Skip to main content Skip to search
28 Aug 2018
7 min 47 sec
Ariana Maki
Video Overview
Creators: 
Sonam Tobgye

ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འགོ་ལས་ སེངྒེ་བཟང་མོ་གིས་འཐེན་མི་ བོད་སྒྲའི་གླུ་གཞས་ རས་ཆུང་ཕ་ནས་འོང་དུས་ཟེར་མི་འདི་ནང་ དམ་ཚིག་ཅན་གྱི་ཨམ་སྲུ་དག་པ་ཅིག་དང་ ཁོང་གི་ཆ་ཆས་ཚུ་ལུ་གཞི་བཞག་སྟེ་ བླམ་ལུ་བསྟོད་པ་རྐྱབ་ཨིནམ་ད་ དམ་ཚིག་ཅན་གྱི་ཨམ་སྲུ་འདི་ གནམ་མེད་ས་མེད་འཇའ་རིངམོ་དང་ ཡོངས་གྲགས་ཅན་འབདཝ་ལས་ མུན་པ་གསལ་བའི་ཉིམ་ལུ་དཔེ་སྦྱརཝ་མས། ཏེ་བླ་མ་རིན་པོ་ཆེ་འདི་ མོ་གི་ངོ་རིས་དང་ཡོངས་གྲགས་ལས་ལྷགཔ་ཨིནམ་ལས་ བླམ་འདི་ཁྱད་ཆོས་ཅན་དང་ ག་དེ་ཅིག་རྩ་ཆེཝ་ཨིན་ན་དང་སྟོནམ་མས། 

 

The song Rechung Phug Ney Yong Due is an old Boedra song sang by Singye Zangmo from Dungkar geog under Luntse Dzongkhag. The song glorify a spiritual master who was compared with some of few popular noble women and their precious stuffs. The verses of the song expresses that the noble women is extremely beautiful with popularity and she was compared with bright sun that can provide light in darkness. Despite her beauty and popularity, it is expressed that the spiritual masters above such women. Thus, the song reveals sacredness and significance of spiritual master. 

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    རས་ཅུང་ཕུག་ནས་ཡོང་བའི། །རས་ཅུང་ཕུག་ནས་ཡོང་བའི། །ཨ་ཞེ་ཨི་ཤ་(དབུ་ཞྭ་)ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །ཨ་ཞེ་ཨི་ཤ་(དབུ་ཞྭ་)ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    ཨི་ཤ་(དབུ་ཞྭ་)ལོས་ཀྱང་གི་འདྲ་བ། །ཨི་ཤ་(དབུ་ཞྭ་)ལོས་ཀྱང་གི་འདྲ་བ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    རས་ཅུང་ཕུག་ནས་ཡོང་བའི། །རས་ཅུང་ཕུག་ནས་ཡོང་བའི། །ཨ་ཞེ་ན་བཟའ་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །ཨ་ཞེ་ན་བཟའ་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    ན་བཟའ་ལོས་ཀྱང་གི་འདྲ་བ། །ན་བཟའ་ལོས་ཀྱང་གི་འདྲ་བ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    རས་ཅུང་ཕུག་ནས་ཡོང་བའི། །རས་ཅུང་ཕུག་ནས་ཡོང་བའི། །ཨ་ཞེ་ཐུར་པང་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །ཨ་ཞེ་ཐུར་པང་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    ཐུར་པང་ལོས་ཀྱང་གི་འདྲ་བ། །ཐུར་པང་ལོས་ཀྱང་གི་འདྲ་བ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    རས་ཅུང་ཕུག་ནས་ཡོང་བའི། །རས་ཅུང་ཕུག་ནས་ཡོང་བའི། །ཨ་ཞེ་སྐུ་བཅིང་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །ཨ་ཞེ་སྐུ་བཅིང་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    སྐུ་བཅིང་ལོས་ཀྱང་གི་འདྲ་བ། །སྐུ་བཅིང་ལོས་ཀྱང་གི་འདྲ་བ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    རས་ཅུང་ཕུག་ནས་ཡོང་བའི། །རས་ཅུང་ཕུག་ནས་ཡོང་བའི། །ཨ་ཞེ་སྐེ་སྐོར་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །ཨ་ཞེ་སྐེ་སྐོར་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    སྐེ་སྐོར་ལོས་ཀྱང་གི་འདྲ་བ། །སྐེ་སྐོར་ལོས་ཀྱང་གི་འདྲ་བ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    རས་ཅུང་ཕུག་ནས་ཡོང་བའི། །རས་ཅུང་ཕུག་ནས་ཡོང་བའི། །ཨ་ཞེ་སྐུ་སྟོད་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །ཨ་ཞེ་སྐུ་སྟོད་ཡ་ག་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    སྐུ་སྟོད་ལོས་ཀྱང་གི་འདྲ་བ། །སྐུ་སྟོད་ལོས་ཀྱང་གི་འདྲ་བ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །ཡོངས་གྲགས་བླ་མའི་ཕྱག་ལ་སེར་སེར་གཞུང་གི་ཉིན་ཟླ་ལ། །
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།