Skip to main content Skip to search
15 Dec 2011
1 min 57 sec
David Germano
Video Overview
Creators: 
Unknown

Trashi Norbu and Kelzang Püntsok look at a bus stop map and discuss how to get to Sera Monastery.

ནོར་བུ་དང་སྐལ་བཟང་གཉིས་ཀྱིས་སྤྱི་སྤྱོད་རླངས་འཁོར་གྱི་ས་བཀྲར་བལྟས་ནས་སེ་ར་དགོན་པར་འགྲོ་ལམ་སྐོར་ལ་གྲོས་བསྡུར་བྱེད་པ།

Transcript search
No results found for this search
0 of 0
  • Friend 1
    སེ་ར་གང་འདྲ་སེ་འགྲོ་དགོས་ཀྱི་རེད། ཨཱ།
    Can you tell me how to get to the Sera (monastery), please?
  • Friend 2
    སེ་རར་ཕྱིན་ན་ཡིན་ན་ལྟོས་ཨང་འདི་ནས་འགྲོ་དགོས་ཀྱི་རེད། ང་གཉིས་གཉིས་ད་ལྟ་བསྡད་ས་དེ་འདའི་རེད་པཱ།
    To go to Sera, you have to start from there. Currently, we are here.
  • ད་ལྟ་ལྦེ་ཤང་ (Ch. 位向) འདའི་ཡོད་རེད་པཱ།
    Our current location is here.
  • Friend 1
    འོ་འདའི་ཡོད་པ།
    Right, we are here.
  • Friend 2
    ལྟ་དེ་ནས་བྱས་སྔོན་ལ་འདི་བསྡད། གང་ཟེར་དགོས་ཀྱི་རེད། ༡༠༦ བསྡད།
    From here, first, you have to catch the bus number 106.
  • Friend 1
    འོ་འོ།
    Okay.
  • Friend 2
    ༡༠༦ བསྡད་བྱས་འདུག་སེ་ཡར་ཡོང་བྱས་འདའི་འགྲོ་རྒྱུ་རེད།
    Ride the bus number 106 and get off the bus here.
  • འདའི། འདའི།
    Here.
  • ང་ཚོ་ཡ་གིར་རྟ་མེད་པས།
    Remember the horses?
  • Friend 2
    འོ་གླིང་སྐོར་ལུའུ་(Ch.路)རྟ་དེ།
    Yes, the horses that are found near the Lingkor road.
  • Friend 2
    འོ་འོ། རྟ་དེ།
    Yes, those horses.
  • Friend 1
    འོ་འོ།
    Okay.
  • Friend 2
    རྟ་ཡོད་ས་དེ་ནས་འབབ། ཨཱ་ནི་ཡར་ཙམ་གོམ་པ་རྒྱག་ན་ད་ལྟ་ཉག་རའི་ལམ་ཀར་སླེབས་ཀྱི་རེད་པཱ།
    From there, you have to get off the bus. Walk upward for a short distance, and you will reach Nyakra road.
  • Friend 1
    འོ་འོ།
    Right.
  • Friend 2
    ཉག་རའི་ལམ་ནས་ཨཱ་ནི་གཞི་ནས་འདི་མེད་པས་གང་ཟེར། ༡༠༤ཞིག་ཡོད་པ།
    Once you reached the Nyakra road, catch the bus number 104.
  • Friend 1
    ༡༠༤
    104?
  • Friend 2
    འོ་འོ། ༡༠༤འདིའི་ཟུར་འདའི་གཅིག་ཡོད་རེད། ལམ་ཀ་བསྡད་ས་ཞིག་ཡོད་རེད།
    Yes. The bus number 104 will arrive just around the corner near a waiting area.
  • Friend 1
    འོ། འོ།
    Yes. Yes.
  • Friend 2
    འོ་འདི་ནས་ཡར་འདུག་སེ་བྱས་ཁ་ཐུག་ཁོ་ར་བྱས་ཨཱ་ནི་ཡ་གིར་བསྐྱལ་བཞག་གི་རེད་ཡར།
    The bus will travel in a straight line and take you over there.
