Skip to main content Skip to search
03 Apr 2014
31 min 33 sec
Otto Wendekar
Video Overview
Creators: 
Unknown

Tsering Wanggyel provides an introduction to Tibetan Calligraphy at Sichuan University for Nationalities in Dartsedo

Transcript search
No results found for this search
0 of 0
  • ཚེ་རིང་དབང་རྒྱལ།
    ད་ཁོང་གི་ཕྱག་རྒྱུན་དེ་ལ་བརྟེན་ནས་དེ་ནས།/
    >>泽仁旺加:他的书法传承,/
  • ཚེ་རིང་དབང་རྒྱལ།
    ང་རང་བར་དུ་ལ་དེ་ནས་བརྒྱུད་པ་དེ།/
    >>泽仁旺加:直至传到我这里。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དབུ་ཅན་དང་དབུ་མེད།/
    >>泽仁旺加:有乌坚、乌梅、/
  • ཚེ་རིང་དབང་རྒྱལ།
    དེ་ནས་འབྲི་ཚ།ཡིག་འཁྱུག /
    >>泽仁旺加:珠擦、草书、/
  • ཚེ་རིང་དབང་རྒྱལ།
    རྒྱུགས་ཡིག་ཚང་མའི་འབྲི་ལུགས་འདྲ་པོ་དེའི་རྒྱུད་པ་དེ་དེ་འདྲ་ཞིག་ཡིན།/
    >>泽仁旺加:疾书等各种字体的传承。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་ད་ང་ཚོ་ཅི་ཟེར་དགོས་ལ་རེད།/
    >>泽仁旺加:哦呀,怎么讲呢?/
  • ཚེ་རིང་དབང་རྒྱལ།
    མདོར་ཚུར་བསྡུས་ན།དེ་ནས་བྱེ་བྲག /
    >>泽仁旺加:总而言之,那么具体的,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།སྤྱི་མ་ཡིན་པར་བྱེ་བྲག་ལ་ང་རང་ཚོས་བསམ་བློ་ཞིག་བཏང་ན།/
    >>泽仁旺加:如果不考虑总的历史,具体一点都话,/
  • ཚེ་རིང་དབང་རྒྱལ།
    རྒྱལ་དབང་ལྔ་པ།/
    >>泽仁旺加:第五世尊者。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།རྒྱལ་མཆོག་ལྔ་པ་བློ་བཟང་རྒྱ་མཚོ་ནས་བཟུང་ཡིག་གཟུགས་ཀྱི།/
    >>泽仁旺加:哦呀,从第五世尊者开始,/
  • ཚེ་རིང་དབང་རྒྱལ།
    དེ་ནས་མཛད་བྱ་འཕེལ་རྒྱས་བྱུང་བའི་སྲོལ་ལ་བརྟེན་ནས།/
    >>泽仁旺加:藏族的书法有了长足的发展。/
  • ཚེ་རིང་དབང་རྒྱལ།
    མཁས་དབང་རྣམས་ཀྱི་ཕྱག་རྒྱུན་ལས་བྱུང་བའི།/
    >>泽仁旺加:出自于各个大家之手的,/
  • ཚེ་རིང་དབང་རྒྱལ།
    དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་དེ་དག་ནི།/
    >>泽仁旺加:乌坚和乌梅字体。/
  • ཚེ་རིང་དབང་རྒྱལ།
    འབྲི་ཁུངས་སྒྲུབ་པ་དང་ཆ་མཉམ་པ།/
    >>泽仁旺加:传承悠久,字体工整。/
  • ཚེ་རིང་དབང་རྒྱལ།
    ངོ་ནས་རྒྱན་ལྡན་པ།ཚིག་དོན་གཉིས་ཀ་བདེ་བླག་ཏུ་རྟོགས་ཐུབ་པ།/
    >>泽仁旺加:笔法优美,易于认读。/
