Skip to main content Skip to search
28 Aug 2018
4 min 5 sec
Ariana Maki
Video Overview
Creators: 
Sonam Tobgye, Ugyen

བོད་སྒྲའི་གླུ་གཞས་ དགུང་སྔོན་ཡངས་པའི་དཀྱིལ་ལས་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ལས་ གསང་ག་ཆོས་འཛོམས་ཀྱི་འཐེནམ་ཨིནམ་ད་ འདི་མཚན་ལྡན་བླམ་ལུ་བསྟོད་པ་ཕུལ་བའི་ གླུ་གཞས་ཅིག་ཨིན། འདི་ནང་བླམ་གྱི་སྐུ་གཟུགས་ཆ་མཉམ་དང་ ཁོ་གི་ཞལ་གྱི་དཀྱིལ་འཁོར་འདི་ གནམ་ཁའི་ཟླཝ་ལུ་ དཔེ་སྦྱརཝ་ཨིནམ་ད་ གསུང་འདི་ཁུ་བྱུག་སྔོན་མོའི་ སྐད་ཧན་ཏོང་ཏོ་ལུ་སྦྱརཝ་ཨིན་མས། གླུ་གཞས་ཀྱི་ཚིག་དོན་ངོ་མ་ནང་ ཏེ་མཚན་ལྡན་བླམ་འདི་ ང་བཅས་རའི་མི་ཚེ་ནང་ དམ་པའི་ཆོས་སྒྲུབ་སའི་ སྙིང་པོ་བླ་ན་མེདཔ་ཅིག་ཨིནམ་སྦེ་ གཞི་བཞག་ཐོག་ལས་ མཚན་ལྡན་བླམ་ལུ་དད་པ་དང་ མོས་གུས་བསྐྱེད་དགོཔ་མས། 

 

Gung Nyen Yangpai Kilney, an old Boedra song was sang by Sanga Chozom from Lhuntse district. It is a glorification to a spiritual master, where the verses of the song describes whole body parts of the master. His face was compared with the moon in the sky, his voice was compared with the melodious voice of cuckoo bird and other parts of his body. In the core meaning of the song can also be interprated that the spiritual master can be reffered to Buddha dharma, where one can recollect the essence of life and practice dharma but the explicite meaning or direct meaning of the song can reffers to the spiritual masters to pay their homage.

 

Transcript search
No results found for this search
0 of 0
 • གསང་བསྔགས་ཆོས་འཛོམས། Sanga Chozom
  དགུང་དབྱིངས་ཡངས་པའི་དཀྱིལ་ནས་སྭོ་ཡ། །དགུང་དབྱིངས་ཡངས་པའི་དཀྱིལ་ནས་སྭོ་ཡ། །དཀར་གསལ་ཉིན་ཟླ་ཡ་ལ་མཐོང་ཚེ། །རང་གི་རྩ་བའི་བླ་མའི། །ཞལ་རས་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །ཞལ་རས་ཡིད་ལ་དྲན་སོང་སྭོ་ཡ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  ལྷ་ཤིང་ལྗོན་པའི་རྩེ་ནས་སྭོ་ཡ། །ལྷ་ཤིང་ལྗོན་པའི་རྩེ་ནས་སྭོ་ཡ། །གསུང་སྙན་་་་་ ཁུ་བྱུག་གསུང་སྙན་ཡ་ལ་ཐོས་ཚེ། །རང་གི་རྩ་བའི་བླ་མའི། །གསུང་སྐད་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །གསུང་སྐད་ཡིད་ལ་དྲན་སོང་སྭོ་ཡ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  ཆུ་རྫིང་གྲུ་བཞི་ནང་དུ་སྭོ་ཡ། །ཆུ་རྫིང་གྲུ་བཞི་ནང་དུ་སྭོ་ཡ། །འཁྱུག་འཁྱུག་ཉ་མོ་ཡ་ལ་མཐོང་ཚེ། །རང་གི་རྩ་བའི་བླ་མའི། །སྐུ་གཟུགས་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །སྐུ་གཟུགས་ཡིད་ལ་དྲན་སོང་སྭོ་ཡ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  སྐྱེད་ཚལ་ལྡུན་རའི་ནང་དུ་སྭོ་ཡ། །སྐྱེད་ཚལ་ལྡུན་རའི་ནང་དུ་སྭོ་ཡ། །དྲི་བཟང་མེ་ཏོག་ཡ་ལ་མཐོང་ཚེ། །རང་གི་རྩ་བའི་བླ་མའི། །བྱམས་སྐྱོང་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །བྱམས་སྐྱོང་ཡིད་ལ་དྲན་སོང་སྭོ་ཡ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  ཐབ་ཁང་གྲུ་བཞི་ཕྱོགས་ལ་སྭོ་ཡ། །ཐབ་ཁང་གྲུ་བཞི་ཕྱོགས་ལ་སྭོ་ཡ། །ཟས་ཁྲོ་མིག་གིས་ཡ་ལ་མཐོང་ཚེ། །རང་གི་རྩ་བའི་བླ་མའི། །ཚོགས་འཁོར་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །ཚོགས་འཁོར་ཡིད་ལ་དྲན་སོང་སྭོ་ཡ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རྐང་ལ་ལྷམ་བུ་མེད་ན་སྭོ་ཡ། །རྐང་ལ་ལྷམ་བུ་མེད་ན་སྭོ་ཡ། །ལྷ་སའི་ཁྲོམ་ལས་ཡ་ལ་ཉོ་ཆོག །རང་གི་རྩ་བའི་བླ་མ། །ཁྲོམ་ལས་ཉོ་ས་མིན་འདུག །སྭོ་ཡ། །རང་གི་རྩ་བའི་བླ་མ། །ཁྲོམ་ལས་ཉོ་ས་མིན་འདུག་སྭོ་ཡ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  མགོ་ལ་ཞྭ་མོ་མེད་ན་སྭོ་ཡ། །མགོ་ལ་ཞྭ་མོ་མེད་ན་སྭོ་ཡ། །ལྷ་སའི་ཁྲོམ་ལས་ཡ་ལ་ཉོ་ཆོག །རང་གི་རྩ་བའི་བླ་མ། །ཁྲོམ་ལས་ཉོ་ས་མིན་འདུག །སྭོ་ཡ། །རང་གི་རྩ་བའི་བླ་མ། །ཁྲོམ་ལས་ཉོ་ས་མིན་འདུག་སྭོ་ཡ།། ལགས་སོ་ལགས།། །།