Skip to main content Skip to search
06 Jun 2018
8 min 33 sec
Rinchen Dorji
Video Overview
Creators: 
penchela

Ap Dorji from Balung village sings a boedra song with a Lebey song tune, which translates as ‘it is good’ in English. This song is slow and sung with a long, soothing tune. Ap Dorji could not recall who had composed it but he remembered learning it from elder person in the village. 

༉  དར་དཀར་ན་རྫོང་ཁག་ ལ་རྒྱབ་རྒེད་འོག་ བ་ལུང་གཡུས་ཚན་ལས་རྡོ་རྗེ་གིས་ ཤར་ཕི་ལས་ཁྲི་གདུགས་ནམ་ཡང་ཤར་ ཟེར་མི་འདི་འཐེནམ་ཨིནམ་ད་ གླུ་གཞས་ཀྱི་གདངས་དབྱངས་འབད་བ་ཅིན་ རྒྱལ་ཡོངས་དགའ་སྟོན་ཚུ་ནང་རྐྱབ་སྲོལ་ཡོད་པའི་ཡོངས་གྲགས་ཅན་གྱི་ལེགས་པས་ཀྱི་གདངས་དབྱངས་བཟུམ་སྦེ་འཐེན་ནི་འདུག དེ་སྦེ་གདངས་རིངམོ་ གོ་ལེ་འབད་འཐེན་མི་གླུ་གཞས་འདི་ ཁོང་གི་གཡུས་ཁ་ལུ་ དུས་དང་ཕུ་ལས་ར་འཐེན་སྲོལ་ཡོདཔ་ཨིན་རུང་ རྩོམ་པ་པོ་ག་ཨིན་ན་མ་ཤེས་དོ་ཡོདཔ་མས། རྡོ་རྗེ་ཁོ་ར་འབད་བ་ཅིན་ གཡུས་ཁའི་མི་རྒན་ཤོས་ཚུ་ལས་ལྷབ་ལྷབ་ཨིན་པས།

