་།
    Yes, I do drink a little.
  • བུད་མེད་ Woman
    འོ་བཞེས་རག་དང་ཨེ་འདྲས་ཏིག་ཙམ་ཉོས། རེད་པཱ།
    Then we should buy some beverage.
  • བུད་མེད་ Woman
    ཨཱ་ནི་གླིང་ཁའི་ནང་ལ་ཕྱིན། ཧཱ་ཧུ་སེར་ཉིན་མ་གཅིག་གཉིས་བཞུགས་ན་མ་རེད་པས།
    We can have a quality time in the park for a day or two.
  • སྐྱེས་པ་ Man
    རེད་རེད། ཉིན་མ་གསུམ་ཙམ་བཏང་ན།
    Right. How about we make it four days?
  • བུད་མེད་ Woman
    འོ་རེད།
    Right.
  • སྐྱེས་པ་ Man
    སྐྱིད་པོ་ཡོག་རེད། མ་རེད་པས།
    It is going to be fun.
  • བུད་མེད་ Woman
    ཨཱ་ནི་མི་ཁྱེད་རང་པར་ར་སྐྱོན་ཡག་ཨེ་འདྲས་ཡོད་ན་བསྣམས་ཕེབས་ཤོག
    If you have a camera, bring it.
  • སྐྱེས་པ་ Man
    ཡག་ཡག སྣང་དག་མི་དགོས། འདི་གས་ཡོད།
    Sure, no problem. I do have a camera.
  • བུད་མེད་ Woman
    འོ། པར་སྐྱོན་གནང་།
    Great, we can take some photos.
  • སྐྱེས་པ་ Man
    ཨཱ་ནི་མོ་ཊ་དང་འདི་གས་གང་ག་ངས་གྲ་སྒྲིག་བྱེད་ཀོ
    I will arrange the car.
  • བུད་མེད་ Woman
    ལཱ་སེ།
    Okay.
  • སྐྱེས་པ་ Man
    འདུག་སེ་བྱས་ན་ཡོང་བ་འདུག་གས།
    Is that okay?
  • བུད་མེད་ Woman
    འོ་ལཱ་སེ། ལོའོ་ལོའོ་ལོའོ།
    Okay.
  • སྐྱེས་པ་ Man
    རེད་པཱ།
    Right?
  • བུད་མེད་ Woman
    འོ། ལྟ་འོ་ན་འདི་བྱས་ངས་གཅིག་དགོངས་པ་ཞུས་ཀོ
    Okay. Then I will leave here.
  • སྐྱེས་པ་ Man
    ཡག་ཡག ངས་ཁ་པར་རྒྱག་ཀོ། མ་རེད་པས།
    Sure. I will call you. Is that okay?
  • བུད་མེད་ Woman
    འོ་རེད། ཨཱ་ནི་རྗེས་མ་ཡང་འདི་མགྲོན་ཁང་འདིའི་ནང་སྤྲོ་པོ་ར་ཅིག་འདུག་ག
    Yes. In the future, we can meet here more frequently.
  • སྐྱེས་པ་ Man
    འོ་ཨོ་ཙམ་འདུག་ག་འདའི་ཡཱ།
    Yes. It's a nice place.
  • བུད་མེད་ Woman
    ཁོའོ་ཕྷེ་དང་གསོལ་ཇ་མཆོད་ཀ
    It's a nice place to sip a cup of coffee or tea.
  • སྐྱེས་པ་ Man
    ཨཱ་ནི་བཞུགས་ཀ་ཕེབས་དང་འདའི་ཚུར།
    Do come here.
  • བུད་མེད་ Woman
    ལཱ་སེ། ཨཱ་ནི་ཞལ་པར་གནང་དང་། ཁྱེད་རྣམ་ཚོ་ཐུགས་བྲེལ་ཚ་པོ་རེད་པཱ།
    Okay. You can call me. I believe you are busy now.
  • སྐྱེས་པ་ Man
    སྣང་དག་མི་དགོས། ངས་ཁ་པར་རྒྱག་ཀོ
    Not at all. I will call you.
  • བུད་མེད་ Woman
    ང་ཚོ་ཐུགས་སུན་ཞུས་ནུས་ཀྱི་མི་འདུག
    We don't want to disturb you.
  • སྐྱེས་པ་ Man
    འ་ཛི་འདི་འདྲས་གལ་གནང་གི་མ་རེད། གལ་གནང་གི་མ་རེད།
    No, not at all. It's okay.
  • བུད་མེད་ Woman
    ལྟ་ང་གཅིག་དགོངས་པ་ཞུ་གི
    I am taking my leave now.
  • སྐྱེས་པ་ Man
    ལོའོ་ལོའོ།
  • བུད་མེད་ Woman
    ཨཱ་ནི་རྗེས་མ་མཇལ་ཡོང་།
    See you later.
  • སྐྱེས་པ་ Man
    འོ། ལོའོ་ལོའོ།
    Okay, all right.
  • བུད་མེད་ Woman
    ཨཱ་ནི་ཞལ་པར་གནང་ཨཱ།
    Do call me.
  • སྐྱེས་པ་ Man
    ལོའོ་ལོའོ། ཨ་ལས་ཕེབས་གོ།
    I will. Goodbye.
  • བུད་མེད་ Woman
    ལོའོ།
    Goodbye.