Skip to main content Skip to search
15 Dec 2011
4 min 21 sec
David Germano
Video Overview
Creators: 
Unknown

A couple discusses the situation of disabled people in old and modern Tibet.

Transcript search
No results found for this search
0 of 0
  • བུད་མེད་ Woman
    ཡང་ཨེ་འདྲས་སེ་དབང་པོ་སྐྱོན་ཅན་ལབ་སོང་མི། ཕྱི་རྒྱལ་ཕ་པར་ཡིན་ན་དབང་པོ་སྐྱོན་ཅན་གྱི་མི་འགྲོ་སའི་ལམ་ཀ་ལུའུ་ཏོའོ་(ལམ་ཀ་)ཁོ་ར་ལོགས་ཀར་ཡོག་ཟེར།
    I heard that in a foreign country, there are special roads designated for people with physical disability.
  • འདི་བྱས། དེའི་ནང་འགྲོ་ཁ་ཆོག་གི་མ་རེད་ཨེ་འདྲས་ཟེར་གྱི་འདུག་ག
    Other people are prohibited to use such roads.
  • ང་ཚོ་བོད་ལ་ཨེ་འདྲས་ཁོ་ར་མེད་པཱ།
    Here in Tibet, we don't have such a thing.
  • སྐྱེས་པ་ Man
    ཡོག་མ་རེད།
    We don't have such road.
  • བུད་མེད་ Woman
    དབང་པོ་སྐྱོན་ཅན་ལྟ་ད་ལྟ་ཁ་སང་འདི་པ་ཅིག་ལ་གང་རེད་ཕྱི་རྒྱལ་གྱི་ག་རེ་ཅི་ཅིང་ཧུད་(བོད་སྐད་ནང་ཐེབས་རྩ་)གཅིག་གིས་ཇཱ་ཐུད་(རྐང་རྫུན་)བཟོ་གི་འདུག་གཱ
    These days, for people without legs, a foreign foundation is providing artificial legs for them.
  • སྐྱེས་པ་ Man
    རྐང་པ་རྫུན་མ།
    It's prostate leg.
  • བུད་མེད་ Woman
    ཇཱ་ཐུད་ཨེ་འདྲས་བཟོས་བྱས་འདི་བྱས་བྱས་ཟེར་ཡག་ལ་ཏན་ཧྲི་(བརྙན་འཕྲིན་)བསྟན་སོང་།
    The product was shown on the television.
  • གཞན་དེའི་སྔོན་ལ་གཅིག་རྐྱང་མེད་པཱ། ཨེ་འདྲས།
    In the past, we didn't have such things.
  • དབང་པོ་སྐྱོན་ཅན་ལ་འདི་འདྲས། གང་ཟེར་དགོས་ཀྱི་རེད། ལྟ་མི་ཚན་ཅིའི་རིན་ཞེ་ཧུད་(བོད་སྐད་ནང་དབང་པོ་སྐྱོན་ཅན་གྱི་ཚོགས་པ།)ཨེ་འདྲས་ཡོད་པ་ནང་བཞིན་གྱི།
    For people with physical disabilities ... How should I put it? There is a special association for them.
  • ཨེ་འདྲས་ལོའུ་ཏོའོ་(ལམ་ཀ་)འགྲོ་ས་ལོགས་ཀར་ག་ཟེར་།
    And they have separate roads for their need.
  • སྐྱེས་པ་ Man
    འདི་ཡོག་མ་རེད།
    Here we don't have it.
  • བུད་མེད་ Woman
    གཅིག་ཀྱང་མེད་པ་ལམ་ཀ་ཨེ་འདྲས།
    We don't have any designated road like that.
  • ཡོག་མ་རེད། ཕྱི་རྒྱལ་ཕ་པར་ཁོ་ཀྲོན་མན་(བོད་སྐད་དམིགས་བསལ་)ཁོ་ར་ཕྷི་ཅི་(གནམ་གྲུ་)བྱས། སྒང་འདའི་མི་ཁོ་ར་འཛུལ་ཁོ་ར་ཆོག་གི་མ་རེད་ཟེར་འདུག་ག
    We don't have it. In the West, even on the airplane, they are a special entry that can't be used by normal people.
  • ཨེ་འདྲས་ག་པར་ཡོག་རེད།
    We don't have it.
  • གྲོགས་པོ་ Friend
    མོ་ཊ་བཞག་ས་དེ།
    Accessible Parking area?
