Skip to main content Skip to search
28 Aug 2018
4 min 11 sec
Ariana Maki
Video Overview
Creators: 
Sonam Tobgye

ལྷུན་རྩེ་རྫོང་ཁག་ ཀུན་སྟོད་རྒེད་འོག་ལས་ སེངྒེ་བཟང་མོ་གིས་འཐེན་མི་ ཡེ་གི་དགུང་སྟོད་འཐོན་པོ་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ ཁ་བྲལ་བའི་སྐབས་ ཞབས་བྲོ་རྐྱབ་སྐད་འཐེན་སྦེ་ ཆང་འཐུང་དགོ་བའི་སྐོར་ལས་ཨིནམ་ད་ དེ་བསྒང་ ག་དེ་ཅིག་སྦེ་ཆང་མ་འཐུང་བ་ཅིན་ རྟགས་མཚན་ངན་པ་ཨིནམ་སྦེ་ཆ་བཞགཔ་མས། ཞབས་བྲོ་འདིའི་ཚིག་བཅད་དང་འཁྲིལ་བ་ཅིན་ ཁ་བྲལ་འགྱོ་ས་འདི་ གནམ་དང་རི་བདའ་སྟེ་ཨིནམ་སྦེ་ སླབ་ཡོདཔ་ད་ ཤུལ་ལས་འབད་བའི་བསྒང་ལས་ ལ་མཐོ་དྲག་གུ་ལས་སྦེ་ཨིནམ་ད་ ཚར་ཅིག་གཅིག་འཛོམས་ཏེ་ སོ་སོ་འགྱོ་སྐབས་ཞབས་བྲོ་འཐེན་ ཆང་འཐུང་ནི་འདི་ ངབཅས་རའི་འབྲུག་པའི་ ལམ་སྲོལ་ཅིག་ཨིན། 

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་དགུང་སངས་མཐོན་པོའི་ཕྱོགས་ལ། །ཡས་ཀྱི་དགུང་སངས་མཐོན་པོའི་ཕྱོགས་ལ། །གྲེ་བའི་གྲེ་གླུ་ཡ་ག །གྲེ་བའི་གྲེ་གླུ་ཡ་ག །
  • སེངྒེ་བཟང་མོ་ Singye Zangmo
    འབྲས་ཆང་ཨང་རྒས་དང་པོ་བཞེས་པའི། །འབྲས་ཆང་ཨང་རྒས་དང་པོ་བཞེས་པའི། །འཐུང་དགོས་བསམ་ནི་ཡོངས་སོང་། །མ་འཐུང་ན་ཏ་གང་བྱེད། །
    From the lofty of sky, sing in the line. Have the first alcohol by grandmother, thought of drinking; if not drank what to do?
  • སེངྒེ་བཟང་མོ་ Singye Zangmo
    གླུ་མོ་མ་ཕྱེ་དཔེ་ཡང་ངེད་ཚོ། །གླུ་མོ་མ་ཕྱེ་དཔེ་ཡང་ངེད་ཚོ། །རྒྱབ་དགོས་བསམ་ནས་ཡོང་སོང་། །མ་རྒྱབ་ན་ཏ་གང་བྱེད། །
  • སེངྒེ་བཟང་མོ་ Singye Zangmo
    ཞབས་བྲོ་ཚེ་དབང་འབྲུག་རྒྱས་ངེད་ཚོ། །ཞབས་བྲོ་ཚེ་དབང་འབྲུག་རྒྱས་ངེད་ཚོ། །འཁྲབ་དགོས་བསམ་ནས་ཡོང་སོང་། །མ་འཁྲབ་ན་ཏ་གང་བྱེད། །
    Its bad if we don't compete song came with thought of singing; if not sing what to do? The song call tshewang drukjay, came with thought of dancing; if not dance what to do?
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གངས་སྟོད་མཐོན་པོའི་ཕྱོགས་སུ། །ཡས་ཀྱི་གངས་སྟོད་མཐོན་པོའི་ཕྱོགས་སུ། །གྲེ་བའི་གྲེ་གླུ་ཡ་ག །གྲེ་བའི་གྲེ་གླུ་ཡ་ག །
  • སེངྒེ་བཟང་མོ་ Singye Zangmo
    འབྲས་ཆང་ཨང་རྒས་དང་པོ་ངེད་ཚོ། །འབྲས་ཆང་ཨང་རྒས་དང་པོ་ངེད་ཚོ། །འཐུང་དགོས་བསམ་ནས་ཡོང་སོང་། །མ་འཐུང་ན་ཏ་གང་བྱེད། །
    From the lofty of peak, lets sing in line. We the grandmothers have the first line alcohol, came with the thought of drinking; if not drank what to do?
  • སེངྒེ་བཟང་མོ་ Singye Zangmo
    གླུ་མོ་མ་ཕྱེ་དཔེ་ཡང་ངེད་ཚོ། །གླུ་མོ་མ་ཕྱེ་དཔེ་ཡང་ངེད་ཚོ། །རྒྱབ་དགོས་བསམ་ནས་ཡོང་སོང་། །མ་རྒྱབ་ན་ཏ་གང་བྱེད། །
  • སེངྒེ་བཟང་མོ་ Singye Zangmo
    ཞབས་བྲོ་ཚེ་དབང་འབྲུག་རྒྱས་ངེད་ཚོ། །ཞབས་བྲོ་ཚེ་དབང་འབྲུག་རྒྱས་ངེད་ཚོ། །འཁྲབ་དགོས་བསམ་ནས་ཡོང་སོང་། །མ་འཁྲབ་ན་ཏ་གང་བྱེད། །
    Its bad if we don't compete song came with thought of singing; if not sing what to do? The song call tshewang drukjay, came with thought of dancing; if not dance what to do?
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།
    Thank you