Skip to main content Skip to search
21 Jun 2018
7 min 45 sec
Ariana Maki
Video Overview
Creators: 
Nelson Walker , Penchela

Dechen Tshomo, a village elder, described differences between the olden days and contemporary times. In her opinion, she says that compared to times past, these days are much, much better. She says she is happier now than during the olden days. In the olden days, they had to work under the king, and they used to work and suffer a lot. Today, if we work we will get money. We also eat different types of food. Vehicles have made travel easier. In the past, in order to travel from Bumthang to Thimphu they used to walk for 10 to 11 days. The Naktsang has also changed into a museum. The change of Ugyencholing into a museum has really helped villagers.

ཨང་རྒས་བདེ་ཆེན་མཚོ་མོ་གིས་ དང་ཕུ་དང་ ད་རེས་ཀྱི་བར་ན་ འགྱུར་བ་ཚུ་ ག་དེ་སྦེ་ར་སོང་ནུག་ག་གི་ སྐོར་ལས་ མོ་རའི་ བསམ་འཆར་ཚུ་ བཤད་ཅི་ཟེར་ཨིན་མས།  ཨང་རྒས་ཀྱིས་ སླབ་དོ་བཟུམ་ འབད་བ་ཅིན་ ཧེ་མ་དང་ཕྱེདཔ་ད་ ད་རེས་ནངས་པ་འདི་ དགའ་བས་ཟེར་ཨིནམ་ད་ དེ་ཡང་ དང་ཕུ་བཟུམ་སྦེ་ སྒེར་གྱི་དཔོན་ཚུ་གི་འོག་ལུ་ ཕྱག་ཞུ་མ་དགོ་པའི་ཁར་ ལཱ་འབད་རུང་ གླ་ཆ་ཅིག་གནང་སྟེ་བཀོལ་ནི་མ་གཏོགས་ དེ་སྦེ་ལཱ་བཀོལ་ནི་ཡང་མེད་ཟེར་ཨིན་པས། དེ་མ་ཚད་ ད་རེས་ནངས་པ་བཟའ་བ་ཅིན་ ལྟོ་ཟ་ འགྱོ་བ་ཅིན་ སྣུམ་འཁོར་ནང་ འཛུལ་འགྱོ་ནི་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ བུམ་ཐང་ལས་ ཐིག་ཕུག་འགྱོཝ་ད་ ཞག་ ༡༠ དང་ ༡༡ དེ་ཅིག་ ལམ་ཁར་ཉལ་དགོ་ཟེར་ ཨིན་པས། ད་རུང་ ད་རེས་ནངས་པ་ ནག་ཚང་འདི་ འགྲེམས་སྟོན་ཁང་སྦེ་ བཟོ་བ་ལས་བརྟེན་ བལྟ་བཤལཔ་ཚུ་ལུ་ རང་སོའི་ཐགས་རིགས་ཚུ་ ཚོང་འབྲེལ་འཐབ་པ་ལས་བརྟེན་ཏེ་ འོང་འབབ་བཟོ་ནི་ལུ་ཡང་ ཁེ་ཕན་ཚུ་བྱུང་སྟེ་ཡོདཔ་ལས་ དགའ་ཚོར་བསྐྱེདཔ་ཨིན་པས། ད་རུང་ལམ་སྲོལ་གྱི་ཐད་ལུ་ གཡུས་སྒོའི་ལོ་བསྟར་གྱི་ དུས་སྟོན་བསྐང་གསོལ་ཟེར་མི་འདི་ སྔར་ག་ཨིནམ་སྦེ་ མ་ཉམས་པ་ བརྩི་སྲོལ་ཡོད་ཟེར་ སླབ་ཨིན་པས། ཨོ་རྒྱན་ཆོས་གླིང་གི་ ཕོ་བྲང་དེ་ འགྲེམས་སྟོན་ཁང་སྦེ་བཟོ་ཡོདཔ་ལས་ འདི་གིས་ གཡུས་ཁའི་མི་སེར་ལུ་ ཕན་ཐོགས་ཚུགསཔ་ཨིན།

Transcript search
No results found for this search
0 of 0
  • བདེ་ཆེན་མཚོ་མོ་/Dechen Tshomo: མཚན་བདེ་ཆེན་མཚོ་མོ་ལགས།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ལགས་སོ་ དེ་ལས་ ཁྱོད་ར་དགུང་ལོ་ག་དེམ་ཅི་བཞེས་ཡི་གོ་ལགས?
