Skip to main content Skip to search
18 Jan 2016
5 min 24 sec
Bradley Aaron
Video Overview
Creators: 
Sherig Dhentshog

Tempa Choden and friends sing a religious zhungdra song. This genre is popular among elder citizens and normally sung during important occasions. Its lyrics describe a fortress erected on the apex of paradise. On the golden throne of the fort there appear self-created thousand and twenty-one Vairocanas (a celestial Buddha). And so the entire world was filled with rays of his light and the other sentient beings made offerings of butter lamps, flowers, water, etc.

༉  པདྨ་དགའ་ཚལ་རྫོང་ཁག་ ཆོས་འཁོར་གླིང་རྒེད་འོག་ལས་ བསྟན་པ་ཆོས་སྒྲོན་དང་ཆ་རོགས་ཚུ་གིས་འཐེན་མི་གླུ་གཞས་འདི་ ཆོས་འབྲེལ་གྱི་གཞུང་སྒྲ་ཅིག་ཨིནམ་ད་ འདི་བཟུམ་གྱི་གླུ་གཞས་ཚུ་ མང་ཤོས་ཅིག་ མི་རྒས་ཤོས་ཚུ་གིསསྦེ་ གལ་ཆེ་བའི་དུས་སྟོན་ཚུ་ནང་འཐེནམ་ཨིན་པས། གླུ་གཞས་འདི་ནང་ ཟངས་མདོག་དཔལ་རིའི་རྩེ་ལུ་བཞེངས་མི་ རྫོང་ཆེན་གུ་བཤད་པ་རྐྱབ་སྟེ་ རྫོང་ཆེན་འདི་རྩ་ཆེ་ཏོག་ཏོ་ཨིནམ་སྦེ་བཤདཔ་ཨིན་མས། རྫོང་ཆེན་ནང་ཡོད་པའི་གསེར་ཁྲི་གུ་ལུ་ སངས་རྒྱས་རྣམ་པར་སྣང་མཛད་ བརྒྱ་དང་ཉི་ཤུ་རྩ་ལྔ་བཞུགས་པའི་སྐུ་གཟུགས་ལས་འཕྲོས་པའི་འོད་ཟེར་གྱིས་ འཛམ་གླིང་ནང་ཁྱབ་ཡོདཔ་ད་ སེམས་ཅན་གཞན་ཚུ་གིས་ དཀར་མེ་སྟོང་དང་མེ་ཏོག་ དེ་ལས་ཆུ་ཚུ་ཕུལ་བའི་དོན་ཨིན་པས།

Transcript search
No results found for this search
0 of 0
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: བྲག་རྫོང་རི་བོ་ལྷུན་པོ་ཡ་མཚན་ཆེ།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: མཁའ་ཅིག་འོག་མིན་བདེ་ཆེན་ཞིང་ཁམས་སུ།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: ཞིང་རྫོང་རི་བོ་ལྷུན་པོ་རྩེ་མོ་ནང་།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: ཁྲི་དཔང་ཐོབ་པའི་སེང་ཆེན་རྒྱས་ཀྱི་སྟེང་།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: རང་འབྱུང་ཤེལ་ལས་གྲུབ་པའི་མཆོད་རྟེན་སྟོང་།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: མཆོད་རྟེན་སྟོང་རྩ་གཉིས་ཀྱི་བསྐོར་བའི་དབུས།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: སངས་རྒྱས་སྟོང་དང་རྩ་གཉིས་བསྐོར་བའི་དབུས།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: རྟེན་བཟང་རྣམ་པར་སྣང་མཛད་རང་འབྱུང་ཡིན།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: གནམ་མཁའ་ས་ཡི་བར་ན་འོད་ཀྱི་བསྒང་།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: བོད་ལ་ཕྱག་དང་མཆོད་པ་ཕུལ་རྒྱུ་ན།། བོད་ལ་ཕྱག་དང་མཆོད་པ་ཕུལ་རྒྱུ་ན།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: ཡངས་མཇལ་སྐྱིད་པའི་ཉི་མ་དོན་འབྱུང་།། ཡངས་མཇལ་སྐྱིད་པའི་ཉི་མ་དོན་འབྱུང་།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: ཞལ་ནས་དཔའ་བོ་ཁྲོ་དུང་ཁྲབ་སེ་ཁྲབ།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: ལ་ལུང་མེ་ཏོག་སྟོང་གི་མཆོད་པ་ཕུལ།། ལ་ལུང་མེ་ཏོག་སྟོང་གི་མཆོད་པ་ཕུལ།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: ཞལ་ནས་དཔའ་མོའི་གར་གྱི་ཁྲིབ་སེ་ཁྲིབ།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: སྣང་གསལ་སྨར་མེའི་རྒྱ་ཡི་མཆོད་པ་ཕུལ།། སྣང་གསལ་སྨར་མེའི་རྒྱ་ཡི་མཆོད་པ་ཕུལ།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: ཕྱི་མ་མཁའ་ཅིག་དག་པའི་ཞིང་ཁམས་སུ།།
  • བསྟན་པ་ཆོས་སྒྲོན་དང་ ཆ་རོགས་ཚུ་
    Tempa Chodon & Friends: སངས་རྒྱས་རྣམ་པར་མཇལ་བའི་སྨོན་ལམ་ཞུ།། སངས་རྒྱས་རྣམ་པར་མཇལ་བའི་སྨོན་ལམ་ཞུ།།