Skip to main content Skip to search
21 Jun 2018
2 min 23 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

In this video, Rinzin Dorji from Woongchilo village in Jamkhar Gewog narrates an account of how boils are treated. A boil, or skin abscess, is often painful; they grow larger until they are drained. Boils usually look like red bumps or lumps on the skin, and over time they fill with pus. 

 

བཀྲ་ཤིས་གཡང་རྕིས་ འོ་ཅིག་ལོ་གཡུས་མཚན་ནང་ལས་ཨིན་མི་ རིགས་འཛིན་རྡོ་རྗེས་གིས་སུན་འཐལ་བཅས་པའི་སྐོར་ལས་ བཤད་འདི་ཡོདཔ་ཨིན་མས། འདི་ཡང་ སྲིན་འཐོལ་དང་ པ་ཀོའི་ ནད་གཞི་འདི་ཚུ་འདི་ ན་མེད་ས་མེད་ན་ན་ཟུ་ཡོདཔ་ཨིན་མས། འདི་ཚུ་གིས་ སྦོམ་སྦོམ་འགྱོ་དོ་ཡོདཔ་ཨིན་མས།  སུན་དོལ་འདི་ སྦོམ་ཐལཝ་ད་ལུ་ སྒོང་རིལ་དམརཔོ་བཟུམ་ འགྱོ་དོ་ཡོདཔ་ ཨིན་མས།

 