  • བདེ་ཆེན་མཚོ་མོ་/Dechen Tshomo: དགུང་ལོ་ ལོ་འདི་ད་ ལོ་ཁལ་གསུམ་དང་བཅོ་ལྔ།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ལོ་ཁལ་གསུམ་དང་བཅོ་ལྔ་ ད་ནཱ་གི་འཁྲུངས་ས་ག་ཏེ་ལུ་སྨོ་ལགས?
  • བདེ་ཆེན་མཚོ་མོ་/Dechen Tshomo: འཁྲུངས་ས་ནཱ་རང་ཨིན།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: སྐྱེས་ས་ཡང་ནཱ།
  • བདེ་ཆེན་མཚོ་མོ་/Dechen Tshomo: ནཱ་ཨིན།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: སྦོམ་ས་ཡང་ནཱ་རང་ཨིན་ན་ལགས?
  • བདེ་ཆེན་མཚོ་མོ་/Dechen Tshomo: ཨིན་ནཱ་ ཁྱིམ་ཨ་ནཱི།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: འེང་་་ལགས་སོ།
  • བདེ་ཆེན་མཚོ་མོ་/Dechen Tshomo: ཨ་ནཱ་རང་ཨིན།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ལགས་སོ་ད་ དགུང་ལོ་ཡང་ ཧ་ལམ་ལངས་སོང་ནུག་སྨོ?
  • བདེ་ཆེན་མཚོ་མོ་/Dechen Tshomo: སོང་ཡི་ལགས་ དང་ཕུ་འདི་དཀའཝ་སྤྱད་ཡི་ ཕར་ཐིམ་ཕུག་ལུ་ལཱ་འབདཝ་ད་འདི་ ཆུམ་ཚུ་ག་ནི་ཡང་མེདཔ་ཨིན་ང་བཅས་ཚུ་ལུ་ འུ་ལག་རྒྱུག་པར་འགྱོཝ་ད་ ཞག་ ༡༠ ཉལ་ཞིནམ་ལས་ ༡༡ འབདཝ་ད་ ན་རུད་ཐང་ན་ལུ་ ཉལ་བར་ལྷོདཔ་མས།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: འེང་་་ལགས་སོ།
  • བདེ་ཆེན་མཚོ་མོ་/Dechen Tshomo: ཧེ་མ་དང་ད་རེས་ནངས་པའི་བར་ན་འདི་ ཧེ་མ་གཞུང་གིས་མ་དབང་བའི་སྐབས་ ནཱ་སྒེར་གྱི་གྲྭཔ་འབདཝ་ད་འདི་ ཧེ་མ་འདི་ནཱ་གི་ལཱ་འབད་དགོ་ཏེ་སྒེར་གྱི།
  • བདེ་ཆེན་མཚོ་མོ་/Dechen Tshomo: བྱི་སི་རྐྱབ་ད་ སྤང་ན་ཐོན་ཞིནམ་ལས་ དེ་ལས་ དཔོན་གྱི་ལཱ་འབད་དེ་སྡོད་ནི་དང་ཕུ་འདི་ ད་གཞུང་གིས་སྦེ་ མི་འདི་ཚུ་སྐྱིད་ཏོང་ཏོ་ཏེ་ ད་འདི་མི་འདི་ཚུ་ འགྱོ་བ་ཅིན་ག་རི་(སྣུམ་འཁོར་)ནང་འགྱོཝ་མས་ ཟ་བ་ཅིན་ལྟོ་ཟཝ་མས།
