Skip to main content Skip to search
07 Sep 2018
2 min 27 sec
Samten Yeshi
Video Overview
Creators: 
Norzin Lhamo

Tshangmos were passed down orally among pastoral and nomadic communities. Mainly these are sung as entertainment and or competition, and can take on many forms.

ཀུན་དགའ་རབ་བརྟན་ལས་ ཨིན་མི་ཨམ་ཚུ་གིས་ རྩང་མོ་སྣ་ཚོགས་ཚུ་འཐེན་དོ་ཡོདཔ་ཨིན། རྩང་མོ་དེ་ཡང་ ལམ་སྲོལ་ལས་ཁག་ཆེ་ཏོག་ཏོག་ཅིག་ཨིན་མས། ཙང་མོ་དེ་གདངས་དབྱངས་ དེ་ལས་ ས་གནས་ག་སྟེ་ལུ་ཡང་འཐེན་དོ་ཡོདཔ་ཨིན་མས། མངས་ཆེ་བ་ར་ ཞིང་ཁ་ལུ་ལཱ་འབད་བའི་སྐབས་དང་ དེ་ལས་ནོར་འཚོ་བ་འགྱོཝ་ད་འཐེན་དོ་ཡོདཔ་ཨིན་མས། རྩང་མོ་འདི་ སྤྲོ་བ་དང་ དེ་ལས་ འདྲེན་བསྡུར་གྱི་དོན་ལས་ ཨིན་མས། ད་ལྟོ་ཨམ་ཚུ་གིས་འཐེན་མི་རྩང་མོ་འདི་འབད་བ་ཅིན་ དགྲ་གླུ་ཨིན་མས། རྩང་མོ་ལུ་ཡང་ དགྲ་གླུ། སྙན་གླུ་ཟེར་ ལེ་ཤ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • བདེ་ཆེན། Dechen
    དགུང་གི་ཁྲི་གདུགས་ཉི་མ། །ནུབ་པད་མའི་རི་ལུ་གཡོ་མས། །ཁྲི་གདུགས་ལཱ་་། །སྨིན་ཆུང་ལཱ་མཇུག་མ་བསྡུ། །ཁྲི་གདུགས་སྐུ་ངལ་གནང་ཤོག །
  • བདེ་ཆེན། Dechen
    ཟེར་ཨིནམ་འདྲས་ཏེ།
  • ཨ་ལ་དབའི་་་ཧ་ཧ་་་།
  • བདེ་ཆེན། Dechen
    ཤ་བ་ལ་བརྒལ་ལུང་བརྒལ། །ཤ་ཕྲུག་སེམས་ཀྱི་བག་ཆགས། །ང་འགྲོ་དགོ་ཐང་ལས་མེད་པ། །མཉམ་གཅིག་འཁྱིད་རུང་དགའཝ་མས། །
  • བདེ་ཆེན། Dechen
    ཆུ་མོ་མང་སྡེའི་ཆུ་མོ། །མི་བལྟ་མནོ་རུང་མཐོང་མས། །རང་གི་ཕམ་དང་སྤུན་ཆ། །བལྟ་དགོ་ནོ་རུང་མི་འདུག །
  • བདེ་ཆེན། Dechen
    འཛོལ་ཡི་ ཧ་ཧ་་་འཛོལ་སོང་ཡི་ བཏུབ་ད།
  • ང་གིས་འདི་ ཞབས་ཁྲ་འཐེན་རང་མི་ཤེས་མས།