Skip to main content Skip to search
28 Aug 2018
6 min 18 sec
Ariana Maki
Video Overview
Creators: 
Sonam Tobgye

ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ལས་ སེངྒེ་བཟང་མོ་གིས་འཐེན་མི་ བོད་སྒྲའི་གླུ་གཞས་རྙིངམ་ དགུང་སངས་ཀྱི་འཐོན་པོ་ཟེར་མི་འདི་ ང་བཅས་རའི་ ཕམ་ལུ་གུས་བཏུད་ཕུལ་ཏེ་ ཁོང་བཞུགས་སའི་གཡུས་འདི་འཇའ་ཆི་ཆི་དང་ ཉམས་དགའ་ཏོག་ཏོ་སྦེ་ཡོདཔ་ལས་ ཞབས་བྲོ་བརྩམས་པ་པོ་འདི་གིས་ ང་བཅས་ག་ར་འབད་རུང་ ཕམ་འབད་ས་ལོག་སྟེ་ གཡུས་ཁ་ལུ་སྡོད་དགོ་ཟེར་སླབ་མས། གླུ་གཞས་འདི་ནང་ཡང་ ཡོངས་གྲགས་ཅན་དང་ ང་བཅས་ར་དུས་རྒྱུན་དུ་ ལག་ལེན་འཐབ་མི་ གནམ་དང་ཉིམ་ གང་དང་སེངྒེ་ ཆུ་དང་གསེར་ཉ་ཚུ དཔེ་སྦེ་བཀོདཔ་མས། 

 

The song Gung Sang Gi Thoenpo, an old Boedra song sang by Singye Wangmo from Dungkar geog under Lhuntse Dzongkhag. It is a honour song dedicated to the parents claiming that the place (village) they live is beautiful with happiness that comprises of generous parents. Thus, the author summons the listeners to come back near the parents and stay with them or towards the village. This song also used some of very common metaphores or examples such as sun and sky, snow lion and mountain, golden fish and the river etc. 

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གཅིག་ལ་དགུང་སངས་ཀྱི་མཐོན་པོ། །དགུང་སྟོད་གཅིག་ལ་ཁྲི་གདུགས་ཀྱི་ཉི་མ། །དགུང་སྟོད་གཅིག་ལ་ཁྲི་གདུགས་ཀྱི་ཉི་མ། །
    In the sky above, the sky consist with sun.
  • སེངྒེ་བཟང་མོ་ Singye Zangmo
    དུས་ད་རེས་རྩྭ་སྣ་ལས་འཛོམས་པ། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །
    In the several of grass, varieties of grass consist variety of water.
  • སེངྒེ་བཟང་མོ་ Singye Zangmo
    ས་ལ་དགའ་བ་རང་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པའི་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པོའི་ཕྱོགས་ལ་ལོག་འགྲོ། །
    Will return back to our home, will return towards the noble parents. Will return to towards the noble parents.
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གཅིག་ལ་གངས་སྟོད་ཀྱི་མཐོན་པོ། །གངས་སྟོད་གཅིག་ལ་སེང་ཆེན་གྱི་དཀར་མོ། །གངས་སྟོད་གཅིག་ལ་སེང་ཆེན་གྱི་དཀར་མོ། །
    In the peak above, peak with lion.
  • སེངྒེ་བཟང་མོ་ Singye Zangmo
    དུས་ད་རེས་རྩྭ་སྣ་ལས་འཛོམས་པ། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །
    In the several of grass, varieties of grass consist variety of water.
  • སེངྒེ་བཟང་མོ་ Singye Zangmo
    ས་ལ་དགའ་བ་རང་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པའི་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པོའི་ཕྱོགས་ལ་ལོག་འགྲོ། །
    Will return back to our home, will return towards the noble parents. Will return to towards the noble parents.
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གཅིག་ལ་སྤང་སྟོད་ཀྱི་མཐོན་པོ། །སྤང་སྟོད་གཅིག་ལ་ཤཝ་རྒས་རེ་གཡུ་མོ། །སྤང་སྟོད་གཅིག་ལ་ཤཝ་རྒས་རེ་གཡུ་མོ། །
    In the pastureland, pastureland consists with reindeer.
  • སེངྒེ་བཟང་མོ་ Singye Zangmo
    དུས་ད་རེས་རྩྭ་སྣ་ལས་འཛོམས་པ། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །
    In the several of grass, varieties of grass consist variety of water.
  • སེངྒེ་བཟང་མོ་ Singye Zangmo
    ས་ལ་དགའ་བ་རང་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པའི་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པོའི་ཕྱོགས་ལ་ལོག་འགྲོ། །
    Will return back to our home, will return towards the noble parents. Will return to towards the noble parents.
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གཅིག་ལ་གཡུས་སྟོད་ཀྱི་མཐོན་པོ། །གཡུས་སྟོད་གཅིག་ལ་སྨན་ཆུང་བུ་མོ། །གཡུས་སྟོད་གཅིག་ལ་སྨན་ཆུང་གི་བུ་མོ། །
    In the village, village consists with damsel.
  • སེངྒེ་བཟང་མོ་ Singye Zangmo
    དུས་ད་རེས་རྩྭ་སྣ་ལས་འཛོམས་པ་ལ། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །
    In the several of grass, varieties of grass consist variety of water.
  • སེངྒེ་བཟང་མོ་ Singye Zangmo
    ས་ལ་དགའ་བ་རང་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པའི་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པོའི་ཕྱོགས་ལ་ལོག །
    Will return back to our home, will return towards the noble parents. Will return to towards the noble parents.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།