  • བདེ་ཆེན་མཚོ་མོ་/Dechen Tshomo: དང་ཕུ་འདི་ ཏེ་ ལྟོ་འདི་ག་ཏེ་ཟ་ནི་འོང་སྦ་ ཕར་ཚུར་འུ་ལག་ན་འགྱོཝ་ད་རྒྱགས་མེད་པར་ ལ་བརྒལ་ཏེ་ ཟ་ཆས་ཚུ་འཚོལ་བར་འགྱོ་དགོ་ཏེ་དང་ཕུ་འདི་ འཚོལ་ཞིནམ་ལས་འབག་དགོ་ ད་འདི་ ད་རེས་ནངས་པ་འདི་ གཞུང་བཀའ་དྲིན་ཆེ་སྟེ།
  • བདེ་ཆེན་མཚོ་མོ་/Dechen Tshomo: ལྟོཝ་ཡང་མི་བཀྱེས་ ཁ་ཡང་མི་སྐོམ་པར་ཟཝ་མས་ཏེ་ ད་རེས་ཀྱི་མི་ཚུ་འདི་ རྒྱགས་སྐལ་འབག་སྟེ་ཡང་ འགྱོ་མི་དགོ་པས་ འཁོར་ལམ་ཚུ་ཐོན་ནི་དེ་གིས་ ཧེ་མ་ང་བཅས་ཆུང་སུ་ཅིག་འབདཝ་ད་འདི་ འཁོར་ལམ་བདའ་རྒྱགས་སྐལ་འབག་སྟེ་འགྱོ་དགོ་ཏེ་ ཧ་ལམ་ཅིག་ཕར་ལུ།
  • བདེ་ཆེན་མཚོ་མོ་/Dechen Tshomo: དཀའཝ་སྤྱད་དེ་ ཧེ་མ་ཐིམ་ཕུག་ལུ་ ལཱ་འབད་བའི་སྐབས་འདི་ ནཱ་ལས་རྒྱགས་སྐལ་འབག་སྟེ་ ཕར་ལུ་ལཱ་སར་འགྱོ་བའི་སྐབས་འདི་ དཀའཝ་སྤྱད་དེ་འགྱོ་དགོ་ ཧེ་མ་འདི་ བྱི་སི་རྐྱབ་དནི་ ལཱ་སར་ཐོན་དགོ་ དང་ཕུ་སྒེར་གྱི་དཔོན་གྱི་འོག་ལུ་འབདཝ་ད།
  • བདེ་ཆེན་མཚོ་མོ་/Dechen Tshomo: ད་གཞུང་ལུ་ཚུད་ཞིནམ་ལས་འདི་ མི་འདི་ཚུ་ ག་ཅི་འབད་རུང་སྐྱིད་བས་ཏེ་ ཧེ་མ་བཟུམ་སྦེ་ གྱོན་དགོ་པ་ཅིན་གོ་ལ་མི་དཀོན་པས་ ཟ་དགོ་པ་ཅིན་ ཟ་ནི་མི་དཀོན་པས་ དང་ཕུ་འདི་གོ་ལ་ནི་ལྷན་པ་རྐྱབ་ཞིནམ་ལས་གྱོན་དགོ
  • བདེ་ཆེན་མཚོ་མོ་/Dechen Tshomo: ད་རེས་ཀྱི་མི་འདི་ཚུ་འདི་ གོ་ལ་ལྷན་པ་བཏབ་མི་དགོ་པས་ ཟ་བ་ཅིན་ལྟོ་རང་ཟཝ་མས་ འགྱོ་བ་ཅིན་སྣུམ་འཁོར་ནང་འགྱོཝ་མས་ དང་ཕུ་ང་བཅས་ཀྱི་དུས་ཚོད་ལུ་འདི་ ཐིམ་ཕུག་ལས་ཕར་འགྱོཝ་ད་འདི།
  • བདེ་ཆེན་མཚོ་མོ་/Dechen Tshomo: དཀའཝ་སྤྱད་དེ་ ཐིམ་ཕུག་ལས་ མར་ཆུ་ཁ་ལས་ཡར་ ཡར་བདེ་ཆེན་ཆོས་གླིང་ལུ་ སྣུམ་འཁོར་གྱི་རྟེན་འབྲེལ་བརྩིཝ་ད་འདི་ ང་བཅས་ཚུ་ཕར་ཨིན་ཏེ་ དང་ཕུ་འདི་ ལམ་སེལ་རྐྱབ་སྟེ།
  • བདེ་ཆེན་མཚོ་མོ་/Dechen Tshomo: ད་ལྟོའི་མི་ཚུ་འདི་ གཞུང་བཀའ་དྲིན་ཆེ་སྟེ་ དགའ་བས་ལགས།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: དང་ཕུ་ནཱ་ལས་ཕར་ཚུར་ གུང་པ་ག་དེམ་ཅི་གི་རྩིས་སྡོད་ཅི་གོ་ལགས?
