Skip to main content Skip to search
28 Aug 2018
4 min 29 sec
Ariana Maki
Video Overview
Creators: 
Sonam Tobgye

གླུ་གཞས་འདི་ནང་ མཚན་ལྡན་བླམ་དང་དཔོན་ འདི་ལས་ཕམ་འདི་ཚུ་ མི་སྡེའི་ནང་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་འབདཝ་ལས་ ཁོང་ཆ་ཁྱབ་ལུ་ གུས་བཏུད་དང་བསྟོད་པ་ཕུལ་ཏེ་ ཁོང་ཆ་ཁྱབ་ཀྱི་ཁྱད་ཆོས་ལྡན་པའི་ གསེར་དང་དངུལ་ འདི་ལས་གཡུ་དང་འདྲ་བའི་ ནོར་བུ་བཟུམ་ཅིག་ཨིན་ཟེར་མས། ཁོང་ཆ་ཁྱབ་ཚིག་ནང་དངོས་སུ་སྦེ་ བྱིན་ཆེ་ཟེར་མ་སྟོན་རུང་ ཁོང་གི་ཆིབས་རྟ་ལས་ བྱིན་རླབས་ཞུ་དགོཔ་ ཁག་ཆེ་བའི་སྐོར་ལས་ སླབ་མི་འདི་གི་ར་ ཁོང་ག་དེ་ཅིག་ཁག་ཆེཝ་ཨིན་ན་ཧ་གོ་ཚུགས་པས། ཏེ་དེ་བསྒང་འབད་བ་ཅིན་ རྟ་གུ་གཞོན་ཏེ་འོང་ས་མཐོང་པའི་བསྒང་ལས་ མི་འདི་ཡང་ཅིན་དཔོན་དང་ ཡང་ཅིན་ བླམ་ཚུ་འབདཝ་ལས་ རྟ་ལས་བརྟེན་ཁོང་ཆ་ཁྱབ་ག་དེ་ཅིག་ རྩ་ཆེཝ་ཨིན་ན་ཧ་གོ་ཚུགས་ཟེར་མས།  

 

This is a glorification song for key figures such as the spiritual masters, the high ranking personals and the parents to pay respect and homage because of their importance. The song also try to disclose the significance of them and equalizes to gold, silver and turquoise respectively to cinsiders them as precious figures. Though they are not explicitely disclosed in the lyrics as an important but its been expressed through their riding hourse as an precious and necessary to visit them to get blessing and to receive advices from the horses. But it is implicitely understood that they are more precious than their riding horses. Hence, the verses indirectly reveals the sacredness and significance to every living being through their precious horses. 

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    སྐལ་བཟང་གསེར་གྱི་རྟ་རའི་ནང་དུ་སྭོ། །སྐལ་བཟང་གསེར་གྱི་རྟ་རའི་ནང་དུ། །ངེའི་མཚན་ལྡན་བླ་མའི་ཆིབས་རྟ་བཙུགས་ནས་བཞག་ཡོད། །ངེའི་མཚན་ལྡན་བླ་མའི་ཆིབས་རྟ་བཙུགས་ནས་བཞག་ཡོད། །
  • སེངྒེ་བཟང་མོ་ Singye Zangmo
    ཕྱི་མ་བཀའ་བསྒོ་གནང་བའི་མི་རེ་སྭོ། །ཕྱི་མ་བཀའ་བསྒོ་གནང་བའི་མི་རེ་སྭོ། །ངེའི་མཚན་ལྡན་བླ་མའི་ཆིབས་རྟ་མཇལ་ལ་ཕེབས་ཤོག །ངེའི་མཚན་ལྡན་བླ་མའི་ཆིབས་རྟ་མཇལ་ལ་ཕེབས་ཤོག །
    In the fortunate golden horse shack, had kept my lords horse. Has the blessing of directing in near future, come for visiting my lords horse.
  • སེངྒེ་བཟང་མོ་ Singye Zangmo
    སྐལ་བཟང་དངུལ་གྱི་རྟ་རའི་ནང་དུ་སྭོ། །སྐལ་བཟང་དངུལ་གྱི་རྟ་རའི་ནང་དུ་སྭོ། །ངེའི་དབང་ཆེན་དཔོན་པོའི་ཆིབས་རྟ་བཙུགས་ནས་བཞག་ཡོད། །ངེའི་དབང་ཆེན་དཔོན་པོའི་ཆིབས་རྟ་བཙུགས་ནས་བཞག་ཡོད། །
  • སེངྒེ་བཟང་མོ་ Singye Zangmo
    བཀའ་བསྒོ་ཚིག་གསུམ་གནང་བའི་མི་རེ་སྭོ། །བཀའ་བསྒོ་ཚིག་གསུམ་གནང་བའི་མི་རེ་སྭོ། །ངེའི་དབང་ཆེན་དཔོན་པོའི་ཆིབས་རྟ་མཇལ་ལ་ཕེབས་ཤོག །ངེའི་དབང་ཆེན་དཔོན་པོའི་ཆིབས་རྟ་མཇལ་ལ་ཕེབས་ཤོག །
    In the fortunate silver horse shack, had kept my great king's horse. Has the blessing of authorities, come for visiting my lord’s horse.
  • སེངྒེ་བཟང་མོ་ Singye Zangmo
    སྐལ་བཟང་གཡུ་ཡི་རྟ་རའི་ནང་དུ་སྭོ། །སྐལ་བཟང་གཡུ་ཡི་རྟ་རའི་ནང་དུ་སྭོ། །ངེའི་ཡབ་ཆེན་ཨ་པའི་ཆིབས་རྟ་བཙུགས་ནས་བཞག་ཡོད། །ངེའི་ཡབ་ཆེན་ཨ་པའི་ཆིབས་རྟ་བཙུགས་ནས་བཞག་ཡོད། །
  • སེངྒེ་བཟང་མོ་ Singye Zangmo
    གཏམ་དང་ཚིག་གསུམ་མཁས་པའི་མི་རེ་སྭོ། །གཏམ་དང་ཚིག་གསུམ་མཁས་པའི་མི་རེ་སྭོ། །ངེའི་ཡབ་ཆེན་ཨ་པའི་ཆིབས་རྟ་མཇལ་ལ་ཕེབས་ཤོག །ངེའི་ཡབ་ཆེན་ཨ་པའི་ཆིབས་རྟ་མཇལ་ལ་ཕེབས་ཤོག། །།
    In the fortunate turquoise horse shack, had kept my father's horse. Has the blessing of expert communicating, come for visiting my lord’s horse.