Transcript search
No results found for this search
0 of 0
  • ཨཔ་རྡོེ། །
    Ap Dorji: ཏེ་དེ་ལས་ན་ལས་མར་འགྱོཝ་ད་ འགོ་བཙུགས་པའི་ཚེ་གི་
  • ཨཔ་རྡོེ། །
    Ap Dorji: ཤར་ཕི་ལས་ཁྲི་གདུགས་ནམ་ཡང་ཤར་དབའེ། ། ད་རིས་ཤར་བའི་ཁྲི་གདུགས་དབའེ་དྲོད་ལྡན་པས། །དྲོད་ལྡན་པས།
  • ཨཔ་རྡོེ།
    Ap Dorji: ནུབ་ཕི་ལས་ཞུ་ཤ་(ཆུ་ཤེལ་)དབའེ་ནམ་ཡང་ཚེས་དབའེ། ། ད་རིས་ཚེས་པའི་ཞུ་ཤེལ་(ཆུ་ཤེལ་)དབའེ་མདངས་དཀར་བས། །
  • ཨཔ་རྡོེ།
    Ap Dorji: ཡར་བྱང་ལས་མཚན་ལྡན་མ་བླམ་ཡང་འབྱོན་དབའེ། ། ད་རིས་འབྱོན་པའི་མཚན་ལྡན་དབའེ་བྱིན་རླབས་ཆེ། །བྱིན་རླབས་ཆེ་ཟེར་
  • ཨཔ་རྡོེ།
    Ap Dorji: ཏེ་འ་ནི་སྦེ་ ལོག་མར་[འབའ་ཅོ་ཁར་?](འབའ་ཐང་ནང་)ལྷོདཔ་ཨིན་ལགས།
  • ཨཔ་རྡོེ།
    Ap Dorji: ཏེ་དེ་ལས་མར་ལུ་ སྤང་[སྒྲིལ་ཤོས་སྤང་གི་མ་?]འདི་ཁ་ལུ་དབའེ། ། ལོ་ལ་ན་ཧིང་ཟེར་ཏེ་མ་ཧ་ལ། །
  • ཨཔ་རྡོེ།
    Ap Dorji: ལོ་དུས་ཅི་ཟེར་ཏེ་མ་ཕྱི་དགོ་དབའེ། ། ཉིནམ་ལོ་ཟླ་ཞག་གི་དབའེ་མཆོད་པ་བཞེས། །མཆོད་པ་བཞེས་ཟེར་
  • ཨཔ་རྡོེ།
    Ap Dorji: ཏེ་འ་ནི་སྦེ་ མར་གྱི་འདི་འ་ནཱི་སྦེ་བཏངམ་ཨིན་ལགས། ཏེ་དེ་ལས་ མར་གྱི་ལེགས་པའི་ལེགས་བཤད་རྐྱབ་འབད་སྦེ་
  • ཨཔ་རྡོེ།
    Ap Dorji: སྤང་[སྒྲིལ་ཤོས་སྤང་གི་མ་?]འདི་ཁ་ལུ་དབའེ། ། ལོ་ལ་ན་ཧིང་དགའ་དང་དབའེ་དུས་ཅི་སྐྱིད། །དུས་ཅི་སྐྱིད།
  • ཨཔ་རྡོེ།
    Ap Dorji: དེ་ལས་ ལམ་བདའ་གི་འདི་ ལོག་མར་ལས་ཡར་ལྟ་འོངམ་ད་
  • ཨཔ་རྡོེ།
    Ap Dorji: [ཉིམ་སུ་ཉི་མའི་དབའེ་རི་མཐོ་ལུ་དབའེ། །?]ན་ཕྱྭ་དང་ཧུ་གིས་དབའེ་སྟེང་ལུ་འབྱོན། །
  • ཨཔ་རྡོེ།
    Ap Dorji: ན་སྐྱེས་པའི་མདའ་ཁ་དབའེ་གཟིགས་པར་འབྱོན་དབའེ། །ན་སྐྱེས་པ་དམངས་ལུ་དབའེ་ཞུ་མ་བཅུག །
  • ཨཔ་རྡོེ།
    Ap Dorji: ད་སྐྱེས་པ་དམངས་ལུ་ཞུ་བཅུག་ཟེར་མི་འདི་ ད་ང་བཅས་ཉི་མ་ མདའ་རྐྱབ་ད་ མདའ་ཕོག་མ་བཅུག་ཟེར་ སྨོན་ལམ་འདི་བཏབ་ཨིན་ལགས།
  • ཨཔ་རྡོེ།
    Ap Dorji: [ནུམོ་སུ་ནུབ་མོའི་མ་རི་མཐོ་ལུ་དབའེ། །?]ན་སྤོས་དང་དཀར་མེ་དབའེ་སྟེང་ལུ་འབྱོན། །
  • ཨཔ་རྡོེ།
    Ap Dorji: ན་ཟ་མོའི་གསུང་ལ་དབའེ་བསྡུར་ས་འབྱོན་དབའེ། །དབའེ་གསུང་ལུ་ལྷག་ཆད་དབའེ་ཞུགས་མ་བཅུག །ཞུགས་མ་བཅུག
  • ཨཔ་རྡོེ།
    Ap Dorji: ད་འ་ནཱི་འདི་ ང་བཅས་ཕྱི་རུ་ ཏེ་ཨམ་སྲུ་དེ་ཚུ་ཞབས་ཁྲ་རྐྱབ་ད་ ཏེ་ཁོང་གི་གསུང་ལུ་ལྷག་ཅད་འབྱུང་མ་བཅུག་ཟེར་ སྤོས་དང་དཀར་མེ་སྟེང་ལུ་འབྱོན་ ཏེ་གསུང་ལུ་ལྷག་ཆད་འབྱུང་མ་བཅུག་ཟེར་ ད་ཨམ་སྲུ་དེ་ཚུ་གི་གསུང་ལུ་ ཏེ་ཆད་མ་བཅུག་ཟེར་ འ་ནཱི་སྦེ་གསོལཝ་བཏབ་ཨིན་ལགས། དེ་ལས་ ཡར་འབའ་ཅོ་(འབའ་ཐང་)དང་པ་ལུ་ལྷོདཔ་ད་ ཏེ་ད་
  • ཨཔ་རྡོེ།
    Ap Dorji: སྤང་གསེར་ཤོག་སྤང་གི་མར་འདི་ཁ་ལུ་དབའེ། ། ལོ་ལ་ན་ཧིང་ཟེར་ཏེ་དབའེ་མ་ཧ་ལ། །
  • ཨཔ་རྡོེ།
    Ap Dorji: ལོ་དུས་ཅི་ཟེར་ཏེ་དབའེ་མ་ཕྱི་དགོ་དབའེ། ། ན་ལོ་དུས་ཞག་གི་དབའེ་མཆོད་པ་བཞེས། །མཆོད་པ་བཞེས།
  • ཨཔ་རྡོེ།
    Ap Dorji: ལོ་ན་ཧིང་དགའ་དང་མ་དུས་ཅི་སྐྱིད་དབའེ། ། ན་དགའ་སྐྱིད་འཛོམས་པའི་དབའེ་རྟེན་འབྲེལ་ཨིན། །རྟེན་འབྲེལ་ཨིན། ཟེརཝ་ཅིག་ དེ་ལས་ནཱ་ལས་མར་གྱི་འདི་མཇུག་བསྡུཝ་ཨིན་ལགས།། །།