  • ཚེ་རིང་དབང་རྒྱལ།
    སྨྱུ་གུའི་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་།/
    >>泽仁旺加:将笔法之艺术展现得淋淋尽致,/
  • ཚེ་རིང་དབང་རྒྱལ།
    པད་མའི་ཕྲེང་བ་ལྟར་ཚར་དུ་དངར་ཞིང་།/
    >>泽仁旺加:如妙莲之蕊般排开,/
  • ཚེ་རིང་དབང་རྒྱལ།
    མཛེས་ཤིང་ཡིད་དུ་འོང་བའི་ཚུགས་ཀ་དང་ལྡན་པ།/
    >>泽仁旺加:很是美丽动人。/
  • ཚེ་རིང་དབང་རྒྱལ།
    ད་དེ་ཡིག་གཟུགས་ཀྱི་ཐོག་ནས་གོ་བ་ལེན་དགོས་ནི་རེད།/
    >>泽仁旺加:这里说的只是字体本身。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་དག་ནི་དེ་ནས་ང་རང་ཚོས་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:哦呀,怎么说呢?/
  • ཚེ་རིང་དབང་རྒྱལ།
    རང་རེས་སྒྲུབ་ཐུབ་པའི་དཀའ་བ་ཞིག་ཡིན་རེད།/
    >>泽仁旺加:这些是难以做到的。/
  • ཚེ་རིང་དབང་རྒྱལ།
    ཆ་མི་མཉམ་པའི་ངལ་བ་ཞིག་ཀྱང་ཡོད་གདའ།/
    >>泽仁旺加:字体想要工整是很难的。/
  • ཚེ་རིང་དབང་རྒྱལ།
    ནག་ནོག་སོགས་ཀྱི་ཞན་ཆ།/
    >>泽仁旺加:笔迹缭乱是一种缺陷。/
  • ཚེ་རིང་དབང་རྒྱལ།
    འོ་ཡ་ཞན་ཆ་ཞིག་ཀྱང་ཡོད་གདའ།/
    >>泽仁旺加:笔迹缭乱是一种缺陷。/
  • ཚེ་རིང་དབང་རྒྱལ།
    ད་དེ་དག་ཅི་རིགས་པ་བྱུང་བའམ་འབྱུང་བ་དེ་ཡི་དཀའ་གནད་ཟེར་བ་ཞིག་དང་།/
    >>泽仁旺加:那么对产生这些问题的主要疑难,/
  • ཚེ་རིང་དབང་རྒྱལ།
    རྒྱུ་མཚན་ཞིག་ཤེས་དགོས་ནི་རེད།/
    >>泽仁旺加:原因还是要清楚。/
  • ཚེ་རིང་དབང་རྒྱལ།
    དཀའ་གནད་དེ་དང་རྒྱུ་མཚན་ཞིག་ཤེས་བཞག་ན།/
    >>泽仁旺加:如果明白了缘由,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡིག་གཟུགས་ལེགས་པོ་འབྲི་ཐུབ་ནི་རེད།/
    >>泽仁旺加:自然就可以写出好的字体。/
  • ཚེ་རིང་དབང་རྒྱལ།
    དཀའ་གནད་དང་དེ་ནས་ང་ཚོ་རྒྱུ་མཚན་ཡང་དག་པ་མ་ཤེས་བཞག་ན།/
    >>泽仁旺加:如果不能明白疑难与原因,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོ་ཡིག་གཟུགས་ལེགས་པོ་ཞིག་འབྲི་ཐུབ་ནི་མ་རེད།/
    >>泽仁旺加:那么也就写不出好的字体。/
  • ཚེ་རིང་དབང་རྒྱལ།
    ལེགས་པ་འབྲི་ལྡན་པ་དག་གི་དཀའ་བའི་གནད་དེ་ཤེས་ནས།/
    >>泽仁旺加:如果能够懂得其中的奥妙,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོ་ཡིག་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་འབྲི་ཐུབ་པ་ཡོང་བ་མ་ཟད།/
    >>泽仁旺加:那么,不仅可以写出美丽动人的书法,/
  • ཚེ་རིང་དབང་རྒྱལ།