  • བུད་མེད་ Woman
    འོ། འདི་སྒང་ག་ལོགས་ཀར། འོ་ཐཱ་ཧུའུ་(དམིགས་བསལ་)བྱས། འདའི་ཐཱ་ཧུའུ་ཨེ་འདྲས་མེད་པཱ།
    Yes, including that one also. They have many special treatments.
  • སྐྱེས་པ་ Man
    ལྟ་དེང་སང་ཡོག་རེད་དེ།
    Nowadays, we have it.
  • བུད་མེད་ Woman
    ང་ནི་རྒྱུས་མེད།
    I am not aware of it.
  • སྐྱེས་པ་ Man
    མ་རེད་རྐང་པ་ཞ་རིལ་ཡིན་པ་དེ་ཚོ། ཁག་ཅིག་ག་རེ་བྱེད་ཀྱི་རེད་ཟེར་ན་་་
    If you don't have legs, what some of them will do is ...
  • བུད་མེད་ Woman
    འདའི་འོ་གཅིག་བཅུག་གི་རེད་ཟེར།
    They insert something under here.
  • སྐྱེས་པ་ Man
    པད་(པས་)མོ་ཡཱ་འདི་མོ་ཊའི་འཁོར་ལོའི་འགྱིག་ཡོག་རེད་པཱ།
    they wrap the knees with car tire tube.
  • བུད་མེད་ Woman
    ཨའང་།
    I see.
  • སྐྱེས་པ་ Man
    འཁོར་ལོའི་འགྱིག འདིས་འདུག་སེ་བཏུམས།
    With tire tube, they wrap the knees.
  • བུད་མེད་ Woman
    འོ་ལྟ་ངས་དྲན།
    Now I remember.
  • སྐྱེས་པ་ Man
    ལག་པ་འདི་ཤིང་གིས། ཤིང་རེ་རེ་འཁྱེར་ཨཱ་ནི་ཨེ་འདྲས་སེ་ལག་པ་འདི་གཉིས་ཀྱིས་ཤུགས་བརྒྱབ། དྲས་(དྲུད་)བྱས་འགྲོ་གི་ཡོག་རེད། འདུག་སེ།
    And they carry wooden support in each hand and carry themselves around. Like this.
  • བུད་མེད་ Woman
    འོ་ལྟ་ངས་དྲན་སོང་། རྒན་ལགས་བྱི་བདེ་གླིང་འདའི་ལྷག་ཀོ་ཧབ་བཟོ་རྒྱག་མཁན་གྱི་སྤོའོ་ལགས་གཅིག
    Now I remember. In Jidéling, there is one senior cobbler,
  • རྐུབ་ཨེ་འདྲས་སེ་དྲས་(དྲུད་)བྱས་འགྲོ་མཁན་ཞིག
    one who drags his buttock like this.
  • སྐྱེས་པ་ Man
    འོ་འདི་འདྲས་བྱས་འགྲོ་གི་རེད། འདུག་སེ།
    Right, they move like that.
  • བུད་མེད་ Woman
    འདི་རྐུབ་འདི་་་
    The buttock ...
  • སྐྱེས་པ་ Man
    ལྟ་དེང་སང་ཡང་ད་དུང་གཅིག་ཡོག་རེད། ལྟ་དེང་སང་གསར་པ་གཅིག་ཡོག་རེད།
    Nowadays, there is one more thing, a new one.
  • བུད་མེད་ Woman
    བོད་རིགས་མཐོང་ཡག་ཉུང་ཉུང་རེད་པཱ། རྒྱ་མི་རྒྱོའོ་སླེབས་ཡོག་རེད་པཱ།
    Among the Tibetans, they are not many people with such physical disabilities. A lot of Chinese had arrived, right?
  • གྲོགས་པོ་ Friend
    རེད་རེད་རེད།
    Right. Right.
  • བུད་མེད་ Woman
    རྒྱ་མིས་རྦད་དེ་རྒྱ་མི་ཚན་ཅི་རན་(དབང་པོ་སྐྱོན་ཅན་)ཨེ་འདྲས་མཐོང་བ་མ་གཞི་བོད་རིགས།
    Most of the people with physical disabilities here in the city are Chinese.
  • གྲོགས་པོ་ Friend
    ཡང་ཁ་ཤས་རྐང་གྷ་རི།
    Some have tricycles.
  • སྐྱེས་པ་ Man
    འོ་འདུག་སེ་ལག་པས་སྐོར་ར་རྒྱག་ཡག
    Yes, the one they paddle with their hands.
