Skip to main content Skip to search
06 Jan 2016
6 min 3 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Tsering Jyi from Yonru Village in Chentsa singing a song called "Build a Road to Central Tibet." This song is part of a collection of folk songs from the Rebgong cultural area.

འདི་ནི་བསྟོད་གླུའམ་སྨོན་ལམ་འདེབས་པའི་གླུ་ཞིག་རེད། གངས་ཅན་ཡུལ་ལ་ཆོས་དར་ཚུལ་དང་གོས་ནང་འདྲེན་བྱས་ཚུལ།  ཟས་སྣ་མི་གཅིག་པ་ནང་འདྲེན་བྱས་ཚུལ་སོགས་བརྗོད་ཡོད།

གླུ་འདིའི་ནང་དོན་གཙོ་བོ་ནི་ཀུན་གྱི་བསམ་བློའི་འཁྱེར་སོ་དང་འཚོ་བའི་མཐུན་རྐྱེན་ཇེ་བཟང་ཇེ་ལེགས་སུ་གཏོང་ཆེད་གངས་ཅན་ཡུལ་ལ་ཆོས་དར་བར་བྱས་ཚུལ་དང་གོས་ནང་འདྲེན་བྱས་ཚུལ།  ཟས་སྣ་མི་གཅིག་པ་ནང་འདྲེན་བྱས་ཚུལ་སོགས་བརྗོད་ཡོད།

Transcript search
No results found for this search
0 of 0
 • ཡེ་་་་་་ད་ཡ་རེ་ལེན་གོ
  Now, sing one
 • སྟོད་དབུས་གཙང་ཡུལ་ལ༼ཡ་སང་ཁོ ༽ཟམ་ཞིག་འཕང་།།
  Build a bridge (oh, Sangkho) to the land of U Tsang, the upper part
 • ཟམ་ཐོག་འདི་ནས༼ཡ་སང་ཁོ ༽ཆོས་སྣ་དྲངས།
  From on this bridge, (oh, Sangkho) lead the dharma
 • ཆོས་གླེགས་ཐག་གྲོལ་ནས༼ཡ་སང་ཁོ ༽འདོན་རྐྱང་རེད།།
  Untie the cord of the religious scriptures (oh, Sangkho) and they are ready to be recited
 • ངས་ཡང་ཡང་འདོན་པའི༼ཡ་སང་ཁོ ༽སྨོན་ལམ་འདེབས།།
  I pray (oh, Sangkho) to recite again and again
 • སྨད་རྒྱ་ནག་ཡུལ་ལ༼ཡ་སང་ཁོ ༽ཟམ་ཞིག་འཕང་།།
  Build a bridge (oh, Sangkho) to the land of China, in the lower part
 • ཟམ་ཐོག་འདི་ནས༼ཡ་སང་ཁོ ༽གོས་སྣ་དྲངས།།
  From on this bridge, (oh, Sangkho) lead silk brocade
 • གོས་གོང་བ་བཏགས་ནས༼ཡ་སང་ཁོ ༽གོན་རྐྱང་རེད།།
  Fasten the silk brocade collar (oh, Sangkho) and it is ready to be worn
 • གོས་ཡང་ཡང་གོན་པའི༼ཡ་སང་ཁོ ༽སྨོན་ལམ་འདེབས།།
  I pray (oh, Sangkho) to wear silk brocade again and again
 • ཡེ་་་་་་ད་ཡ་རེ་ལེན་གོ
  Now, sing one
 • སྐུ་རྒྱལ་བོད་ལ༼ཡ་སང་ཁོ ༽ཟམ་ཞིག་འཕང་།།
  Build a bridge (oh, Sangkho) to Tibet
 • ཟམ་ཐོག་འདི་ནས༼ཡ་སང་ཁོ ༽ཟས་སྣ་དྲངས།།
  From on this bridge (oh, Sangkho) lead nourishment
 • ཟས་སྡེར་ལ་བླངས༼ཡ་སང་ཁོ ༽ནས་ཟ་རྐྱང་རེད།།
  Lift the food plate (oh, Sangkho) and it is ready to be eaten
 • ཟས་ཡང་ཡང་ཟ་བའི༼ཡ་སང་ཁོ ༽སྨོན་ལམ་འདེབས།།
  I pray (oh, Sangkho) to eat nourishment again and again
 • གླུ་ཤེས་ནི་མིན་ར༼ཡ་སང་ཁོ ༽དགའ་ནི་ཡིན།།
  Even though I don't know how to sing, (oh, Sangkho) I enjoy it.