    སྔོན་བྱུང་མཁས་པའི་ཕྱག་རྒྱུན་ལ་འགྲན་བཟོད་པའང་འབྱུང་ཐུབ་རྒྱུ་རེད།/
    >>泽仁旺加:甚至可以匹敌前人。/
  • ཚེ་རིང་དབང་རྒྱལ།
    དེ་མི་འབྱུང་བའི་ངེས་པ་ཡོད་ནི་མ་རེད།/
    >>泽仁旺加:这并非不可能。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོས་དཀའ་གནད་ཡག་པོ་ཞིག་ཤེས།/
    >>泽仁旺加:如果能悟出其中的疑难,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ངས་ད་སྐབས་གོང་དུ་ཞུས་པ་ལ།/
    >>泽仁旺加:正如我以上所叙,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དོན་གཉེར་ཡག་པོ་ཞིག་བཟོས་ན།/
    >>泽仁旺加:之后,如能努力力行,/
  • ཚེ་རིང་དབང་རྒྱལ།
    གནའ་སྔ་མོའི་མཁས་པ་རྣམས་ཀྱི་ཕྱག་རྒྱུན་དང་འགྲན་མི་ཐུབ་པའི་ངེས་པ་ཅི་ཡོད།/
    >>泽仁旺加:怎么不可能与前人们匹敌呢?/
  • ཚེ་རིང་དབང་རྒྱལ།
    གནའ་སྔ་མོའི་མི་ཡང་མི་རེད།/
    >>泽仁旺加:古人也是人,/
  • ཚེ་རིང་དབང་རྒྱལ།
    ང་རང་ཚོ་དེང་སྐབས་ཀྱི་མིའང་མི་རེད།/
    >>泽仁旺加:今人也是人。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོ་སྙིང་སྟོབས་བརྩོན་འགྲུས།/
    >>泽仁旺加:但是,在决心和精进/
  • ཚེ་རིང་དབང་རྒྱལ།
    དེ་ནས་གང་ཐད་ནས་གནའ་སྔ་མོའི་མི་དང་དེ་རིང་ཁ་སང་གི་མི།/
    >>泽仁旺加:等方面,古人与今天的人。/
  • ཚེ་རིང་དབང་རྒྱལ།
    དེའང་ཅུང་ཟད་གཟབ་གཟབ་བྱེད་དགོས་ནི་མ་གཏོགས་འདྲ་ནི་མ་རེད།/
    >>泽仁旺加:绝对是不一样的,这是需要注意的。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ཁྱད་པར་དུ་སྐྱེས་བུ་དམ་པ་རྣམས་ཀྱིས་སློབ་སྦྱོང་བྱེད་སྟངས་ལ་བསམ་བློ་ཞིག་བཏང་ན།/
    >>泽仁旺加:尤其,如果观察圣贤大德们学习的经历。/
  • ཚེ་རིང་དབང་རྒྱལ།
    ང་རང་ཚོའི་དེ་ནས་དེ་རིང་ཁ་སང་མཐོ་རིམ་སློབ་མ་རྣམས་ཀྱིས།/
    >>泽仁旺加:那么我们今天的大学生们,/
  • ཚེ་རིང་དབང་རྒྱལ།
    སློབ་སྦྱོང་བྱེད་པ་དེ་དངོས་ནས་ཀྱི་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:学习的情形,/
  • ཚེ་རིང་དབང་རྒྱལ།
    ཁ་ཞེ་གཉིས་མེད་ཀྱི་སློབ་སྦྱོང་ཞིག་མ་རེད།/
    >>泽仁旺加:并不是身心合一的。/
  • ཚེ་རིང་དབང་རྒྱལ།
    ཚད་ཙམ་གྱིས་འདྲ་བོ་དང་།/
    >>泽仁旺加:只是装装样子,/
  • ཚེ་རིང་དབང་རྒྱལ།
    དེ་ནས་གཅིག་དེ་འདྲ་ཞིག་རེད་མ་གཏོགས།/
    >>泽仁旺加:如此而已 。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡང་དག་པའི་སློབ་སྦྱོང་དེ་དེ་ནས་དེ་འདྲ་ཞིག་མ་རེད།/