  • Friend 1
    ཨཱ་ལས།
    I see.
  • Friend 2
    འདའི་གང་ལྟར་མོ་ཊ་གཉིས་ཡོད་རེད། སྔས་(སྔོན་)ལ་ ༡༠༦ བསྡད་བྱས་འདི་བར་དུ་འགྲོ་གི་འདུག་ག
    So you have to take two different buses. First, you have to take the bus number 106 up till there.
  • Friend 1
    འོ་རེད།
    Right.
  • Friend 2
    རྟ་ཡོད་ས་བར་དུ་འགྲོ་གི་འདུག་ག འདི་ནས་མོ་ཊ་བརྗེས། ཨཱ་ནི་ཡ་གིའི་༡༠༤བསྡད་བྱས་ཡར་འགྲོ་དགོས་ཀྱི་རེད།
    That bus will go to where the horses are. From there, you have to take the bus number 104 and travel upward.
  • Friend 1
    ༡༠༤བསྡད་བྱས་ཡ་གི་བར་དུ།
    104 up till there?
  • Friend 2
    འོ། ཡ་གིའི་ནང་ལོགས་ལ་ཡར་འགྲོ་དགོས་ཀྱི་རེད།
    Yes, you have to go inside that.
  • Friend 1
    ཨང་།
    I see.
  • ཨཱ་ནི་དེ་ནས་ཚུར་མོ་ཊ་འགྲོ་མཁན་མེད་པ་འདྲ།
    It seems that no bus travel between these two.
  • Friend 2
    ཚུར་ཡོད་མ་རེད། ལྟ་དེ་ནས་འདིའི་རྩར་འདའི་བབས་ཚར་སོང་ན་འདི་ནས་ཚུར་བྱས་སེ་ར་བར་དུ་འདི་ནས་ཕར་ལམ་ཀ་ཡག་པོ་ཞེ་པོ་འདུག་ག
    No. Once you get off there, you can go to Sera from there, and the road is excellent.
  • Friend 1
    ཨ་འང་།
    I see.
  • Friend 2
    ལམ་ཀ་འདུག་སེ་དེད་བྱས་ཕྱིན་ན་ཕལ་ཆེར་སྐར་མ་ལྔ་འགོར་གྱི་མ་རེད།
    It won't take more than five minutes.
  • Friend 1
    སྐར་མ་ལྔ་ཡང་འགོར་གྱི་མ་རེད་པས།
    Less than five minutes?
  • Friend 2
    སྐར་མ་ལྔ་ཡང་འགོར་གྱི་མ་རེད་ལམ་སེང་སེ་ར་སླེབས་ཀྱི་རེད།
    Yes, it will take less than five minutes.
  • ཡང་འདི་ནས་མོ་ཊ་ད་ལྟའི་སྦ་སི་གཞན་པ་ཨེ་འདྲས་ཡོང་མཁན་ཡོད་རེད། སྒོར་མོ་༢སྤྲད་ནས།
    From there, other bus services are available. The fare is 2 Renminbi.
  • Friend 1
    ཨའང་།
    I see.
  • Friend 2
    འོ་འདི་འདྲས་ཤིག་བསྡད་བྱས་ཕྱིན་ནའི་ཡང་ཕ་གིར་སེ་རའི་འོག་བར་དུ་སླེབས་ཀྱི་རེད།
    If you ride one of them, it will drop you right below Sera.
  • Friend 1
    ཨའང་ལས།
    I see.
  • འོ་འོ། ལྟ་བྱས་ན་ངས་ཧ་གོ་སོང་།
    Okay. Now I understood.
  • བྱས་ན་མར་ལོག་ཡོང་དུས་དེ་ག་རང་ལོག་ཡོང་རྒྱུ་རེད། རེད་པཱ།
    For returning, I can take the same route. Is that correct?
