Skip to main content Skip to search
05 Sep 2018
3 min 45 sec
Samten Yeshi
Video Overview
Creators: 
Sonam Tobgye

Shargi Pema, a eastern lotus flower is a Boedra song sang by women of Tabis village under Kurtoe geog in Lhuntse Dzongkhag. The song is about Guru Rinpoche and his consorts who was born from lotus flower in the middle of a lake that comprisis of two consorts. The verses of the song describes that Guru Rinpoche was bron from the middle of lotus flower and stands in the middle of his two consorts, Khandro Yeshey Tshogyal and Khandro Lhacham Mandarawa. The closing stanza of the song says that Zhabdrung Ngawang Namgyal was the server to Guru Rinpoche. Hence, The song pay its respect and homage to precious master, the Guru Rinpoche.

 

ཤར་གྱི་པདྨ་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ རྟ་སྦིས་གཡུས་ཚན་གྱི་ ཨམ་སྲུ་ཚུ་གིས་སྦེ་འཐེནམ་ཨིནམ་ད་ གླུ་གཞས་འདི་ མཚའོ་སྦུགས་ལས་ མེ་ཏོག་པདྨའི་སྦུབ་ལས་སྐུ་འཁྲུངས་མི་ ཨུ་རྒྱན་གུ་རུ་རིན་པོ་ཆེ་དང་ ཁོ་གི་གསང་ཡུམ་མཁའ་འགྲོ་གཉིས་ཀྱི་སྐོར་ལས་མས། གླུ་གཞས་འདི་ནང་ གུ་རུ་རིན་པོ་ཆེ་འདི་ མཚོའི་སྦུགས་ནང་ མེ་ཏོག་པདྨ་ལས་སྐུ་འཁྲུངས་ཏེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ ལྷ་ལྕམ་མནྡ་ར་བ་གཉིས་ཀྱི་སྦུགས་ལུ་བཞུགས་ཏེ་ཡོད་འདུག་ཟེར་མས། མཇུག་གི་ཚིགས་བཅད་འདི་ནང་ ཞབས་དྲུང་རིན་པོ་ཆེ་འདི་ གུ་རུ་རིན་པོ་ཆེའི་ ཕྱག་ཞུ་མི་བཟུམ་ཅིག་སྦེ་བཀོད་ཡོདཔ་ད་ མདོར་བསྡུ་བ་ཅིན་ འདི་ནང་ བྱིན་རླབས་ཅན་གྱི་བླམ་ ཨུ་རྒྱན་རིན་པོ་ཆེ་ལུ་བསྟོད་པ་སྦེ་ཕུལཝ་མས།  

 

Transcript search
No results found for this search
0 of 0
 • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
  ཤར་གྱི་པདྨ་སྟོང་ལྡན། །ཡ་ལ་ དགའ་ལྡན་མཚོ་ལ་ཤར་ཡོད། །ཡ་ལ་ དགའ་ལྡན་མཚོ་ལ་ཤར་ཡོད། །
  Thousands of eastern lotus blooms from a glorious lake
 • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
  སངས་རྒྱས་སྟོང་ལྡན་ཙམ་ཡང་། །ཡ་ལ་ འགྲོ་དོན་ལ་འབྱོན་པའི་ལུང་བསྟན། །ཡ་ལ་ འགྲོ་དོན་ལ་འབྱོན་པའི་ལུང་བསྟན། །
  All Buddha saints has come for the well being of sentient beings as prophecies.
 • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
  གཡས་སུ་གཡས་ལ་བཞུགས་མཁན། །ཡ་ལ་ ལྷ་ལྕམ་མནྡ་ར་བ། །ཡ་ལ་ ལྷ་ལྕམ་མནྡ་ར་བ། །
  To the extreme right resides Lhacham Mandarawa.
 • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
  གཡོན་སུ་(དུ་)གཡོན་ལ་བཞུགས་མཁན། །ཡ་ལ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །ཡ་ལ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །
  To the extreme left resides dakini Yeshi Tshogyel.
 • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
  སྦུག་སུ་སྦུག་ལ་(དབུས་སུ་དབུས་ལ་)བཞུགས་མཁན། །ཡ་ལ་ བླ་མ་ཨོ་རྒྱན་གུ་རུ། །ཡ་ལ་ བླ་མ་ཨོ་རྒྱན་གུ་རུ། །
  In the center resides Ugyen guru.
 • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
  འདི་ལ་ཞབས་ཏོག་ཞུ་མཁན། །ཡ་ལ་ ཞབས་དྲུང་ངག་དབང་རྣམ་རྒྱལ། །ཡ་ལ་ ཞབས་དྲུང་ཞབས་ངག་དབང་རྣམ་རྒྱལ། །
  Zhabdrung Ngawang Namgyel was the servicer.
 • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
  ཡ་ལགས་སོ། ང་བཅས་གཡུས་ཁ་བླ་མ་དང་ཨ་ནཱི་འདི་ཚུ་བྱོནམ་ད་ཕུལ་ནི་གི་ ཕྱག་མཇལ་ཨིན་ལགས་ཨ་ནཱི།། །།