    >>泽仁旺加:那么真正的学习并非是这样的,/
  • ཚེ་རིང་དབང་རྒྱལ།
    བསམ་བསམ་གྱིས།དེ་ནས་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་དང་།/
    >>泽仁旺加:当我们阅读圣贤们的传记,/
  • ཚེ་རིང་དབང་རྒྱལ།
    རྒྱལ་རབས་ལོ་རྒྱུས་ག་འདྲ་ཞིག་ལ་བལྟས་ན་དེ་འདྲ་ཞིག་ཤེས་ཀྱི་འདུག/
    >>泽仁旺加:或者历史书籍时,便可知晓。/
  • ཚེ་རིང་དབང་རྒྱལ།
    ད་དང་པོ་ཡི་གཟུགས་སྦྱང་རྒྱུ་ལ་མོས་པ་ཡོད་པའི་བློ་གསལ་དག་གིས།/
    >>泽仁旺加:那么,一个爱好书法的善慧者。/
  • ཚེ་རིང་དབང་རྒྱལ།
    བྲིས་རྒྱུན་མཁས་པའི་སློན་དཔོན་ལ་ཡུན་རིང་བའི་བར་དུ་བསྟེན་ཅིང་།/
    >>泽仁旺加:首先,要长久地闻思于师傅座前。/
  • ཚེ་རིང་དབང་རྒྱལ།
    ལོ་ནས་ལོ་བརྒྱུད་དེ་སྦྱང་དགོས་པ་མ་གཏོགས།/
    >>泽仁旺加:然后,年复一年地学习,/
  • ཚེ་རིང་དབང་རྒྱལ།
    ཉིན་ཤས་ཙམ་གྱིས་བསྒྲུབ་པའི་བྱ་སླ་མོ་ཞིག་མིན་ཏེ།/
    >>泽仁旺加:并不是区区几日便能达到的。/
  • ཚེ་རིང་དབང་རྒྱལ།
    འདི་ཚོ་ཚང་མ་ང་རང་གི་ལྟ་ཚུལ་ཞིག་ཡིན།/
    >>泽仁旺加:这是我自己的看法。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་ཡིག་གཟུགས་སྦྱང་རྒྱུ་ལ་མོས་པ་ཡོད་དགོས་ནི་རེད།/
    >>泽仁旺加:是的,首先要对书法的学习有兴趣。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།མོས་པ་དེ་ནས་ད་སྐབས་གོང་དུ་ལ་མང་པོ་ཞིག་ཞུས་པ་ཡིན།/
    >>泽仁旺加:关于兴趣,以上已多次强调。/
  • ཚེ་རིང་དབང་རྒྱལ།
    ཞུ་དགོས་མ་རེད།/
    >>泽仁旺加:不再赘述。/
  • ཚེ་རིང་དབང་རྒྱལ།
    འོ།བློ་གསལ་དག་གིས།/
    >>泽仁旺加:那么,善慧者。/
  • ཚེ་རིང་དབང་རྒྱལ།
    ད་ག་འདྲ་ཞིག་དགོས་ནི་ཡིན་ཟེར་ན།/
    >>泽仁旺加:如何做呢?/
  • ཚེ་རིང་དབང་རྒྱལ།
    བྲིས་རྒྱུན་མཁས་པའི་སློབ་དཔོན་ལ་ཡུན་རིང་པའི་བར་དུ་བསྟེན་ནས།/
    >>泽仁旺加:要长期地闻思于擅长书法的大家座前,/
  • ཚེ་རིང་དབང་རྒྱལ།
    ལོ་ནས་ལོ་བརྒྱུད་དགོས་པ་རེད་མ་གཏོགས།/
    >>泽仁旺加:年复一年地学习。/
  • ཚེ་རིང་དབང་རྒྱལ།
    ཉིན་མ་ཁ་ཤས་ཙམ་གྱིས་བསྒྲུབ་སླ་བའི་བྱ་བ་ཞིག་གཏན་ནས་མ་རེད།/
    >>泽仁旺加:区区几日,是根本不可能学到的。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དོན་དག་བསྒྲུབ་དགོས་པ།དེ་ནས་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:对于自己所要做成的事,/
