Skip to main content Skip to search
20 Jun 2018
3 min 14 sec
Ariana Maki
Video Overview
Creators: 
Penchela

Tashi Gyeltsen from Bartsa of Karna Gewog, Dagana sings a Zhungdra song entitled Namkha Tring Med Dangwa (The Clear Sky Without Clouds). Zhungdra songs have characteristically long melodies and lyrics with religious themes; they are mostly performed in a line of around 5 to 20 dancers. Performers move their bodies and hands in a swaying manner, with one among them a Tsepon (leader), who will lead. The Tsepon is in the middle of the dancers. The song Namkha Tring Med Dangwa is a composition with religious lyrics dedicated to great saints and teachers. The song describes the clearness of the sky and the wishes to be this clear, drawing comparisons to the mind of a root teacher. An old song, its origin and composer are unknown.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ བར་ཚྭ་གཡུས་ཚན་ལས་ བཀྲིས་རྒྱལ་མཚན་གྱིས་ གཞུང་སྒྲའི་གླུ་གཞས་ ནམ་མཁའ་སྤྲིན་མེད་དྭངས་བ་ཟེར་མི་འདི་འཐེནམ་ཨིནམ་ད་ འབྲུག་གི་གཞུང་སྒྲའི་གླུ་གཞས་མང་ཤོས་ཅིན་ མདངས་འཕྲོ་མཐུད་དེ་རིངམོ་སྦེ་ཡོདཔ་མ་ཚད་ ཆོས་དང་འབྲེལ་བའི་ཚིག་ཡོདཔ་ཨིན། གླུ་གཞས་འདི་ཚུ་རྐྱབ་པའི་སྐབས་ ཞབས་བྲོ་རྐྱབ་མི་ མི་ལྔ་དང་ཁལ་གཅིག་དེ་རེ་ གྱལ་བསྒྲིག་སྟེ་རྐྱབ་མ་ཚད་ ཁོང་གིས་ ཞབས་བྲོ་འདི་ གཟུགས་དང་ལགཔ་ཚུ་ གོ་ལེ་སྦེ་སྤར་ཐོག་ལས་ ཁོང་གི་སླ་ལས་གཅིགགིས་ རྩིས་དཔོན་སྦེ་ཞབས་བྲོ་འདི་འཁྱིད་དོ་ཡོདཔ་ད་ རྩིས་དཔོན་འདི་ སྦུག་ལུ་སྡོད་དེ་ ཞབས་བྲོ་རྐྱབ་མི་གཞན་མི་ཚུ་གིས་ སྐད་དང་ལེའུ་འདི་ མོ་དང་འཁྲིལ་ཏེ་འབད་དགོཔ་ཨིན་པས། ནམ་མཁའ་སྤྲིན་མེད་དྭངས་བ་ཟེར་བའི་གླུ་གཞས་འདི་ བླམ་དང་སློབ་དཔོན་ཚུ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་བརྩམས་ཡོདཔ་ད་ གླུ་གཞས་འདི་གིས་ ནམ་མཁའ་འདི་སྤྲིན་མེད་པར་ དྭངས་འཕྲོས་འཕྲོས་སྦེ་ཡོད་དོ་བཟུམ་སྦེ་ ཁོ/མོ་ ག་ར་འབད་རུང་ སྤྲིན་མེད་པའི་ནམ་མཁའ་བཟུམ་སྦེ་ དྭངས་འཕྲོས་འཕྲོས་ཀྱི་ རེ་བ་བསྐྱེདཔ་ཨིན་པས། སྤྲིན་མེད་པའི་གནམ་མཁའ་དྭངས་འཕྲོས་འཕྲོས་འདི་ ཞབས་བྲོ་རྩམ་པ་པོའི་ རྩ་བའི་བླམ་དང་གཅིག་ཁར་མཚུངས་དཔེ་སྦྱརཝ་ཨིནམ་ད་ ཞབས་བྲོ་རྙིངམ་ཚུའི་སླ་ལས་གཅིག་ཨིནམ་ལས་ བརྩམས་པ་པོ་དང་ འབྱུང་ཁུངས་ཚུ་མི་ཤེས་པས། 

Transcript search
No results found for this search
0 of 0
  • བཀྲིས་རྒྱལ་མཚན་
    གནམ་མཁའ་སྤྲིན་མེད་དྭངས་མོ་སེམས་ཀྱི་(རེ་)དགའ། །
  • བཀྲིས་རྒྱལ་མཚན་
    ཁྲི་གདུགས་ཉི་མ་བཞུགས་པ་ལ་མདངས་རེ་སྤྲོ། །
  • བཀྲིས་རྒྱལ་མཚན་
    སྐར་སངས་ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་། །
  • བཀྲིས་རྒྱལ་མཚན་
    ཞལ་ཡང་ཡང་མཇལ་ཀྱང་ལ་ད་རུང་མཇལ། །
  • བཀྲིས་རྒྱལ་མཚན་
    ཞལ་ཡང་ཡང་མཇལ་ཀྱང་། །(ཞལ་ཡང་ཡང་མཇལ་བའི་)ལ་སྨོན་ལམ་ཞུ།། །།