Skip to main content Skip to search
20 Jun 2018
3 min 45 sec
Ariana Maki
Video Overview
Creators: 
Penchela

Tashi Gyeltsen from Bartsa of Karna Gewog, Dagana sings a Zhungdra song entitled Lugar Thramo (The Colorful Dance). Zhungdra songs have characteristically long melodies and lyrics with religious themes; they are mostly performed in a line of around 5 to 20 dancers. Performers move their bodies and hands in a swaying manner, with one among them a Tsepon (leader), who will lead. The Tsepon is in the middle of the dancers. The song Lugar Thramo is a composition with religious lyrics dedicated to great saints and teachers. An old song, its origin and composer are unknown.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ བར་ཚྭ་གཡུས་ཚན་ལས་ བཀྲིས་རྒྱལ་མཚན་གྱིས་ དང་ཕུགས་ལས་ཡོད་པའི་ གཞུང་སྒྲའི་གླུ་གཞས་ གླུ་གར་ཁྲམ་མོ་ཟེར་མི་འདི་འཐེནམ་ཨིན་པས། འབྲུག་གི་གཞུང་སྒྲའི་གླུ་གཞས་ ཧ་ལམ་མང་ཤོས་ཅིག་ མདངས་འཕྲོ་མཐུད་ཞིནམ་ལས་ རིངམོ་སྦེ་འབད་ཞིནམ་ལས་ ཆོས་དང་འབྲེལ་བའི་ཚིག་ཚུ་ བཙུགས་འོངམ་མ་ཚད་  གླུ་གཞས་འདི་ཚུ་རྐྱབ་པའི་སྐབས་ ཞབས་བྲོ་རྐྱབ་མི་ མི་ལྔ་དང་ཁལ་གཅིག་དེ་རེ་ གྱལ་བསྒྲིག་སྟེ་རྐྱབ་ཨིན་པས། ཁོང་གིས་ ཞབས་བྲོ་འདི་ གཟུགས་དང་ལགཔ་ཚུ་ གོ་ལེ་སྦེ་སྤར་ཐོག་ལས་ ཁོང་གི་སླ་ལས་གཅིགགིས་་ རྩིས་དཔོན་སྦེ་ཞབས་བྲོ་འདི་འཁྱིད་དོ་ཡོདཔ་ད་ རྩིས་དཔོན་འདི་ སྦུག་ལུ་སྡོད་དེ་ ཞབས་བྲོ་རྐྱབ་མི་གཞན་མི་ཚུ་གིས་ སྐད་དང་ལེའུ་འདི་ མོ་དང་འཁྲིལ་ཏེ་འབད་དགོཔ་ཨིན་པས། གླུ་གར་ཁྲ་མོ་འདི་ བླམ་དང་སློབ་དཔོན་ཚུ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ བརྩམས་ཡོད་པའི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་རྙིངམ་ཚུའི་གྲངས་སུ་ལས་ཅིག་ཨིནམ་ལས་ རྩམ་པ་པོ་དང་ འབྱུང་ཁུངས་འདི་ཤེས་མི་ཚུགས་པས། 

Transcript search
No results found for this search
0 of 0
  • བཀྲིས་རྒྱལ་མཚན།
    གླུ་གར་ཁྲ་མོ་མི་ཆགས(ཕུལ)། །གླུ་གར་ཁྲ་མོ་ཆགས་(ཕུལ)། །
  • བཀྲིས་རྒྱལ་མཚན།
    གླུ་གར་ཁྲ་མོ་སྟེང་ཕྱོགས་ལྷ་ལུ་ཅིག་ཆགས(ཕུལ)། །
  • བཀྲིས་རྒྱལ་མཚན།
    ལྷ་དབང་མོ་རྒྱལ་མཚན་(ལྷ་དབང་པོ་བརྒྱ་བྱིན་)མ་འཇལ་གླུ་གར་ཆགས་(ཕུལ་)རྒྱུ་མེད། །
  • བཀྲིས་རྒྱལ་མཚན།
    ལྷ་དབང་མོ་རྒྱལ་མཚན་(ལྷ་དབང་པོ་བརྒྱ་བྱིན་)མཇལ་ན་གླུ་གར་ཆགས་(ཕུལ་)རྒྱུ་ཡོད། །
  • བཀྲིས་རྒྱལ་མཚན།
    རི་བོ་ཆེ་གཡས་པའི་ལོགས་ལ་བ་ལུ་ཅིག་འཁྲུངས། །
  • བཀྲིས་རྒྱལ་མཚན།
    རི་བོ་ཆེ་གཡོན་པའི་ལོགས་ལས་སུ་ལུ་ཅིག་འཁྲུངས། །
  • བཀྲིས་རྒྱལ་མཚན།
    བ་ལུ་སུ་ལུ་ལ་ས་བསང་ཅིག་བཏང་། །
  • བཀྲིས་རྒྱལ་མཚན།
    ལྷ་ས་བསང་ཅིག་བཏང་ན་ལྷ་རྣམས་བསྟན་པ་དར།། །།