  • བདེ་ཆེན་མཚོ་མོ་/Dechen Tshomo: དང་ཕུ་ནཱ་ལུ་ཡ?
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: འོང་།
  • བདེ་ཆེན་མཚོ་མོ་/Dechen Tshomo: དང་ཕུ་ནཱ་འདི་གུང་ ང་བཅས་ནཱ་གྲྭཔ་དང་ དེ་ལས་ ལ་ལུ་ཅིག་མི་ཕུད་རྡོག་རེ་རེ་གཉིས་གཉིས་དེ་སྦེ་ དཔོན་གྱིས་རྒྱགས་སྐལ་བྱིན་ཏེ་ ལཱ་བཀོལ་ཏེ་སྡོད་སྡོདཔ་ཨིན་ཏེ་དང་ཕུ་འདི།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ནཱ་ཨ་མ་ཁྱོད་ར་ཡང་ ནཱ་གི་ཕྱག་ཞུ་སྟེ་སྡོད་ཅི་ག་ལགས་ནཱ་ལུ།
  • བདེ་ཆེན་མཚོ་མོ་/Dechen Tshomo: ནཱ་གི་ཕྱག་ཞུ་སྟེ་རང་།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ལགས་སོ།
  • བདེ་ཆེན་མཚོ་མོ་/Dechen Tshomo: དཔོན་གྱི་འོག་ལུ་ལཱ་འབད་དེ་རང་།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ཨ་མ་གིས་ག་དེམ་ཅི་གི་བརྩིས་ཕྱག་ཞུ་ཞུཝ་འོང་ག་ལགས་ ནཱ་ལུ་ནཱ་ཆོས་རྗེ་གི?
  • བདེ་ཆེན་མཚོ་མོ་/Dechen Tshomo: ནཱ་གི་འདི་ཏེ་ ལཱ་འབད་དེ་འདི་ ད་ཆུང་ཀུ་ལས་ ལཱ་འབད་ཚུགས་མ་ཚུགསཔ་ཅིག་ལས་རང་ ལོ་དེམ་ཅིག་ཟེར་འོང་ག་ལགས་ འགྱུར་བཅོས་མ་འགྱོ་ཚུན་ཚོད་ཤ་ར་ར་ནཱ་གི་ཕྱག་ཞུ་སྟེ་རང་ཏེ།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ལགས་སོ།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ད་ལྟོ་དེ་སྦེ་འབདཝ་ད་ ནཱ་གི་དང་ཕུའི་ལམ་སྲོལ་ཉམས་དོ་བཟུམ་ཅིག་མི་ཚོར་བས་ག་ལགས? ནཱ་ལུ་ད་གྲྭཔ་ཟེར་ཡང་བཀོལ་ནི་མིན་འདུག་ དེ་སྦེ་འབདཝ་ད་ ག་དེ་སྦེ་ཚོརཝ་མས་གོ་ཁྱད་པར་དང་ཕུ་དང་ད་རེས་ནངས་པ?