  • བུད་མེད་ Woman
    ཨ་ལས། འོ།
    Oh, I see.
  • སྐྱེས་པ་ Man
    འོ་འཁོར་ལོའི་སྒང་ལ་བསྡད་བྱས་ལག་པས་སྐོར། ལྟ་དེ་ཚོ་ལྟ།
    They will sit on the wheelchair and then paddle with their hands.
  • བུད་མེད་ Woman
    འདི་ཚན་ཅི་རན་(དབང་པོ་སྐྱོན་ཅན་)མ་རེད།
    They are not handicaps.
  • འཚོ་བ་ཡག་པོ་བྱས། ཐན་ཧྲང་ལྦུ་ཧྲང་བྱས་རྒྱོག་ཨེ་འདྲས། གང་རེད། ཡར་ནས་མར་བབས་རྒྱོག་གང་ཟེར་ན་ཚ་དེ།
    They are well off people with some medical condition. What is that disease called?
  • སྐྱེས་པ་ Man
    འོ་འདི་རེད་འདི་རེད། ཀོའོ་ཤོད་ཡཱ་(ཁྲག་ཤེད་མཐོ་པོ་)།
    It's high blood pressure.
  • བུད་མེད་ Woman
    ཀོའོ་ཤོད་ཡཱ་ཨེ་འདྲས་ན་རྒྱོག་ཡོད་པཱ། གྲིབ་ཕོག་རྒྱོག་འོ་འདི་ཚོ་རེད།
    They are people with high blood pressure, ones with contaminated bodies.
  • སྐྱེས་པ་ Man
    གྲིབ་ཕོག་རྒྱོག
    Cantaminated.
  • བུད་མེད་ Woman
    འོ་འདི་ཚོ་རེད།
    They are such people.
  • གྲོགས་པོ་ Friend
    གྲིབ་ཕོག་རྒྱོག་རེད། ཨཱ་ནི་ཀོའོ་ཤོད་ཡཱ་(ཁྲག་ཤེད་མཐོ་པོ་)མ་རེད་དཱ།
    Then it is contamination rather than high blood pressure.
  • བུད་མེད་ Woman
    འོ་ན་གང་རེད།
    Then what it is?
  • གྲོགས་པོ་ Friend
    ག་རེ་ཟེར་གྱི་ཡོག་རེད།
    What it is called?
  • སྐྱེས་པ་ Man
    མ་རེད། འདི་རེད། འོ་ཁྲག་ཤེད་མཐོ་པོ་བྱས་བྱས་ཁོ་བྱུང་བྱས་ན་ཚ་འདི་ཕོག་པ་འདི་འདྲས་རེད།
    No. What I said is correct. It's because of high blood pressure they got the disease.
  • གྲོགས་པོ་ Friend
    འོ་འོ།
    I see.
  • བུད་མེད་ Woman
    འོ་ཨེ་འདྲས་བསྡད་མཁན་མང་པོ་འདུག་ག
    There are many with the same medical condition.
  • སྐྱེས་པ་ Man
    ཁོ་དང་པོའི་ན་ཚ་འདི་བྱུང་སྟངས་འདི་འདྲས་རེད། ཁྲག་ཤེད་མཐོ་པོ་བྱས།
    The main cause of that disease is high blood pressure.
  • ཁྲག་ཤེད་མཐོ་པོ་དེ་ཁག་ཅིག ཀླད་པ་ཐང་པོ་མེད་པ་བྱས།
    Some people with high blood pressure also suffer from mental instability.
  • ཁག་ཅིག་རྐང་པ་འགུལ་སྐྱོད་རྒྱག་ཡག་མེད་པ་བྱས་འཕྲོ་བརླག་འགྲོ
    Others are not able to move their legs.
  • གྲོགས་པོ་ Friend
    འོ་འོ།
    I see.
  • སྐྱེས་པ་ Man
    འོ་འདི་ཟེར་གྱིས། ལྟ་དེང་སང་ལྟ་དབང་པོ་སྐྱོན་ཅན་ལྟ་མི་འཚོ་བ་ཡོད་པ་ཡག་པོ་ཡོད་པ་དེ་ཚོ་འཁོར་ལོ་ཡོད་རེད་པཱ།
    Nowadays, handicaps who enjoy a high standard of living usually own wheelchairs.
  • གྲོགས་པོ་ Friend
    རེད་ལགས།
    That's right.
