Skip to main content Skip to search
15 Dec 2011
2 min 35 sec
David Germano
Video Overview
Creators: 
Unknown

Trashi Norbu and Kelzang Püntsok change money in a Tengyeling alley.

Transcript search
No results found for this search
0 of 0
  • Trashi Norbu བཀྲ་ཤིས་ནོར་བུ
    Do you exchange dollar?
    ཌོ་ལར་བརྗེ་ཡག་ཨ་ཡོད།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    You want to sell dollar?
    འོ་ཌོ་ལར་བརྗེ་མཁན་ཡིན་པས།
  • Trashi Norbu བཀྲ་ཤིས་ནོར་བུ
    Yes.
    འོ།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    How much would you like to exchange?
    ཌོ་ལར་ག་ཚོད་བརྗེ་གམ།(འམ།)
  • Trashi Norbu བཀྲ་ཤིས་ནོར་བུ
    About 500 U.S. dollars.
    ཌོ་ལར་སྒོར་མོ་༥༠༠ཙམ།
  • What is the exchange rate?
    ག་ཚོད་རག་གི་ཡོད་དམ།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    For selling 500 dollars, you will get eight renminbi for one dollar.
    ༥༠༠ཙམ་ལ་སྒོར་མོ་༨ཙམ་མ་གཏོགས་རག་གི་མ་རེད།
  • Trashi Norbu བཀྲ་ཤིས་ནོར་བུ
    That rate is very low.
    བརྒྱད་ནི་ཨཱ་ཡིན།
  • Since yesterday, the exchange rate is 8.38 Renminbi.
    ཁ་སང་ནས་སྒོར་མོ་༨་༣༨རེད།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    The dollar recently depreciated.
    ཌོ་ལར་མར་གཟགས་པ་རེད་དཱ།
  • Trashi Norbu བཀྲ་ཤིས་ནོར་བུ
    But it won't drop its value to 8 Renminbi.
    ཨེ་འདྲས་ནི་གཟགས་ཀྱི་མ་རེད། བརྒྱད་ལ་གཟགས་ཀྱི་མ་རེད།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    How about I give you 8.10 Renminbi for one dollar?
    ཨཱ་ལྟ་༥༠༠ཙམ་ལ་ངས་རང་ལ་སྒོར་༨་༡༠བྱས་ན་འགྲིག་པ་འདུག་གམ།
  • Trashi Norbu བཀྲ་ཤིས་ནོར་བུ
    I can't accept your rate. How about you give me 8.30?
    འོ་ཨེ་འདྲས་ཡོང་བ་མི་འདུག སྒོར་མོར་༨་༣༠བྱེད།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Um ... Let it be 8.21. Okay?
    ཨམ་་་ ལྟ་འདི་བྱེད། སྒོར་མོ་༨་༢༡བྱེད། ཨོ་གོ
  • Trashi Norbu བཀྲ་ཤིས་ནོར་བུ
    It can't be that low.
    འང་ལྟ་ཨེ་འདྲས་ཆགས་ཀྱི་མ་རེད།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    I will give you 8.21 Renminbi. Sell them, okay?
    བྱེད་བྱེད་ལྟ་སྒོར་མོ་༨་༢༡ཡིན་དཱ།
  • Trashi Norbu བཀྲ་ཤིས་ནོར་བུ
    How about 8.30?
    སྒོར་མོ་༨་༣༠བྱས་ན།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Let's settle to 8.21. So for 500 dollars, you will get ...
    སྒོར་མོ་༨་༢༡བྱེད་ལྟ། ཡཱ་ད་ག་ཡིན་དཱ། སྒོར་མོ་༨་༢༠ ཌོ་ལར་༥༠༠ལྟོས་ཨང་།
  • Trashi Norbu བཀྲ་ཤིས་ནོར་བུ
    No, I rather sell them at the rate of 8.25.
    ལྟ་ཨེ་འདྲས་མ་བྱེད། སྒོར་མོ་༨་༢༥བྱེད།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    I can't increase the rate further.
    འ་ཨང་ཕིང་གཅིག་ཕིང་གཅིག་མི་འདུག་ལྟ།
  • It is not possible.
    ཨེ་འདྲས་ཡོད་མ་རེད།
  • You have to go somewhere to exchange them.
    ལྟ་བྱས་ན་གཞན་པ་ལ་བརྗེ་བར་ཐད།
  • Trashi Norbu བཀྲ་ཤིས་ནོར་བུ
    So I am getting little over four thousand Renminbi.
    ལྟོས་ཨང་། སྟོང་ཕྲག་བཞི། སྟོང་ཕྲག་བཞི་དང་ལྷག་ཙམ་ཞིག
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    It is 4,005 renminbi.
    ༤༠༠༥རེད།
  • Trashi Norbu བཀྲ་ཤིས་ནོར་བུ
    No, the dollar is losing (gaining) its value.
    ཨཱ་ནི་མ་རེད་ད་ལྟ་ཌོ་ལར་ཞེ་པོ་གཟགས་ཀྱི་འདུག་ག་མར།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    That is the final rate I can give you.
