Skip to main content Skip to search
05 Sep 2018
2 min 43 sec
Samten Yeshi
Video Overview
Creators: 
Sonam Tobgye

Phuntsho Tshewang sings a Boedra song that describes important things in the world that people should hear. For instance the lyrics state that one brilliant king should emerge from among men and Shechang Dolma from the female population. The king can share his knowledge and Shechang Dolma can share her melodious songs. The song seems to provide advice for recognizing the best qualities in people.

 

༉  ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ལས་ཕུན་ཚོགས་ཚེ་དབང་གིས་ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིན་མི་ རྟ་ཅིག་ཉོ་ན་རྒྱ་རྟ་མ་ཉོ་ཤིག་ཟེར་མི་ཅིག་འཐེན་ཏེ་འདུག གླུ་གཞས་འདི་གིས་ རིགས་ཆེ་ཆུང་དང་སྟོབས་ཤུགས་ཀྱི་ཁྱད་པར་ཕྱེཝ་ཨིན་པས། དེ་ཡང་ རྟ་ཅིག་ཉོ་ན་རྒྱ་རྟ་མ་ཉོ་ཤིག །རྟ་ཅིག་ཉོ་ན་རྟ་ནག་རྟིང་དཀར་ཉོ། །རྟ་ནག་རྟིང་དཀར་དེ་ལུ་ འགྲོས་དང་གོམ་པ་གི་འགྲན་ཟླ་མེད་ཟེར་ རྟའི་ཁྱད་པར་ཕྱེཝ་ཨིནམ་ད་ ཕོ་ཅིག་ཉོ་ན་གེ་སར་རྒྱལ་པོ་ཉོ། །གེ་སར་རྒྱལ་པོ་དེ་ལུ་གཏམ་དང་ཚིག་གསུམ་གྱི་འགྲན་ཟླ་མེད། མོ་ཅིག་ཉོ་ན་ཤེས་ལྕམ་སྒྲོལ་མ་ཉོ། །གླུ་དང་ཞབས་བྲོའི་ཕྱོགས་ལ་འགྲན་ཟླ་མེད་ཟེར་ ཤེས་ལྕམ་སྒྲོལ་མ་འབད་བ་ཅིན་ གླུ་གར་ལུ་གནམ་མེད་ས་མེད་མཁས་པ་ཡོདཔ་སྦེ་སྟོནམ་ཨིན་མས།

Transcript search
No results found for this search
0 of 0
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    རྟ་ཅིག་ཉོ་ན་རྒྱ་རྟ་མ་ཉོ་ཞིག །རྟ་ཅིག་ཉོ་ན་རྒྱ་རྟ་མ་ཉོ་ཞིག །རྒྱ་ནག་པའི་རྟ་ལ་འགྲོ་ལུགས་མེད། །
    Don’t buy horse of Jang, Chinese horse don’t have manner.
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    སྟག་ཤར་བསྐོར་ར་གཡས་བསྐོར་གཅིག་གཉིས་གསུམ། །སྨན་ཆུང་བསྐོར་ར་གཡོན་བསྐོར་བཞི་ལྔ་དྲུག །
    Gents encircle from right one two three, Ladies from left encircle four five six.
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    རྟ་ཅིག་ཉོ་ན་རྟ་ནག་རྟིང་དཀར་ཉོ། །རྟ་ཅིག་ཉོ་ན་རྟ་ནག་རྟིང་དཀར་ཉོ། །དྲེལ་དང་[དགོངས་པ་?]ཕྱོགས་ལ་འགྲན་ཟླ་མེད། །
    Buy black horse with white heel, It won’t contest with mule.
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    སྟག་ཤར་བསྐོར་ར་གཡས་བསྐོར་གཅིག་གཉིས་གསུམ། །སྨན་ཆུང་བསྐོར་ར་གཡོན་བསྐོར་བཞི་ལྔ་དྲུག །
    Gents encircle from right one two three, Ladies from left encircle four five six.
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    ཕོ་ཅིག་ཉོ་ན་གེ་སར་རྒྱལ་པོ་ཉོ། །ཕོ་ཅིག་ཉོ་ན་གེ་སར་རྒྱལ་པོ་ཉོ། །གཏམ་དང་ཚིག་གསུམ་ཕྱོགས་ལ་འགྲན་ཟླ་མེད། །
    Buy King Gesar, No one can contest regarding speech and words.
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    སྟག་ཤར་བསྐོར་ར་གཡས་བསྐོར་གཅིག་གཉིས་གསུམ། །སྨན་ཆུང་བསྐོར་ར་གཡོན་བསྐོར་བཞི་ལྔ་དྲུག །
    Gents encircle from right one two three, Ladies from left encircle four five six.
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    སྨན་ཆུང་ཉོ་ན་ཤེས་ལྕམ་སྒྲོལ་མ་ཉོ། །སྨན་ཆུང་ཉོ་ན་ཤེས་ལྕམ་སྒྲོལ་མ་ཉོ། །གླུ་དང་ཞབས་བྲོའི་ཕྱོགས་ལ་འགྲན་ཟླ་མེད། །
    Buy maiden Shechang, No one could compete regarding song and dance.
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    སྟག་ཤར་བསྐོར་ར་གཡས་བསྐོར་གཅིག་གཉིས་གསུམ། །སྨན་ཆུང་བསྐོར་ར་གཡོན་བསྐོར་བཞི་ལྔ་དྲུག། །།
    Gents encircle from right one two three, Ladies from left encircle four five six.