  • སྐྱེས་པ་ Man
    འཁོར་ལོའི་སྒང་ལ་བསྡད་བྱས་སོ་སོས་འཁོར་ལོ་སྐོར་ཡག་འདུག་སེ་བྱས་བྱས་འགྲོ་ཡག་ཡོག་རེད་པཱ།
    They sit on the wheelchair and move around easily.
  • ལྟ་དེ་ནས་ཡང་ཁག་ཅིག་གང་ཟེར་ན་འཁོར་ལོ་སྒང་ལ་བསྡད་བྱས་ལག་པས་འཁོར་ལོ་སྐོར་བྱས།
    And there are some who sit on the wheelchair and push it forward with their own hands.
  • བུད་མེད་ Woman
    འོ་ཨེ་འདྲས།
    That's right.
  • སྐྱེས་པ་ Man
    འདུག་སེ་སོ་སོ་ག་པར་འགྲོ་ཉིད་འདོད་ནའི། འོ་ཞབས་སྐོར་ཡིན་ནའི་འདྲ། འོ་ཁྲོམ་ལ་ཕྱིན་ནའི་འདྲ།
    Like this, they go wherever they want to go. Be it for circumambulation, or to a marketplace.
  • བུད་མེད་ Woman
    བྱས་ཙང་།
    Right.
  • སྐྱེས་པ་ Man
    ཁོང་ཚོ་འདུག་སེ་འགྲོ་གི་རེད་པཱ།
    They move around like that.
  • ལྟ་འདི་ལམ་ཀ་མཐོ་པོ་དེ་འདྲས་སླེབས་དུས་སྒང་ནས་ཡང་བོད་རིགས་ཕན་ཚུན་རོགས་པ་བྱས་བྱས་རྡོ་བཀྱག་དེ་འདྲས་ཡོད་ན་ཁོང་ཚོས་ཡར་བཀྱག་རོགས་བྱས་བྱས་འདུག་སེ་བསྐྱལ།
    When they come across a steep road, other Tibetans normally help them climb the slope or steps.
  • ཨཱ་ནི་ས་ཆ་འཁོད་སྙོམས་པོའི་སྒང་ལ་སླེབས་སོང་ན།
    Once they reached a leveled road, they move on their own.
  • བུད་མེད་ Woman
    ཨཱ་ནི་སོ་སོ་འགྲོ།
    They go on their own.
  • སྐྱེས་པ་ Man
    འོ། སོ་སོས་ཕྱིན།
    Yes, you go by yourself.
  • འདི་འདྲས།
    Like that.
  • བུད་མེད་ Woman
    ཡང་མི་རྐང་པ་མེད་རྒྱོག་དེ་ཚོ་ཡང་གང་རེད། རྐང་པ་རྫུན་མ་བྱས་སྒར་ཡག་ཡོད་རེད་པས།
    Also, some people without legs, they use prostate legs.
  • སྐྱེས་པ་ Man
    རེད། ལྟ་འདི་དེང་སང་ཡོང་པ་རེད།
    Yes. Nowadays, we have it.
  • བུད་མེད་ Woman
    སྔས་མ་ཡོག་མ་རེད་པ།
    In the old days, we don't have it.
  • སྐྱེས་པ་ Man
    འོ་རྐང་པ་རྫུན་མ་བཟོས་བྱས་གང་ཟེར་ན་སོ་སོའི་རྐང་པ་ནང་ལྟར་བྱས་བྱས་ལྟ།
    They make fake legs and use them as real ones.
  • བུད་མེད་ Woman
    འདའི་སྒར་བྱས།
    By attaching it here.
  • སྐྱེས་པ་ Man
    འདའི་སྒར་བྱས་ཨཱ་ནི་ཡར་ལངས་ཐུབ་བྱས་འགྲོ་ཐུབ་ཡག་ཡོག་རེད།
    By attaching one here, one can stand and move around.
  • བུད་མེད་ Woman
    ཨའང་།
    I see.
  • སྐྱེས་པ་ Man
    དེ་འདྲས་ཡོག་རེད་ཟེར།
    So that is there.
  • བུད་མེད་ Woman
    སྔས་མ་ཨེ་འདྲས་འགྱིག་བསྒྲིལ་བྱས་འགྲོ་གི་རེད། རེད་པས།
    Years back, they wrap the leg with tire tube rubber and move around. Is that correct?
