Skip to main content Skip to search
28 Aug 2018
4 min 40 sec
Ariana Maki
Video Overview
Creators: 
Sonam Tobgye

ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ གཟིམ་སྤོར་གཡུས་ཚན་ལས་ སེངྒེ་བཟང་མོ་གིས་ བོད་སྒྲའི་གླུ་གཞས་ རྣ་བ་མ་ཉན་ལན་གཅིག་གསན་གནང་ཟེར་མི་འདི་འཐེནམ་ཨིནམ་ད་ གླུ་གཞས་ཀྱི་ཚིག་ནང་ གཞན་དང་མ་འདྲཝ་བའི་ རྟ་མཆོག་ནོར་བུ་བཟང་པོ་གུ་གཞོན་ཏེ་ ཕྱོགས་བཞི་ལུ་ ནོར་བུ་འཚོལ་བ་སོང་ཟེར་བཏངམ་ཨིནམ་ད་ གླུ་གཞས་འདི་ནའི་ནོར་བུ་འདི་ རྒྱན་བཟུམ་ཅིག་སྦེ་བཀོད་མི་ བྱ་ཁུ་བྱུག་འདི་ཨིན་མས། ཏེ་གླུ་གཞས་འདི་ནང་ བརྒྱན་ཆ་དང་འདྲ་བའི་ ཁུ་བྱུག་འདི་འཚོལ་ཞིནམ་ལས་ ཁྱིམ་ནང་ནོར་བུ་བཟུམ་སྦེ་བཞག་ཟེར་བཀོདཡོད་རུང་ ངོ་མ་འབད་བ་ཅིན་ ང་བཅས་རའི་ རྩ་བའི་བླམ་དང་ཕམ་ ག་ཅི་ལུ་ཡང་སྦྱར་ཆོག་ནི་མས། 

 

Singye Zangmo from Zimpong village under Dungkar geog in Lhuntse Dzongkhag sang a Boedra song called Nawa Maweng Lenchi Sennang. The song calls someone to make a tour in all four firections to get precious jewel riding on extra ordinary horse of Norbu Zangopo (an ancient popular trader). It seems the precious jewel is a Cuckoo bird that was claimed as an ornament of sacred lake in the song. Hence, it calls to get precious ornament (the Cuckoo bird) to be kept as jewel at home. Though the song explicitely reffers to the Cooko bird but internally, it can reffer to any other meaning such as spiritual  masters, the love etc.

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཡ་ལ་ཤར་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །ཡ་ལ་ཤར་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ནོར་བུ་བཟང་པོའི་རྟ་ལ་དྲོད་ཉམས་ཅིག་བསྐྱེད་ཤོག །ཡ་ལ་གསེར་བྱ་ངང་པ་རིན་ཆེན་མཚོ་མའི་རྒྱན་ཆ། །ཡ་ལ་གསེར་བྱ་ངང་པ་རིན་ཆེན་མཚོ་མོའི་རྒྱན་ཆ། །
    Listen here without distracting your ear, Was asked to go east and get precious gem. In the symbol of great gem feels warm, The golden ducks were the flowery of lake.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཡ་ལ་ལྷོ་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །ཡ་ལ་ལྷོ་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ནོར་བུ་བཟང་པོའི་རྟ་ལ་དྲོད་ཉམས་ཅིག་བསྐྱེད་ཤོག །ཡ་ལ་དངུལ་བྱ་ངང་པ་རིན་ཆེན་མཚོ་མའི་རྒྱན་ཆ། །ཡ་ལ་དངུལ་བྱ་ངང་པ་རིན་ཆེན་མཚོ་མོའི་རྒྱན་ཆ། །
    Listen here without distracting your ear, Was asked to go south and get precious gem. In the symbol of great gem feels warm, The silver ducks were the flowery of lake.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཡ་ལ་ནུབ་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །ཡ་ལ་ནུབ་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ནོར་བུ་བཟང་པོའི་རྟ་ལ་དྲོད་ཉམས་ཅིག་བསྐྱེད་ཤོག །ཡ་ལ་དངུལ་བྱ་ངང་པ་རིན་ཆེན་མཚོ་མའི་རྒྱན་ཆ། །ཡ་ལ་དངུལ་བྱ་ངང་པ་རིན་ཆེན་མཚོ་མོའི་རྒྱན་ཆ། །
    Listen here without distracting your ear, Was asked to go west and get precious gem. In the symbol of great gem feels warm, The silver ducks were the flowery of lake.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཡ་ལ་བྱང་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །ཡ་ལ་བྱང་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ནོར་བུ་བཟང་པོའི་རྟ་ལ་དྲོད་ཉམས་ཅིག་བསྐྱེད་ཤོག །ཡ་ལ་དུང་བྱ་ངང་པ་རིན་ཆེན་མཚོ་མའི་རྒྱན་ཆ། །ཡ་ལ་དུང་བྱ་ངང་པ་རིན་མཚོ་མོའི་རྒྱན་ཆ། །
    Listen here without distracting your ear, Was asked to go north and get precious gem. In the symbol of great gem feels warm, The legacy ducks were the flowery of lake.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།