Skip to main content Skip to search
21 Jun 2018
6 min 47 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Rinzin Dorji from Woongchilo village, in Jamkhar Gewog, Trashiyangtse Dzongkhag, discusses local practices of healing by poison extraction. The belief that extracting poison from various parts of the patient’s body can heal the patient is mostly found in eastern Bhutan. People residing in remote parts of Bhutan, in general, are known to have strong faith in the local healers of their locality. There is a general belief that if there is poison in the body, modern medicine can react adversely with it, doing more harm than good.

 

འཇམ་མཁར་རྒས་འོག་ གཡུས་འོ་ཅི་ལོ་ལས་ རིགས་འཛིན་རྡོ་རྗེས་གིས་ དུག་ལེན་ཐངས་སྐོར་ལས་ བཤད་དོ་ཡོདཔ་ཨིན་མས། དུག་ལེན་ནི་འདི་ཡང་ ཁྱབ་ཆེ་བ་ཅིག་ ཤར་ཕྱོགས་ཁ་ཐུགས་ལུ་ ཡོདཔ་ཨིན་མས། གཡུས་ཁ་སྡོད་མི་དང་ དེ་ལས་ས་གནས་ཐ་ཟུར་ན་ཡོད་མི་ཚུ་གིས་ ཧེ་མའི་ལམ་སྲོལ་ལུ་ ན་མེད་ས་མེད་ ཡིད་ཆེ་ཡོདཔ་མ་ཚད་ ལག་ལོན་ཡ་ ཐབས་དོ་ཡོདཔ་ཨིན་མས། ང་བཅས་རའི་ གཟུགས་ཁ་ལུ་ དུག་ཡོད་པ་ཅིན་ དུག་འདི་ར་སྟོན་གོ་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ལགས་སོ། ད་པ་ར་ངེའི་མིང་ ནཱ་འཇམ་མཁར་ ཤིང་མཁར་ལས་ཨིན་ལགས། རིན་འཛིན་ ངེའི་མིང་རིན་འཛིན་རྡོ་རྗེ་ཟེར་སླབ་ཨིན་ལགས། དེ་ལས་ མ་གཞི་ལྷབ་དགོ་མི་འདི་ དུག་ལེན་ནི་ མ་ལེགས་པ་ཟེར་མི་འདི་ ཧེ་མ་ཆུང་ཀུའི་བསྒང་ལུ་ང་བཅས་ཀྱིས་མ་ཤེས་ དེ་འབདཝ་ད་ ཧེ་མ་ནཱ་སྤྱང་མའི་དུང་ སྤང་རིང་མོ་ལུ་ མེས་མེས་དགེ་སློང་སངས་རྒྱས་ཟེར་སྡོད་ཡི་ལགས། འ་ནཱི་དགེ་སློང་སངས་རྒྱས་ཀྱིས་ ཁོ་ཞུ་འབག་མི་ ལྷབ་མི་ ནཱ་ང་བཅས་རའི་ནཱ་ རྒས་ཤོས་མེས་མེས་སྟོབས་རྒྱས་ཟེར་མི་ཅིག་འདུག