  • སྐྱེས་པ་ Man
    འདི་ལྟ་ཁོ་ཐབས་ཤེས་ཡོག་མ་རེད་པ།
    That is because they didn't have an alternative solution.
  • བུད་མེད་ Woman
    ལྟ་ཡང་འདི་་་།
    And then ...
  • སྐྱེས་པ་ Man
    འཁོར་ལོ་བསྡད་བྱས་ཡག་མེད་པ། ཨཱ་ནི་ཁོ་འདའི་མ་དཀྲིས་པ་ཁོ་འགྲོ་དགོས་ཀྱི་ཡོག་རེད།
    They didn't have wheelchairs, and they also need to move around.
  • ཨཱ་ནི་ཁོ་འགྱིག་འདི་འདྲས་དཀྲིས། འདུག་སེ་པས་(པུས་)མོ་ཡཱ། འཁོར་ལོའི་ནང་ལྤགས་དེ་འདུག་སེ་དཀྲིས།
    That's why they used to wrap their knees with inner tire tube rubber. Like this.
  • ཨཱ་ནི་ལག་པ་ཡཱ་ཤིང་གི་འདི་འདྲས་འདི་གང་རེད་ལག་ཤུབས་བཟོ་ར་ཅིག་གིས་འདི་འདྲས་གཉིས་བཟོས་བྱས། ཨཱ་ནི་དེ་གཉིས་བཙུགས་བྱས་ཨཱ་ནི་འདུག་སེ་འགྲོ།
    In each hand, they wear something like gloves made from flat woods as support and move around.
  • བུད་མེད་ Woman
    འོ་འགྲོ་གི་འདུག་ག ཨེ་འདྲས་ར་ཅིག་འགྲོ་གི་འདུག་ག རེད་པས།
    Yes, they move like this.
  • སྐྱེས་པ་ Man
    འོ་འདུག་སེ་འདྲས་བྱས་འགྲོ་གི་ཡོག་རེད།
    That's how they commute.
  • བུད་མེད་ Woman
    ཨའང་།
    I see.
  • སྐྱེས་པ་ Man
    ཨེ་འདྲས་ཡོག་རེད།
    Such things are there.
  • བུད་མེད་ Woman
    ཨའང་།
    I see.
  • སྐྱེས་པ་ Man
    ལྟ་གཞན་དག་མི་མཐོ་པོ་ར་དེ་འདྲས་ལ་འགྲོ་དགོས་བྱུང་ན་ཨཱ་ནི་ནང་མི་དང་དེ་འདྲས་ཡོད་ན་སྒལ་པ་འཁྱེར་བྱས་འགྲོ་གི་རེད་པས།
    If one needs to travel on a steep road, then usually a family member will help by carrying him on the back.
  • བུད་མེད་ Woman
    འོ་རེད།
    Right.
  • སྐྱེས་པ་ Man
    ཁོ་ཡར་བཀྱག་བྱས། འཁོར་ལོའི་ནང་ནས་ཚུར་བཏོན།
    They will lift him up and take him out of the wheelchair.
  • བུད་མེད་ Woman
    ཨའང་།
    I see.
  • སྐྱེས་པ་ Man
    སྒལ་པར་འཁྱེར། འདི་པ་དགོན་པ་ཨེ་འདྲས་ལ་ཡཱ་འགྲོ་དགོས་བྱུང་ན།
    Then they carry the person on their back to visit a shrine.
  • བུད་མེད་ Woman
    འདའི་མཚོ་མོའི་གླིང་འདའི་ཡང་འཚེམ་བུ་ཨེ་འདྲས་བཏང་བྱས་འགྲོ་གི་འདུག རེད་པཱ།
    The tailor who lives in the Tsomöling area also commute on a wheelchair, like this. Right?
  • སྐྱེས་པ་ Man
    འོ་འདི་ཁོ་རང་འདི་ཡོག་རེད།
    Yes. He has one.
  • བུད་མེད་ Woman
    ཁོང་འདི་གས་ཡར་འཁུམ་བསྡད་རྒྱོག་རེད། རེད་པཱ།
    In his case, he got a contracted lower body.
  • སྐྱེས་པ་ Man
    འདི་གིས་མུ་མཐུད་ནས་འགུལ་བསྐྱོད་རྒྱག་ཡག་ཡོག་མ་རེད་གཅས་ཡོག་མ་རེད།
    He is not able to move this parts of the legs anymore.
  • བུད་མེད་ Woman
    འོང་རེད།
    Right.