  • Friend 2
    འོ། མར་ལོག་ཡོང་དུས་དེ་ནས་མར་ཁ་ཐུག་ཡོང་། སྔོན་ལ་རྟ་ཡོད་ས་དེར་འབབ།
    Yes. You come straight down and get off near the place there are horses.
  • ཨཱ་ནི་རྟ་ཡོད་ས་ནས་ལམ་ཀ་མར་མ་ཡོང་བ་བྱས། ད་ལྟའི་གཞོགས་ནུབ་ངོས་ཕྱོགས་འདའི་མར་ཙམ་མར་ཡོང་དང་།
    From there, you have to move toward the westside a little.
  • ཨཱ་ནི་ཕ་ནས་དཀྱིལ་འདའི་ལྕགས་རང་བསླངས་བཞག་ཡོད་རེད་པཱ། ལྕགས་རང་ཕར་ཕྱོགས་དེ་ནས་ད་ལྟའི་༡༠༦བསྡད་བྱས་ཨཱ་ནི་ཁ་ཐུག་མ་གི་བར་དུ་བསྐྱལ་གྱི་རེད།
    You will notice an iron pole at the center. On its opposite, you can ride bus number 106. I will directly take your destiny.
  • Friend 1
    ཨའང་།
    I see.
  • Friend 2
    མར་འདི་བར་དུ་བསྐྱལ་གྱི་རེད།
    It will take you till here.
  • Friend 1
    མོ་ཊ་ཆུ་ཚོད་ག་ཚོད་ལ་ཡོང་གི་ཡོད་ན།
    When does the bus leaves?
  • Friend 2
    མོ་ཊ་བྱས་ཙང་ལྟ་ཕལ་ཆེར་འདིའི་སྒང་ལ་ཕལ་ཆེར་འདི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ཡོང་གི་མེད་འགྲོ་ཞོགས་ཀས།
    I think the bus service starts at 8:30 a.m.
  • Friend 1
    ཞོགས་ཀས་བརྒྱད་དང་ཕྱེད་ཀར།
    8:30 a.m?
  • Friend 2
    འོ་འོ།
    Yes.
  • འདི་ཞོགས་ཀས་བརྒྱད་དང་ཕྱེད་ཀ བཅུ་དང་ཕྱེད་ཀ དེ་ནས་བཅུ་གཅིག་དང་ཕྱེད་ཀ་འོ་འདུག་སེ་རེད།
    There is one bus at 8:30, 10:30, and 11:30.
  • Friend 1
    ཨའང་། ཆུ་ཚོད་ཕྱེད་ཀ་ཕྱེད་ཀར།
    I see. After every half an hour.
  • Friend 2
    འོ། ཆུ་ཚོད་ཕྱེད་ཀ་ཕྱེད་ཀའི་ནང་ལོགས་ལ་མོ་ཊ་རེ་རེ་བཏང་གི་ཡོད་རེད་པ་ཁོང་ཚོས།
    Yes. They will send a bus after every half an hour.
  • Friend 1
    ཨའང་།
    I see.
  • Friend 2
    ལྟ་བཤད་ཡག་བྱས་ན་སྐར་མ་ལྔ་ནང་ལ་མོ་ཊ་རེ་རེ་བཏང་གི་རེད་ཟེར་གྱི་འདུག་ག
    It is said that there will be a bus every five minutes.
  • Friend 1
    འོ།
    Yes.
  • Friend 2
    ཨཱ་ནི་སྐར་མ་ལྔ་ལྔའི་ནང་ཡོང་གི་ཞེ་དྲགས་མི་འདུག་ཡང་།
    However, that is not the case.
  • Friend 1
    འོ་འོ།
    I see.
  • ཆུ་ཚོད་ཕྱེད་ཀ་ཕྱེད་ཀ་སྒུག་དགོས་ཀྱི་རེད། རེད་པ། འོ་འོ། ལྟ་ཧ་གོ་སོང་།
    So the wait time is half an hour. Now I understand.