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཁོ་གིས་འབག་འོང་སྦེ་ ལྷབ་ནི་གི་སྔགས་དང་ག་ཅི་ཡང་ ཁོ་གས་ཞུ་སྦེ་ ཁོ་གིས་འབག་འོང་སྦེ་ ཏེ་སྔགས་ཡང་ཁོ་གིས་ལྷབ་འབག་འོང་སྦེ་ ཏེ་ནཱ་གཡུས་ཁར་དར་ཁྱབ་སོང་སྟེ་ ཧེ་མ་ཧེ་མ་ ཁོ་ཕུད་རྡོག་གཅིག་རང་ཨིན། ཏེ་ཁོ་གིས་འབད་ ཨ་ཙི་རེ་ང་བཅས་ར་ཚུ་ལུ་སྟོན་བྱིན་སྦེ་ ཨ་ཙི་རེ་སྟོན་ཏེ་ ཁོང་ཆ་ཁྱབ་ཀྱིས་ ཏེ་ཁྱེད་ཆ་ཁྱབ་ཀྱིས་ཕན་ཐོགས་ནི་མས་ཤུལ་ལས་ཟེར་ གནམ་མེད་ས་མེད་དགེ་བ་འོང་ནི་མས་ འ་ནཱི་ལེན་བྱིནམ་སྦེ་ རང་ཤི་སག་ས་ལུ་ཐུག་སྟེ་ ད་ལྟོ་རང་ན་ ཤིཝ་མས་ཤིཝ་མས་ཟེརཝ་ད་ དུས་འཕྲོ་ལས་འགྱོ་སྦེ་ དྲིན་མ་བཀལ་བར་སོང་སྦེ་
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཏེ་ཁྱེད་ཆ་ཁྱབ་ཀྱིས་ལེན་བྱིན་ཟེར་ ང་བཅས་ཀྱིས་ཁྱབ་མི་ཚུགས་པས་ཟེར་སླབ་ལས་ ཏེ་ཨ་ཙི་རེ་ང་བཅས་ཀྱིས་ མགུ་ཏོ་ན་ ད་ལྟ་རང་ གསོབ་གསོབ་བཟུམ་སྦེ་ན་ནཝ་ ཕོཝ་ན་སྟེ་ གནམ་མེད་ས་མེད་ན་སྟེ་ ད་ལྟོ་རང་ [ཡར་ལོངས་མར་བཀུགཔ་འབད་དེ་?] ལྟོ་རང་ཤི་ནི་ཨིན་མས་ཟེར་སླབ་མི་འདི་ ཏེ་ང་བཅས་སོང་སྦེ་ ཨ་ཙི་རེ་ ལ་ལུ་ལེན་བྱིནམ་ད་ལུ་དྲག་པས་ རང་གི་ལེན་བྱིན་མི་ཚུ་ ལ་ལུ་འདི་ རིམ་འགྲོའི་ཁྱད་པར་ཨིནམ་འོང་ ལ་ལུ་འདི་སྨན་བཅོས་འགྱོཝ་མས། སྨན་བཅོས་ཀྱིས་འགྱོ་མ་བཏུབ་མི་ཚུ་ ང་བཅས་ཀྱིས་ ད་ལྟོ་རང་ཤི་ནི་མས་ ཁོང་གིས་འབད་མི་ཚུ་ལུ།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ང་བཅས་ཀྱིས་ལེན་བྱིན་མི་འདི་ དྲག་འགྱོཝ་མས་ཟེར་ཞུ་ནི་ལགས། ཏེ་མ་གཞི་རང་གི་སྔགས་ལྷབ་དགོཔ་དང་ སྔགས་རང་འདི་ ཁོང་ སྒོམ་ནི་འདི་ང་བཅས་ར་གུ་རུ་ ཏེ་གུ་རུ་རང་བསྒོམ་དགོ་པས། དེ་ལས་མ་པ་ལྷབ་ནི་ཨིན་པ་ཅིན་ ཁོང་རང་རང་སོ་སོའི་ ང་བཅས་ཀྱིས་ ཕུརཔ་གི་ལྷབ་ཅི་ལགས། སྔགས་འདི་ཕུརཔ་གི་སྔགས་འདི་ དེ་ལས་རོགས་ ད་རུང་ ཕྱག་ན་རྡོ་རྗེ་ཟེར་མི་ཅིག་ཡང་ཡོད་ལོ་ལགས། ཏེ་ཕྱག་ན་རྡོ་རྗེ་གི་འདི་ ང་བཅས་ཀྱིས་མ་ལྷབ་ ཟེར་ཞུ་ནི་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཏེ་ལྷབ་སྦེ་ མ་པ་དུག་ལེན་ནི་གཅིག་དང་ མ་པ་ཨིན་རུང་ མ་ལེགས་པ་ལེན་ ཏེ་འ་ནཱི་རྒྱ་ནད་ཟེར་ ཏེ་ཨམ་སྲུ་ཨིན་རུང་ཕོ་རྒྱ་ཨིན་རུང་ ལེན་དགོ་པས་བ་ལགས། འ་ནཱི་གཅིག་ལེན་བྱིན་བྱིནམ་ཅིག་རང་ཨིན་ལགས། གཞན་འདི་ཏེ་ཤེས་ཤེསཔ་ཡང་མེད་ལགས། ང་བཅས་ཀྱིས་ཞུ་དགོཔ་ཟེར་ ད་རུང་ལེ་ཤ་མིན་འདུག་ ཤེས་ཡང་མི་ཤེས་པས་ ཏེ་རྒྱལ་རབས་ཚུ་འདི་མི་ཤེས་ མ་པ་ང་གིས་འདི་ ག་ཅི་ཡང་ཟེར་ཞུ་ནི་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    རྒྱ་ནད་ཟེར་མི་འདི་ལགས་ ང་བཅས་ར་ དཔེ་འབད་བ་ཅིན་ ང་བཅས་ཕོ་རྒྱ་ཨིན་རུང་ མར་སྲོག་ལས་ལེན་དགོ་པས་ ཏེ་ཨམ་སྲུ་ཨིན་རུང་སྲོག་ལས་རང་ལེན་མས་བ་ལགས་ རྒྱ་ནད་འདི་ལགས། ཏེ་རྒྱ་ནད་ཟེར་མི་གིས་ མ་པ་རྟགས་མཚན་འབད་བ་ཅིན་ ག་ཅི་འབདཝ་སྨོ་ཟེར་བ་ཅིན་ རྒྱ་ནད་ཀྱི་རིགས་ལེ་ཤ་འདུག་ལགས་རྒྱ་ནད་ལུ་ཡང་ ཏེ་དུས་འཕྲོ་ལས་ ང་བཅས་ར་ ཨ་ལོ་སྐྱེ་ནི་བཟུམ་སྦེ་ ད་ལྟོ་རང་ བུ་གཞི་མཐོང་ནི་བཟུམ་སྦེ་ ཟུག་རྐྱབ་སྟེ་ སྒལ་ཏོ་ན་ ཏེ་འ་ནཱི་
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ལྟེའུ་ན་སྟེ་ ང་བཅས་ར་གནམ་མེད་ས་མེད་ན་ནི་ཅིག་འདུག་ལགས། འ་ནཱི་ཡང་འདུག གཅིགཔ་མགུ་འཁོར་ཏེ་ ཨཝ་བཤལ་ནི་ཡང་འདུག་ལགས། དེ་ལས་ གཅིགཔ་རང་ཨཝ་བཤལ་ མགུ་འཁོར་ཏེ་ མགུ་ཏོ་ན་ནི་ དེ་ལས་གཅིགཔ་འདི་ ང་བཅས་ར་ ཨིན་ཅིག་མིན་ཅིག་རྟགས་མཚན་འབད་བ་ཅིན་ རང་གི་ཕོཝ་ན་སྟེ་ ད་ལྟོ་རང་སྒལ་ཏོ་ན་སྟེ་ དེ་ལས་ཕྲང་ཕྲང་རང་ད་ལྟོ་རང་ ཨཝ་ ཆབ་གསང་གང་དོ་བཟུམ་སྦེ་ ལོང་སྟེ།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ལོང་བལྟཝ་འདྲཝ་ མར་སྡོད་བལྟཝ་འདྲཝ་ ག་ཅི་འབད་བལྟ་རུང་ དྲག་མི་བཏུབ་པས་ལགས། འ་ནཱི་འདི་ལེན་དགོ་པས་ལགས་ འ་ནཱི་ལེན་བྱིནམ་ད་ལུ་ དྲགཔ་མས་ཟེར་ཞུ་ནི་ལགས། ཏེ་ཨམ་སྲུ་ལུ་ཡང་ ཨམ་སྲུ་ཕོ་རྒྱ་ཅོག་ར་འཐདཔ་སྦེ་འདུག་འ་ནཱི་འདི་ དེ་ལས་ད་ གཞན་ལེ་ཤ་རྟགས་མཚན་ཡོདཔ་འོང་ཡོད་ནི་འདི་ ང་བཅས་ཀྱིས་གནམ་མེད་ས་མེད་མི་ཤེས་པས་ལགས་འ་ནཱི་འདི། ཏེ་རོགས་ཨ་རྟག་ར་ ལེན་ནི་ནི་ཡང་ ང་བཅས་ར་ཧེ་མ་ མེས་མེས་ རྩ་བའི་བླ་མ་ རོགས་རྩ་བའི་བླམ་བཟུམ་སྦེ་ར་ཨིན་པས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཏེ་རོགས་སྟོན་བྱིན་མི་གིས་ཡང་ ཨ་ཙི་རེ་དེ་སྦེ་སྟོན་བྱིན་དེས་ལགས། ཏེ་དེ་སྦེ་ཨ་ཙི་རེ་ ང་བཅས་ཀྱིས་ལྷབ་སྟེ་ མ་པ་ཕན་ཐོགས་མི་ཚུ་ལུ་ལེན་བྱིན་ཡི་ ཏེ་ཁོང་ མ་གཞི་སྨན་ཁང་གི་ཧོངས་ལས་འབད་བ་ཅིན་ ལེན་མི་ཆོག་ཟེར་ ཏེ་མ་ལེགས་པ་ཕོག་པ་ཅིན་ ང་བཅས་ཀྱིས་ མ་ལེགས་པ་འདི་མགུ་ཏོ་ཁ་ལས་ལེན་སྦེ་ ཏེ་རྭཝ་བརྡབས་སྦེ་ལེན་བྱིན་ཡི། དེ་ལས་ རྭཝ་བརྡབས་སྟེ་ལེན་བྱིནམ་ད་ལུ་ བཏོག་དགོ་པས་ བཏོག་མི་ཆོག་ཁོང་གིས་ ཏེ་སྨན་ཁང་གི་སྐོར་ལས་ཨིན་པ་ཅིན་ ལེན་མི་བཅུག་པས་ཟེར་ཞུ་གེ་ལགས། ཏེ་དེ་སྦེ་ ལ་ལུ་འདི་ ང་བཅས་ཀྱིས་བཏོག་སྟེ་
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ལེན་མི་འདི་ གནམ་མེད་ས་མེད་ ལེགས་ཤོམ་སོང་སྟེ་ནཱ་ལུ་རང་དྲག་སྟེ་ སྨན་ཁང་ནང་ཡང་འབག་མི་དགོ་པས། ཏེ་ལ་ལུ་འདི་ སྨན་ཁང་ནང་འབག་སྦེ་ འ་ནཱི་མ་ལེན་པར་འབག་རུང་ར་ ཏེ་སྨན་ཁང་ནང་ལྷོདཔ་ད་ལུ་འདི་ ལེན་རང་ལེན་དགོ་པས་ལགས། འ་ནཱི་ མ་ལེན་པ་ཅིན་ ཕར་སྨན་གྱིས་ཡང་མི་དྲག་པས་ཟེར་ཞུ་ནི་ལགས། ཏེ་འ་ནཱི་ལུགས་སྲོལ་གཅིག་འདུག ཏེ་ང་བཅས་ཀྱིས་ལེན་ཏེ་ གཞན་གྱི་རང་འདི་ ང་བཅས་ཀྱིས་གནམ་མེད་ས་མེད་ མི་ཤེས་ཟེར་ཞུ་ནི་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    མ་ལེགས་པ་ཨིན་པ་ཅིན་ ང་བཅས་ར་ ཡང་ན་ གཟུགས་ན་ནི་ཚ་ནི་ཅིག་ཡང་འདུག་ལགས། མགུ་ཏོ་ ཡང་ན་ མང་ཤོས་རང་ མགུ་ཏོ་གུ་ཕོགཔ་མས་ལགས་ཁོང་ མགུ་ཏོ་གུ་ན་ཚ་སྦེ་ གནམ་མེད་ས་མེད་གསོབ་དོ་བཟུམ་སྦེ་ འབད་མ་ཚུགས་པར་གསོབ་དོ་བཟུམ་སྦེ་ནཝ་མས་ དེ་ལས་འ་ནཱི་གསོབ་དོ་བཟུམ་སྦེ་ནཝ་ད་ལུ་ ད་དུས་འཕྲོ་ལས་ར་ཁོ་ལུ་ སོངམ་ཅིག་ རང་གིས་སྔགས་ཚིག་ སྔགས་ཅིག་བསྒྲུབས་སྦེ་ སྔགས་མ་སྒྲུབ་རུང་ མ་པ་དུས་འཕྲོ་ལས་ ཁོ་ཤུགས་སྦེ་རང་ན་སྟེ་ཡོད་པ་ཅིན།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    དུས་འཕྲོ་ལས་ རང་འགྱོཝ་ཅིག་ རྭཝ་ཅིག་འབག་སྦེ་ ཨ་ཙི་ཅིག་བཏོག་སྟེ་ རང་གིས་བཏོགཔ་ཅིག་ ལེན་བྱིན་རུང་བཏུབ་པས་ཟེར་ཞུ་ནི་ལགས། དེ་ལས་བཏོགཔ་ད་ལུ་ཡང་ ཁྱད་པར་ཅིག་འདུག་ལགས་ད་རུང་ཁོང་གི་ བཏོགཔ་ད་ལུ་ཡང་ ད་རུང་འ་ནཱི་རྩ་བཏོག་ནི་ལུ་འདྲོག་སྟེ་ འདྲོགཔ་མས་ལགས་ང་བཅས་ཡང་ རྩ་བཏོག་ད་བ་ཅིན་ དེ་ལས་ཁྲག་མི་ཆད་པས་ དེ་ལས་སྨན་ཁང་ནང་འབག་སྟེ་དྲགན་མ་གཏོགས་ གཞན་ག་ཏེ་ཡང་ དྲག་མི་ཚུགས་པས་ ཁྲག་ཆད་མི་བཏུབ་པས་ཟེར།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཏེ་འ་ནཱི་རྩ་ལུ་ཡང་བལྟ་དགོ་པས་ལགས་རང་གིས་ ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་རྩ་ལུ་ཡང་ ཕར་ཚུར་བཏོག་ནི་མེད་ ཏེ་ཡར་མར་སྦེ་ རང་གིས་རྩ་ག་ཏེ་འདུག་ག་བལྟ་སྟེ་ རྩ་ལེགས་ཤོམ་སྦེ་རང་བལྟ་སྦེ་བཏོག་དགོ་པས་ལགས། འ་ནཱི་བཏོག་སྟེ་ལེན་བྱིན་དགོ་པས་ལགས། ཏེ་དེ་འབདཝ་ལས་རང་གིས། དེ་ལས་ཁོ་མ་ལེགས་པ་ཨིན་པ་ཅིན་ ཏེ་ང་བཅས་ར་ ཁྲག་རྐྱངམ་ཅིག་ཡང་མེན་པར་ ཏེ་འ་ནཱི་ལྦ་ག་ ལྦ་ག་ཡོདཔ་སྦེ་ ད་ལྟོ་དཔེར་ན་འབད་བ་ཅིན་ ང་བཅས་ར་ ཚིལ་མ་དང་ཁྲག་བསླ་བསྲེས་སྦེ་ཐོན་དོ་བཟུམ་སྦེ་འཐེནམ་མས་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    འ་ནཱི་སྦེ་ཐོན་ཏེ་ རྡོག་རྡོག་སྦེ་ཐོན་ ཏེ་ལེན་མ་དགོཔ་འབད་བ་ཅིན་ མ་པ་ལས་རང་ ཁོ་གི་ག་ཅི་ཡང་མི་འཐོན་པས་ལགས། ཁྲག་རྐྱངམ་གཅིག་འཐོནམ་མས་ཟེར་ཞུ་ནི། དེ་ལས་ གཞན་འདི་ མ་པ་རྟགས་མཚན་རང་ ཁོ་ཤུགས་རང་ ན་ནི་གཅིག་ དེ་ལས་ ལ་ལུ་འདི་ སི་ཉི་ ༼ཐིང་ངེ་གི་བྲོཝ་བཟུམ་གྱི་ཚོར་བ་ཅིག་༽ གཟུགས་ག་ར་སི་ཉི་ནཝ་མས་ལགས་ཁོ་གིས་ དེ་ལས་ཁོ་ སི་ཉི་ ན་བ་ཅིན་ ཁོ་གི་མགྱོགས་པར་མགྱོགས་པར་ མ་ལེན་པ་ཅིན་ ཁོ་ཨ་ཙི་ཅིག་ཕྱི་ནི་ཡང་འདུག་ཟེར་ཞུ་ནི་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཁོ་འདི་ མགྱོགས་པར་རང་ལེན་མ་བྱིན་པ་ཅིན་ འ་ནཱི་ཟུན་ཞིནམ་ལས་ གཟུགས་ཁར་ཟུན་ཚར་ཞིནམ་ལས་ཁོ་ ག་ཏེ་ལས་ལེན་རུང་ མགྱོགས་པར་དྲག་མི་ཚུགས་པས་ཟེར་ཞུ་ནི་ལགས། ཏེ་གཞན་འདི་རང་འདི་ ལེན་དགོཔ་མིན་འདུག དུག་ཟེར་མི་འདི་ དུག་ཟེར་མི་འདི་ ཁ་གིས་ལེན་མས་བ་ལགས་ ད་ལྟོ་ ཁོང་རེམ་གཉིསམ་གིས་ལེན་མས། འ་ནཱི་དུག་གི་འབད་བ་ཅིན་ ང་བཅས་ཀྱིས་ལེན་ཡང་མ་ལེན་ ལྷབ་ཡང་མ་ལྷབ་ ཐོབ་ཡང་མ་ཐོབ་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    དུག་འབད་བ་ཅིན་ ཁ་གིས་ བཏོག་ཡང་མ་བཏོག་པར་ འཇིབས་སྦེ་ལེན་མི་ཡང་ཡོད་ལགས་རེམ་གཉིསམ་ ཁོང་རྒས་ཤོས་ཚུ་ ཏེ་འ་ནཱི་གི་འདི་ ང་བཅས་ཀྱིས་ སྔགས་ཡང་མ་ཤེས་ ལེན་ནི་ཡང་ ལེན་ཡང་མ་ལེན་ ཏེ་མ་པ་ ང་གི་ཁ་ཐུག་ལས་ཞུ་ནི་ཟེར་ཡང་ གནམ་མེད་ས་མེད་ཅིག་མེད་ འ་ནཱི་ཅིག་ར་ཨིན་ལགས་ འ་ནཱིམ་ཅིག་རང་ དུག་གི་སྐོར་ལས།། །།