Skip to main content Skip to search
19 Oct 2017
4 min 12 sec
Rinchen Dorji
Video Overview
Creators: 
Yeshi Wangchuk

The song Densa Dangpa Micha Dangpa Cha is an old Boedra song, performed by Nazom and Kuenzang Dolma from Ura. These two women learned the song from their elders during festivals and other events while they were young. The lyrics of the song are religious in nature, and it is believed one can be blessed while singing and dancing the song. The song showcases the sacredness of relics in temples like Samye Lhakhang and Chokhor Lhasa in Tibet. People living in those places made offerings with full devotion; thus, in return, they were showered with blessings and received the teachings of Buddha Dharma. 

གདན་ས་དང་པ་མི་ཆགས་དང་པ་ཆགས་ཟེར་མི་འདི་ བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིནམ་ད་ གླུ་གཞས་འདི་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སྣ་འཛོམས་དང་ ཀུན་བཟང་སྒྲོལ་མ་གིས་འཐེནམ་ཨིན་པས། ཁོང་ཨམ་སྲུ་གཉིསཔ་འདི་གིས་ གླུ་གཞས་འདི་ ཁོང་ར་གཞོནམ་སྦེ་སྡོདཔ་ད་ ཚེས་བཅུ་དང་ དུས་སྟོན་གཞན་ཚུའི་སྐབས་སུ་ ཁོང་རའི་རྒས་ཤོས་ཚུ་ལས་ ལྷབ་ཡོདཔ་ཨིནམ་ད་ གླུ་གཞས་འདིའི་ཚིག་གི་རང་བཞིན་འདི་ ཆོས་བ་འབྲེལ་བ་ཡོདཔ་ལས་ འདི་འཐེན་ནི་དང་རྐྱབ་པ་ཅིན་ བྱིན་རླབས་འཇུག་ནི་ཨིན་པས། ཏེ་གླུ་གཞས་འདི་གིས་ ངོ་མ་ར་ བོད་བསམ་ཡས་དང་ཆོས་འཁོར་ལྷ་སའི་ ལྷ་ཁང་ནང་ཡོད་པའི་ ནང་རྟེན་ཚུ་ལུ་ དཔེ་སྟོན་འབདཝ་ད་ མཐའ་འཁོར་ལུ་སྡོད་མི་ཚུ་གིས་ དད་པའི་སྒོ་ལས་ མཆོད་ཕུལ་ཡོདཔ་ཨིན་པས། འདི་འབདཝ་ལས་ ཁོང་གིས་ ནང་རྟེན་འདི་ཚུ་ལས་ ཁོང་གི་བྱིན་རླབས་ཞུ་ཐོག་ལས་ དམ་པའི་ཆོས་ཐོབ་པའི་སྐོར་ལས་ཨིན་པས། 

Transcript search
No results found for this search
0 of 0
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་གདན་ས་དང་པ་མི་ཆགས་དང་པ་ཆགས་ལ། །གདན་ས་དང་པ་ཆོས་འཁོར་ལ་ལྷས་ས་ཆགས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་འདི་ལ་ནང་རྟེན་མི་བཞུགས་ནང་རྟེན་བཞུགས་ལ། །འདི་ལ་ནང་རྟེན་ཤཱཀྱ་ལ་མ་ཎི་བཞུགས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་ཤཱཀྱ་མ་ཎི་གསེར་ཁྲི་སྟེང་དུ་བཞུགས་ལ། །ཕྱག་དང་མཆོད་པ་གསེར་ཁྲི་ལ་འོག་ནས་ཕུལ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་སྐལ་པ་བཟང་པའི་(བའི་)ཨོ་ལོ་ཆོས་ལ་འགྲོ་ལ། །རྟེན་འབྲེལ་བཟང་པའི་(བའི་)བུ་མོ་ལ་བླ་མ་མཇལ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་བོད་ཀྱི་སྟོད་ལུ་མཚར་པོ་ཨ་ལོའི་ཡབ་ཆེན་ཞུ་ལ། །བཀྲ་རླུང་གི་མཚར་པོ་ལ་ཡབ་ཆེན་ཞུ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་གདན་ས་གཉིས་པ་མི་ཆགས་གཉིས་པ་ཆགས་ལ། །གདན་ས་གཉིས་པ་བསམ་ཡས་ལ་གཞུང་ལ་ཆགས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་འདི་ལ་ནང་རྟེན་མི་བཞུགས་ནང་རྟེན་བཞུགས་ལ། །འདི་ལ་ནང་རྟེན་ཆོས་སྐྱོང་ལ་ཆེན་པོ་བཞུགས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་ཆོས་སྐྱོང་ཆེན་པོ་གསེར་ཁྲི་ལ་སྟེང་དུ་བཞུགས་ལ། །ཕྱག་དང་མཆོད་པ་གསེར་ཁྲི་ལ་འོག་ནས་ཕུལ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་སྐལ་པ་བཟང་པའི་(བའི་)ཨོ་ལོ་ཆོས་ལ་འགྲོ་ལ། །རྟེན་འབྲེལ་བཟང་པའི་(བའི་)བུ་མོ་ལ་བླ་མ་མཇལ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ལས་བོད་ཀྱི་སྟོད་ལུ་མཚར་པོ་ཨ་ལོའི་ཡབ་ཆེན་བཞུགས་ལ། །བཀྲ་རླུང་གི་མཚར་པོ་ལ་ཡབ་ཆེན་བཞུགས།། །།