Skip to main content Skip to search
06 Jan 2016
1 min 9 sec
Than Grove
Video Overview
Creators: 
Unknown

In this video, a man tells a woman that he has diarrhea. She and the man discuss the symptoms and how to treat his diarrhea.

Transcript search
No results found for this search
0 of 0
  • ཀ།
    ཨེམ་ཇེ་ལགས།
    em je lags/
  • ཀ།
    ལགས་ཨོའོ།
    lags o'o/
  • ཀ།
    ད།ད་ཞག་ག་རེ་ཡིན་ན།ང་གྲོད་ཁོག་ཞེ་པོ་བཤལ་གྱིས་ལགས།
    da/da zhag ga re yin na/nga grod khog zhe po bshal gyis lags/
  • ཀ།
    གྲོད་ཁོག་གང་འདྲས་ཟེར་བཤལ་གྱིས་འདུག་
    grod khog gang 'dras zer bshal gyis 'dug
  • ཀ།
    ད་གྲོད་ཁོག་འདི།སྤྱིར་བཏང་བྱས་པ་ཡིན་ན་ཅིག་བམ་རིམ་འདྲ་པོ་དེ་ཏིག་ཙམ་ཅིག་བཞག་ཡང་ཏིག་ཙམ་ཅིག་ནས་ཅིག་ན།
    da grod khog 'di/spyir btang byas pa yin na cig bam rim 'dra po de tig tsam cig bzhag yang tig tsam cig nas cig na/
  • ཀ།
    ཨེ་འདྲས་བཅོས་རིལ་བཟོ་འདྲས་སྐྱོན་ཉན་བྱེད་ཀྱི་འདུག་གམ།གྲོད་ཁོག་འདུག་ཟེར།འདུག་ཟེར།བཅོས་རིལ་བརྒྱབ།
    e 'dras bcos ril bzo 'dras skyon nyan byed kyi 'dug gam/grod khog 'dug zer/'dug zer/bcos ril brgyab/
  • ཀ།
    ཨོའོ་དེ་འདྲས།ཨོའོ་དེ་འདྲས།ན་ཚ་བཏང་།མར་བཤལ་བྱེད་ཀྱིས།
    o'o de 'dras/o'o de 'dras/na tsha btang /mar bshal byed kyis/
  • ཀ།
    ཨའ་ལས།ཨ་ནི་ཞལ་ལག་ག་རེ་མཆོད་པ།
    a' las/a ni zhal lag ga re mchod pa/
  • ཀ།
    ད་ཁ་སང་ངས་འདི་ཅིག་བཟས་པ་ཡིན།བ་ཚ་མར་ཁུ་ཞིག་
    da kha sang ngas 'di cig bzas pa yin/ba tsha mar khu zhig
  • ཀ།
    ཨོའོ་ཙི་ད།གྲོད་ཁོག་བཤལ་པའི་གང་ལ་བ་ཚ་མར་ཁུ་མཆོད་གནང་ཉན་ག་པར་ཡོའོ་རེད།གྲོད་ཁོག་བཤལ་དུས་ཙམ་པར་ཞག་ཚི་ཆེན་པོ་མཆོད་པ་རེད་པ།ཨ་ནི་ཁོ་སྡུག་རུ་༼ཏུ་༽འགྲོ་གི་རེད།ཡག་ཤོས་བྱུང་ན་ཇ་ཐང་།ང་རང་ཚོའི་ཇ་ཐང་ཡོད་པ་ལགས།ཇ་ཐང་ནང་ལ་ཅིན་ནི་ཏིག་ཙམ་སྐྱོན།མཆོད།ཨ་ནི་འདི་འདུག་གང་།འབྲས་ཐུག།འབྲས་ཐུག་ཚ་པོ་ཨེ་འདྲས་མཆོད་པ་ཡིན་ན་ཨ་ནི་གྲོད་ཁོག་ཡག་པོ་ཆག་གི་རེད།
    o'o tsi da/grod khog bshal pa'i gang la ba tsha mar khu mchod gnang nyan ga par yo'o red/grod khog bshal dus tsam par zhag tshi chen po mchod pa red pa/a ni kho sdug ru (tu )'gro gi red/yag shos byung na ja thang /nga rang tsho'i ja thang yod pa lags/ja thang nang la cin ni tig tsam skyon/mchod/a ni 'di 'dug gang /'bras thug/'bras thug tsha po e 'dras mchod pa yin na a ni grod khog yag po chag gi red/
  • ཀ།
    ཨཱ་ལས།
    A las/
  • ཀ།
    རེད་པའ།ཞག་ཚི་རྒྱུན་ནས་མཆོད་རྒྱུ་ཡོའོ་མ་རེད།
    red pa'/zhag tshi rgyun nas mchod rgyu yo'o ma red/
  • ཀ།
    ལས་སེ་ལས་སེ།
    las se las se/
  • ཀ།
    བཤལ་པའི་གང་ལ་ཞག་ཚི་མཆོད་ན་ཨ་ནི་རྦད་དེ་རིམ་ལ་འགྲོ་གི་རེད་དང་།ལོའོ་སོ།ཨ་ནི་ད་ག་ཡིན།
    bshal pa'i gang la zhag tshi mchod na a ni rbad de rim la 'gro gi red dang /lo'o so/a ni da ga yin/