Skip to main content Skip to search
02 Jan 2019
5 min 42 sec
Ariana Maki
Video Overview
Creators: 
Norbu Dradul

A song about rabbits and bears give children life lessons.

གཞས་ཆུང་འདི་ལས་རི་བོང་བློ་ལྡན་དང་ཨ་ཁུ་དྲེད་མོང་སོགས་བྱིས་པའི་བློ་ཁ་དང་འཚམ་པའི་གནའ་གཏམ་གླེང་ནས་བྱིས་པ་ཚོར་མི་ཚེའི་བསླབ་བྱ་གནང་ཡོད།

གཞས་ཚིག་གི་ཚན་པ་རེ་རེ་ནི།སྤྱང་དྲུང་ལྡན་པའི་རི་བོང་བློ་ལྡན་གྱིས།།ཨ་ཁུ་དྲེད་མོང་བཏུལ་ནས་བྲོས་ཐལ།།སྲིད་པ་རྒན་པོ་དགོད་ཁ་ཤོར་སོང་།།གནའ་དཔེ་མི་དཔེ་ར་མའི་དཔེ།།ར་མའི་དཔེ་དེ་ཆུ་ཡིས་ཁུར།།གཅིག་གཅིག་རྡོག་སྒྲ་མཉམ་གྱིས་རྡེབ།།གཉིས་གཉིས་སྐེད་པ་མཉམ་དུ་འགུལ།།གསུམ་གསུམ་གཞས་ཆུང་མཉམ་དུ་ལེན།།དཔལ་རྩལ་ཆེ་བའི་ཇོ་རུ་རྒྱལ་པོ་ཡིས།།ཨ་ཁུ་ཁྲོ་ཐུང་བསྐྱུར་ནས་རྒྱུགས་ཡོང་།།སྒྲུང་བ་རྒན་པོ་དགོད་ཁ་ཤོར་སོང་།།གནའ་དཔེ་མི་དཔེ་ར་མའི་དཔེ།།ར་མའི་དཔེ་དེ་ཆུ་ཡིས་ཁུར།།གཅིག་གཅིག་རྡོག་སྒྲ་མཉམ་གྱིས་རྡེབ།།གཉིས་གཉིས་སྐེད་པ་མཉམ་དུ་འགུལ།།གསུམ་གསུམ་གཞས་ཆུང་མཉམ་དུ་ལེན།།ང་རྒྱལ་ཆེ་བའི་རུས་སྦལ་ཆུང་ཆུང་ཡིས།།ཁྲུང་ཁྲུང་གཏམ་ལ་མ་ཉན་ས་ལ་ལྷུང་།།

主要是智慧白兔与熊猫叔叔,讲给孩子们的富有哲理的故事。

主要是藏区非常流行的智慧白兔与熊猫叔叔,讲给孩子们的富有哲理的故事。歌词:智慧的小白兔,驯服了熊猫叔叔,熊猫叔叔跑了,世间老人笑了,古时的谚语,是人的谚语,是山羊的谚语,山羊却被水冲走了,一来一起跺脚。二来一起摆腰,三来一起唱歌;英勇的觉如王,丢下了阿克戳脱,独自跑来了,说唱老者笑了,古时的谚语,是人的谚语,是山羊的谚语,山羊却被水冲走了,一来一起跺脚。二来一起摆腰,三来一起唱歌;骄傲的青蛙,只因未听天鹅的劝告,而粉身碎骨。