Skip to main content Skip to search
17 Feb 2017
6 min 47 sec
Rinchen Dorji
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Penchela

“Courtier Sonam Drugyal” (Garpa Sonam Drugyal), performed in this video by Sangay Dema and friends from Lomikha village in Paro District, is a zhungdra song. Sangay Dema says she learned this song from her mother, who learned it from Angay Tandin Sithup from Geleykha. The song talks about courtier Sonam Drugyal and the various functions he performed in the court. 

 

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ གླང་མིག་ཁ་གཡུས་ཚན་ལས་ སངས་རྒྱས་སྐྲོལ་མ་དང་ ཆ་རོགས་ཀྱིས་འཐེན་མི་ སྒར་པའི་བསོད་ནམས་འབྲུག་རྒྱལ་ཟེར་མི་འདི་ གཞུང་སྒྲའི་གླུ་གཞས་ཨིན་མས། ཏེ་སངས་རྒྱས་སྒྲོལ་མ་གིས་ གླུ་གཞས་འདི་ མོ་རའི་ཨའི་ལས་སྦྱངས་ཡོདཔ་ད་ ཨའི་གིས་ཡང་ གླུ་གཞས་འདི་ དགེ་ལེགས་ཁ་ལས་ཨིན་མི་ མོ་རའི་ཨའི་རྟ་མགྲིན་སྲིད་ཐུབ་ལས་ སྦྱངས་སྦྱངསམ་མས། གླུ་གཞས་འདི་ཡང་ འབོད་སྒརཔ་བསོད་ནམས་འབྲུག་རྒྱལ་དང་ ཁོ་གིས་ ཁྲིམས་ཁང་ནང་འབད་ལས་སྣང་ཚུའི་སྐོར་ལས་ ལོ་རྒྱུས་སླབ་མས། 

 

Transcript search
No results found for this search
0 of 0
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    སྒར་པའི་བསོད་ནམས་འབྲུག་རྒྱལ། །ཤིང་ཆེན་ཨ་མྲའི་འབྲས་བུ་འདི་ར་ལྟ་སོང་ཡ་ལ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    ནང་གི་ལྕང་མ་འདྲ་དོ་ཡ་ལ། །ནང་གི་ལྕང་མ་འདྲ་དོ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    སྒར་པའི་བསོད་ནམས་འབྲུག་རྒྱལ། །གཡུ་ཆུང་དྲུག་དཀར་ཁྲ་མོ་འདི་ར་བལྟ་སོང་ཡ་ལ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    གཡུ་ཡི་བསྟན་པ་འདྲ་དོ་ཡ་ལ། །གཡུ་ཡི་བསྟན་པ་འདྲ་དོ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    སྒར་པའི་བསོད་ནམས་འབྲུག་རྒྱལ། །ཕར་ཤོག་བསྟན་པ་གསུང་དོ་དེས་ར་བལྟ་སོང་ཡ་ལ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    གླུ་གར་སྒྱུར་ཤོག་གསུང་དོ་ཡ་ལ། །གླུ་གར་སྒྱུར་ཤོག་གསུང་དོ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    སྒར་པའི་བསོད་ནམས་འབྲུག་རྒྱལ། །ཚུར་ཤོག་བླ་མ་གསུང་དོ་དེས་ར་བལྟ་སོང་ཡ་ལ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    དམ་ཆོས་མཇལ་ཤོག་གསུང་དོ་ཡ་ལ། །དམ་ཆོས་མཇལ་ཤོག་གསུང་དོ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    སྒར་པའི་བསོད་ནམས་འབྲུག་རྒྱལ། །སྤུངས་ན་བདེ་ཆེན་ཕོ་བྲང་འདི་ར་བལྟ་སོང་ཡ་ལ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    དར་དཀར་ཀ་ལི་རྩེ་ཟ་ཡ་ལ། །དར་དཀར་ཀ་ལི་རྩེ་ཟ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    སྒར་པའི་བསོད་ནམས་འབྲུག་རྒྱལ། །མི་དབང་རྒྱལ་པོ་གསུང་དོ་དེས་ར་བལྟ་སོང་ཡ་ལ། །
  • ཨམ་འཆི་མེད་སྒྲོལམ་དང་ཆ་རོགས
    ཕྱག་ཕྱིད་མཆོད་པ་འབུལ་ལོ་ཡ་ལ། །ཕྱག་ཕྱིད་མཆོད་པ་འབུལ་ལོ། །