  • བདེ་ཆེན་མཚོ་མོ་/Dechen Tshomo: དང་ཕུ་འདི་དཔོན་གྱི་རྟ་ལུ་ རྩྭ་ཁྲལ་ཟེར་ ཕུལ་དགོ་ ཉི་མ་ནི་དཔོན་གྱི་ལཱ་སར་ཟེར་ཐོན་དགོ་ ཏེ་ད་ དེ་སྦེ་བཀོལ་ནི་མེདཔ་ད་ ཁོང་ར་ཡང་ ཁོང་ར་གིས་སྦེ་འབད་དེ་ བཞུགས་མས་ལགས།
  • བདེ་ཆེན་མཚོ་མོ་/Dechen Tshomo: ད་བཀོལ་རུང་གླ་ཆ་ཅིག་གནང་སྟེ་ བཀོལ་ནི་མ་གཏོགས་ བཀོལ་ནི་མིན་འདུག་ ད་འགྱུར་བཅོས་སོང་སྟེ་ དང་ཕུ་དང་ཕྱེདཔ་ད་འདི་ དང་གླ་ཆ་དང་ཁ་འཐབ་སྟེ་ གླ་ཅིག་གནང་སྟེ་མ་གཏོགས་བཀོལ་ནི་མི་འོང་པས་ དང་ཕུ་འདི་ དབང་ཚད་ཡོད་པའི་ཟེར་ ཤ་ར་ར་ག་ཅི་འབད་ནི་ཡོད་རུང་ ཕྱག་ཞུ་དགོཔ་ཨིན་ཏེ་ལགས་ དང་ཕུ་འདི།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ད་ལྟོ་ནཱ་ལུ་ འགྲེམས་སྟོན་ཁང་ཅིག་ཡང་བཙུགས་ཏེ་འདུག་སྦ་ལགས་ དེ་སྦེ་འབདཝ་ད་ ནཱ་གི་ད་ ཐུགས་བཞེད་ག་དེ་སྦེ་ཡོད་གོ་ལགས་ ནཱ་གི་བསམ་འཆར་ འགྲེམས་སྟོན་ཁང་བཙུགས་མི་ལུ་ དགའ་ཚོར་འདྲཝ་ཡོད་ག་ལགས? ག་དེ་སྦེ་མཐོང་མས་ཨ་མ་ཁྱོད་ར་གིས?
  • བདེ་ཆེན་མཚོ་མོ་/Dechen Tshomo: འདི་དེ་ང་གིས་འདི་ ཞུ་མ་ཤེས་པའི་ལགས་ འདི་དེ་ད་ ཨིན་རྒྱུ་འདི་ རོགས་དཔོན་གྱིས་འདི་བཙུགས་ཏེ་ ཐགས་ཤེས་མི་ཚུ་འདི་ འགྱུར་བཅོས་སོང་སྟེ་ཏེ་ ཐགས་རེ་བཙོང་སྟེ་ཟཝ་མས་ ང་བཅས་འདི་ ད་ཕར་བཙོང་ནི་ཡང་མེད་ ཚུར་ཉོ་ནི་ཡང་མེད་ལགས།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: མ་པ་ཁྱད་འདུག་ག་ལགས་འདི་གི་གཡུས་ཁར་ལུ?