    ཨང་ལྟ་ད་ག་ཙམ་མ་གཏོགས་སྤྲད་ཡག་ཡོད་མ་རེད་དཱ།
  • Trashi Norbu བཀྲ་ཤིས་ནོར་བུ
    What?
    ལགས།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Do you want to exchange? I can do it now.
    བརྗེ་གནང་གས། བརྗེ་གནང་ན་ལམ་སེང་བརྗེ་གོ
  • Trashi Norbu བཀྲ་ཤིས་ནོར་བུ
    I heard that dollar had gained value.
    འཕར་གྱི་རེད་ཟེར་གྱི་འདུག་ག་ཡང་། ད་ལྟ་འཕར་ཡག་བྱས་ནས།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    That's not possible. If you want to exchange, I will do it immediately.
    ལྟ་འཕར་ཡག་ག་པར་ཡོད་རེད། ལྟ་བརྗེས་གནང་ན་ད་ལྟ་ལམ་སེང་བརྗེས་གོ
  • Trashi Norbu བཀྲ་ཤིས་ནོར་བུ
    Um...
    ཨམ་་་
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    What?
    ལགས།
  • Trashi Norbu བཀྲ་ཤིས་ནོར་བུ
    Alright, I will exchange them.
    ལྟ་བྱས་ན་བརྗེ་བཞག་གོ་ལྟ།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    It is five (hundred), right?
    ལྔ་རེད་པ།
  • Trashi Norbu བཀྲ་ཤིས་ནོར་བུ
    Yes.
    འོ།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Good.
    འོ་ཡག
  • Trashi Norbu བཀྲ་ཤིས་ནོར་བུ
    It is little over four thousand.
    སྟོང་ཕྲག་བཞི་དང་ལྷག་ཙམ་ཞིག
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Four thousand ...
    སྟོང་ཕྲག་བཞི་དང་་་
  • Trashi Norbu བཀྲ་ཤིས་ནོར་བུ
    Four thousand ...
    སྟོང་ཕྲག་བཞི་དང་་་
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    1, 2, 3, 4, ...
    ༡ ༢ ༣ ༤
  • Trashi Norbu བཀྲ་ཤིས་ནོར་བུ
    Four thousand one hundred ...
    སྟོང་ཕྲག་བཞི་དང་བརྒྱ་དང་་་
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    5, 6, 7,
    ༥ ༦ ༧
  • Trashi Norbu བཀྲ་ཤིས་ནོར་བུ
    It is 105, correct?
    ༡༠༥ རེད། རེད་པཱ།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    10, 11, 12, 13, 14, 15, 16, 17, 18, 19, 20, 21, 22, 23, 24, 25, 26, 27, 28, 29, 30, 31, 32, 33, 34, 35, 36, 37, 38, 39, and 40.
    ༡༠ ༡༡ ༡༢ ༡༣ ༡༤ ༡༥ ༡༦ ༡༧ ༡༨ ༡༩ ༢༠ ༢༡ ༢༢ ༢༣ ༢༤ ༢༥ ༢༦ ༢༧ ༢༨ ༢༩ ༣༠ ༣༡ ༣༢ ༣༣ ༣༤ ༣༥ ༣༦ ༣༧ ༣༨ ༣༩ ༤༠
  • 40.
    ༤༠བྱས།
  • Trashi Norbu བཀྲ་ཤིས་ནོར་བུ
    One hundred.
    བརྒྱ་ཐམ་པ་བྱས།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Here is one hundred. And I have to give you five more Renminbi. Correct?
    བརྒྱ་ཐམ་པ་བྱས། ལྟ་ཡང་སྒོར་མོ་ལྔ་ཐམ་པ་ཡོད་རེད། རེད་པ།
  • Trashi Norbu བཀྲ་ཤིས་ནོར་བུ
    Yes.
    འོ།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Here.
    ལཱ་སེ།
  • Trashi Norbu བཀྲ་ཤིས་ནོར་བུ
    Okay. Let me count the money.
    འོ་ཨོ། ད་བྱས་ན་ཏག་ཏག་ཨ་ཡིན།
  • 1, 2, 3, 4, 5, 6, 7, 8, 9, 10, 11, 12, 13, 14, 15, 16, 17, 18, 19, 20, 21, 22, 23, 24, 25, 26, 27, 28, 29, 30, 31, 32, 33, 34, 35, 36, 37, 38, 39, and 40. Thank you very much.
    ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢ ༡༣ ༡༤ ༡༥ ༡༦ ༡༧ ༡༨ ༡༩ ༢༠ ༢༡ ༢༢ ༢༣ ༢༤ ༢༥ ༢༦ ༢༧ ༢༨ ༢༩ ༣༠ ༣༡ ༣༢ ༣༣ ༣༤ ༣༥ ༣༦ ༣༧ ༣༨ ༣༩ ༤༠ འོ་ཐུགས་རྗེ།
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Good.
    འོ་ཡག
  • Kelzang Püntsok བསྐལ་བཟང་ཕུན་ཚོགས
    Goodbye.
    ཕེབས་འོ།