Transcript search
No results found for this search
0 of 0
  • རིན་འཛིན་རྡོ་རྗེ་ Rinzin Dorji
    མ་གཞི་ ལེན་ནི་གི་ སྲིན་ཐོལ་གྱི་ཨིན་པ་ཅིན་ཁོ་ འགོ་དང་པ་རང་དམརཔོ་འགྱོཝ་མས་བ་ལགས་ གཟུགས་ལུ་ལགས། དམརཔོ་འགྱོཝ་ཅིག་ འ་ནཱི་རྣག་བསགས་བཅུག་སྦེ་ ཞག་གཅིག་གཉིས་འགྱོ་ཞིནམ་ལས་ འ་ནཱི་རྣག་གི་ཐོག་ཁར་དཀརཔོ་འགྱོཝ་མས། དཀརཔོ་འགྱོ་ཞིནམ་ལས་འདི་ འ་ནཱི་ཨ་ཙི་ཅིག་ ཐོག་ཁ་ལས་སྤྱི་ཏོག་བཏོག་སྟེ་ རྭཝ་བརྡབས་སྦེ་འཐེན་བཏངམ་ད་ ཁོ་འདི་དྲགཔ་མས་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    དེ་ལས་ ད་མི་ལེགས་པའི་རྟགས་མཚན་ ཁོ་གི་ མ་ལེགས་པ་ཕོག་མི་འདི་ག་ཅི་སྦེ་ དུས་ཡུན་ཐུང་ཀུ་འདི་ ག་དེ་སྦེ་འབདཝ་སྨོ་ཟེར་བ་ཅིན་ལགས། དུས་འཕྲོ་ལས་ར་ ཡང་ན་ རྐངམ་ལགཔ་ལུ་བཟུམ་སྦེ་ ཡང་ན་དུས་འཕྲོ་ལས་ཕོཝ་བཟུམ་སྦེ་ གནམ་མེད་ས་མེད་ན་སྟེ་ ད་ལྟོ་རང་གསོབ་སྟེ་ ན་སྟེ་ [ཡར་ལོངས་མར་བཀུགཔ་འབད་མི་ཚུ་?] ག་འོངམ་གུ་ལས་འོངམ་རང་མེད་པར་ ཚར་གཅིག་གུ་ན་ནི་ཅིག་འདུག་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཏེ་འ་ནཱི་འདི་འབད་བ་ཅིན་ མགྱོགས་པར་ར་ དུས་འཕྲོ་ལས་ར་ ཏེ་ཡང་ན་ཁོ་ ཕོཝ་རང་ན་ ཡང་ན་ འ་ནཱི་སྒལ་ཏོ་རོ་ན་ གནམ་མེད་ས་མེད་ན་སྟེ་ [ཡར་ལོངས་མར་བཀུགཔ་འབད་མི་ཚུ་?] འབད་བ་ཅིན་ ཏེ་དུས་འཕྲོ་ལས་དྲཔ་ཅིག་ར་ ཏེ་རྭཝ་ཐེབས་ཡོད་པ་ཅིན་ གཉིས་དེ་ཅིག་འབད་ར་འཐེན་ཏེ་ལེན་བྱིནམ་དྲག་པས་ལགས། ཏེ་གཅིག་གིས་འབད་ གཅིག་གིས་འབད་འཐེན་ཏེ་ ཡུན་རིངམོ་སྦེ་རང་ ཁོ་ཁ་ཙ་ཁ་ཉིནམ་ལས་ར་ན་སྟེ་ གནམ་མེད་ས་མེད་ར་ད་ལྟོ།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཤུགས་ན་སྟེ་ ནཝ་ཚཝ་ ཨ་ཙི་རེ་ཚ་སྟེ་ ན་ནི་འདི་ན་ འབད་ཚུགསཔ་ཅིག་སྦེ་སྡོད་མི་ཚུ་རང་འདི་ ཏེ་གྲོས་ཀྱིས་སྦེ་ལེན་བྱིན་རུང་བཏུབ་པས་ལགས། ཏེ་ད་ གནམ་མེད་ས་མེད་ ད་ལྟ་ར་ དུས་ཡུན་ཐུང་སུ་ཅིག་སྦེ་ན་མི་འདི་ ཤི་ནི་ཉེན་ཁ་འདུག་ལགས། ཏེ་ང་བཅས་ར་རྐངམ་བྱིནམ་ཐག་བཟུམ་འགྱོ་ ཏེ་གཟུགས་ག་ར་དམ་ ཚར་གཅིག་གུ་ ནཝ་ཚཝ་སྦེ་འོང་མས་ལགས།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    འ་ནཱི་འདི་ མགྱོགས་པ་རང་ ཨ་ཙིཅིག་ རང་གིས་མགྱོག་སུ་ཅིག་འབད་ར་ལེན་བྱིན་དགོ་པས་ཟེར་ཞུ་གེ་ལགས། ཏེ་འ་ནཱི་ལེནམ་ད་ལུ་ རང་གིས་ལེནམ་ད་ལུ་ ཁོ་ལུ་ཏེ་ ཆུ་ཚོད་གཅིག་གཉིས་དེམ་ཅིག་ ཨ་ཙི་ཅིག་ཁོ་ ན་ནཝ་ཡང་མ་སངས་པར་དེམ་ཅིག་སྦེ་རང་སྡོདཔ་མས། ཆུ་ཚོད་གཅིག་གཉིས་ལས་ ཁོ་རའི་རྟགས་མཚན་ ཁོ་ར་ཉལ་ཏེ་ གཉིད་སྡུག་རྐྱབ་སྟེ།
  • རིན་འཛིན་རྡོ་རྗེ་ Rinzin Dorji
    ཏེ་ན་ནཝ་ཨ་ཙི་སངས་ཞིནམ་ལས་འདི་ འ་ནཱ་ལས་མར་ ནཝ་ཚཝ་ཡང་མི་འབད་བས་ཟེར་ཞུ་གེ་ལགས། ཏེ་འ་ནཱ་ལས་ མ་གཞི་ང་བཅས་ཀྱིས་འདི་ ལེན་ནི་ཟེར་ རིགས་རང་དེམ་ཅིག་རྐྱངམ་ཅིག་ཤེས་ཅི་ དེ་ལས་ད་རུང་འདི་ལས་ལྷགཔ་སྦེ་ཞུ་ནི་ཅིག་མེད་ལགས།། །།