  • བདེ་ཆེན་མཚོ་མོ་/Dechen Tshomo: ཁྱད་ཕན་འདི་ཡོད་ལགས་ ཏེ་དང་ཕུ་དང་ཕྱེདཔ་ད་འདི་ དང་ཕུ་དང་ཕྱེདཔ་ད་འདི་ དང་ཕུ་དང་ཕྱེདཔ་ད་འདི་ ད་ལྟོ་འདི་ཁོང་ར་བུམོ་ཆ་ཁྱབ་ཤེས་མི་ཚུ་གིས་ ཐགས་རེ་འཐག་སྟེ་ ཨོལ་ལྐོག་གུ་དཀྱི་ནིའི་རས་རེ་འཐག་སྟེ་བཙོང་ ག་ཅི་བཙོང་ནི་འདུག་ དང་ཕུ་འདི་ལཱ་ག་ཅི་བཟུམ་ཅིག་འབད་རུང་ གླ་ཆ་ཏི་རུ་ཐོབ་ནི་ཟེརཝ་མེད་ ད་ད་རེས་ནངས་པ་འདི་ ཕོ་སྐྱེས་གཞོནམ་དང་ བུམོ་ཚུ་གིས་ ལཱ་རྡོ་ཅིག་སྤོག་པ་ཅིན་ རྡོ་ལུ་ཡང་ཏི་རུ་ཨིན་པས་ དང་ཕུ་དེ་སྦེ་ཡང་མེད།
  • བདེ་ཆེན་མཚོ་མོ་/Dechen Tshomo: ག་ཅི་རང་འབད་རུང་ད་ ཏི་རུ་དང་ཁ་འཐབ་སྟེ་ཨིན་པས་ དང་ཕུ་འབད་བ་ཅིན་ རྡོ་དང་ས་དེ་ལས་ བྱེམ་ཚུ་ལས་ཡང་ དེ་སྦེ་ཏི་རུ་ག་ནི་ཡང་ཐོན་ནི་མེད་པར་སྣང་དག་མེད་ ད་རྡོ་ལུ་ཡང་ཏི་རུ་ཨིན་པས་ བྱེམ་ཚུ་ཏེ་ ལཱ་ག་ཅི་ཅིག་འབད་རུང་ ཏི་རུ་དང་ཁ་འཐབ་ད་ དང་ཕུའི་མི་དང་ ད་རེས་ཀྱི་འབདཝ་ད་འདི་ ད་རེས་ཀྱི་འདི་ཚུ་རང་དྲག་པས་ལགས་ ག་ཅི་ཅིག་འབད་རུང་ གླ་ལེན་ནི་ཅིག་འདུག
  • བདེ་ཆེན་མཚོ་མོ་/Dechen Tshomo: དང་ཕུ་འདི་ ང་བཅས་ཀྱིས་ ལཱ་འབད་དེ་ བྱཱོ་གི་ལཱ་རེ་འབད་དེ་ཟ་ན་མ་གཏོགས་ཏེ་ དེ་སྦེ་ཏི་རུའི་ལཱ་དང་ཁ་འཐབ་ནི་ལོ་ ལཱ་འབད་ནི་ལོ་ ག་ནི་ཡང་མི་འོང་ འགྱུར་བཅོས་འདི་སོང་ཡི་ ད་རེས་ནངས་པ་འདི་ ཁག་འབག་གི་ལཱ་ཚུ་ཡང་འབད་དེ།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ད་ ཡར་རྒྱས་འདི་ སོང་བའི་དབང་དུ་ཨིན་པས་སྨོ་ལགས? དེ་སྦེ་འབདཝ་ད་ ལམ་སྲོལ་འབད་བ་ཅིན་ ག་དེ་སྦེ་མཐོང་མས་གོ་ ང་བཅས་རའི་ལམ་ལུགས་སྲོལ་འདི་ཚུ་ དཔེར་ན་འབད་བ་ཅིན་ནཱ་ད་ ལྷ་ཁང་ནང་ལུ་ ཚེས་བཅུ་དུས་མཆོད་བཟུང་ས་ཚུ་ ཉམས་འགྱོ་དོ་བཟུམ་ཅིག་མཐོང་མས་གོ་ ག་དེ་སྦེ་ ཡར་རྒྱས་འགྱོ་དོ་བཟུམ་མཐོང་མས་གོ་ དང་ཕུ་བསྐང་གསོལ་འདྲཝ་འདུག་སྦ་ནཱ་ལུ་འདི་ཚུ་གསོལ་ནི་འདུག་སྦ་ཧེ་མ་འདི་ཚུ་ག་དེ་སྦེ་མཐོང་མས?
  • བདེ་ཆེན་མཚོ་མོ་/Dechen Tshomo: འདི་ཚུ་འདི་ འགྱུར་བཅོས་ཟེར་རུང་ དང་ཕུ་དང་ཕྱེདཔ་ད་ ད་རེས་ཡང་ དེ་སྦེ་རང་གནང་མས་ལགས།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ལགས་སོ།
  • བདེ་ཆེན་མཚོ་མོ་/Dechen Tshomo: ཏེ་དང་ཕུ་རོགས་རིན་པོ་ཆེ་ཟེར་ རྫོང་ནང་བཞུགསཔ་ད་ ཚེས་བཅུ་ཡར་ངོ་མར་ངོ་དེམ་འབདཝ་མས་ ད་ རིན་པོ་ཞིང་ལུ་བྱོན་ཏེ་ ད་བསྐང་གསོལ་ཅིག་གསོལ་ན་མ་གཏོགས་ དང་ཕུ་རིན་པོ་ཆེ་བཞུགས་དོ་བཟུམ་སྦེ་ གནང་མི་ཚུགས་པས་ལགས།
  • བདེ་ཆེན་མཚོ་མོ་/Dechen Tshomo: དང་ཕུ་རིན་པོ་ཆེ་ཁོ་ར་སྐུ་ངོ་བཞུགསཔ་ད་ ཁོ་ར་རིན་པོ་ཆེ་གིས་གནང་ནི་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ནཱ་ལུ་བསྐང་གསོལ་འདྲཝ་གནང་པའི་སྐབས་ལུ་ གཡུས་མི་ཚུ་ལུ་འགན་ཁུར་ག་ཅི་ཡོདཔ་སྨོ་ལགས་ ནཱ་ལས་ གཉེར་ཚང་འདི་ཚུ་ ད་ ཕར་བསྡུ་བསླང་འབད་ནི་ཚུ་ཡོདཔ་ཨིན་ན་ལགས?
  • བདེ་ཆེན་མཚོ་མོ་/Dechen Tshomo: བསྡུ་བསླང་འབད་ནི་ཡོད་ལགས་ འདི་དེ་དང་ཕུ་དང་ཕྱདཔ་ད་ འ་ནཱི་འགྱུར་བ་མེད་པར་གནང་དོ་ལགས་ དེ་ལས་ ཉིནམ་གསུམ་འབདཝ་ད་ ཚེས་ ༡༠ ལུ་ ཕར་དཔོན་གྱིས་ ༩ ལུ་ ནཱ་གྲྭཔ་ཚུ་གིས་ བསྡུ་བསླང་འབད་དེ་ ཆོསཔ་འདི་ཚུ་ག་ར་ལུ་ལྟོ་གྲྭ་པ་ཚུ་གིས་དྲང་ནི་ཡོད།
  • བདེ་ཆེན་མཚོ་མོ་/Dechen Tshomo: དེ་ལས་ ལོག་སྟེ་ ༨ དང་ ༧ དང་ ༡༠ ལུ་ དཔོན་གྱིས་ ༩ ལུ་ གྲྭཔ་ཚུ་གིས་ ཉིནམ་གཅིག་རྩ་བོ་བཟུང་སྟེ་ཨིན་ལགས་ དང་ཕུ་གི་རང་དེ་སྦེ་ཨིན་ ད་ལྟོ་འགྱུར་བཅོས་ག་ནི་མ་འགྱོ་བར་ གྲྭཔ་ཚུ་གིས་རང་བཟུང་མས་ཉིནམ་གཅིག་འདི་རྩ་བོ།
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: ལགས་སོ་ ད་རུང་ད་ ཁྱོད་ར་གི་ད་གཞན་ད་རུང་གསུང་ནི་ཡོད་ག་ལགས?
  • བདེ་ཆེན་མཚོ་མོ་/Dechen Tshomo: ང་གིས་གཞན་ག་ནི་ཡང་ཞུ་མི་ཤེས་ལགས་ ང་གིས་འདི་ རོགས་བཟུམ་སྦེ་ཞུ་མི་ཤེས་གོ་ལགས་ ང་གིས་འདི།