  • ཚེ་རིང་དབང་རྒྱལ།
    ཉིན་མ་ཁ་ཤས་ཀྱིས་བྱ་བ་ཆེན་པོ་ཞིག་བསྒྲུབ་ཁུལ་ཁུལ་ཞིག་བསམ་བློ་བཏང་ན།/
    >>泽仁旺加:如果想着几天就能做到一件大事,/
  • ཚེ་རིང་དབང་རྒྱལ།
    དེ་གཏན་ནས་མ་རེད།/
    >>泽仁旺加:是不可能的。/
  • ཚེ་རིང་དབང་རྒྱལ།
    མིན་པའི་རྒྱུན་མཚན་ཅི་རེད་ཟེར་བ་ཡིན་ན།/
    >>泽仁旺加:为什么呢?/
  • ཚེ་རིང་དབང་རྒྱལ།
    ད་ང་རང་ཚོས་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:怎么讲呢?/
  • ཚེ་རིང་དབང་རྒྱལ།
    རྒྱ་བོད་ཡོངས་ཀྱི་ཡིག་མཁན་རྣམས་ཀྱི་ཞལ་རྒྱུན་གཅིག་ཏུ་མཐུན་ཞིང་།/
    >>泽仁旺加:许多印藏书法学者一致认为,/
  • ཚེ་རིང་དབང་རྒྱལ།
    བྲིས་རབ་ལོ་གསུམ་སྦྱང་དགོས་ཚུལ་གྲགས།/
    >>泽仁旺加:一流的书法至少要学习三年。/
  • ཚེ་རིང་དབང་རྒྱལ།
    ཡ།ང་ཚོ་རྒྱ་གར་འཕགས་པའི་ཡུལ་ཟེར་ནང་ཆོག་གི/
    >>泽仁旺加:无论是印度,/
  • ཚེ་རིང་དབང་རྒྱལ།
    བོད་གངས་ཅན་ལྗོངས་ཟེར་ནང་ཆོག་གི/
    >>泽仁旺加:或者藏区,/
  • ཚེ་རིང་དབང་རྒྱལ།
    ཡ།རྒྱ་ནག་ཀྱང་ཟེར་ནང་ཆོག /
    >>泽仁旺加:也可以说汉地。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡིག་གཟུགས་མཁས་པ་རྣམས་ཀྱིས།/
    >>泽仁旺加:书法大家们,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཁོང་རང་ཚོ་ཞལ་རྒྱུན་གཅིག་མཐུན་གྱི་སྒོ་ནས།/
    >>泽仁旺加:都异口同声地,/
  • ཚེ་རིང་དབང་རྒྱལ།
    ལྟ་བ་གཅིག་མཚུངས་ཀྱི་སྒོ་ནས།/
    >>泽仁旺加:一致认为,/
  • ཚེ་རིང་དབང་རྒྱལ།
    བྲིས་རབ་གཅིག་འབྱུང་དགོས་ན་ལོ་གསུམ་སྦྱང་དགོས་པ་རེད་ཟེར་ནས།/
    >>泽仁旺加:一流的书法至少要学习三年,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ད་དེ་རྒྱ་ཧོར་བོད་གསུམ་ལ་ཡོངས་གྲགས་ཀྱི་སྐད་ཆ་ཞིག་རེད།/
    >>泽仁旺加:这是印藏蒙地共通的谚语。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ལོ་གསུམ་སྦྱང་དགོས་པ་རེད་ཟེར།/
    >>泽仁旺加:要学习三年。/
  • ཚེ་རིང་དབང་རྒྱལ།
    ཚད་གཞི་འདྲ་བོ་དེ།/
    >>泽仁旺加:这是标准。/
  • ཚེ་རིང་དབང་རྒྱལ།
    ཡང་དཔེར་ན།ང་རང་ཚོའི་བོད་ལ་ད་ང་ཚོའི་མཁས་པ་རྣམས་ཀྱིས།/
    >>泽仁旺加:那么,我们藏地的学者们,/
  • ཚེ་རིང་དབང་རྒྱལ།
    ཅི་འདྲ་ཞིག་གསུངས་ཡོད་ཟེར་ན།/
    >>泽仁旺加:是怎么说的呢?/
  • ཚེ་རིང་དབང་རྒྱལ།
    དཔེ་གཅིག་བྲིས་པ་འབྱུང་བ་ས་ལ་སྦས།/
    >>泽仁旺加:第一次的抄书藏于土中,/
  • ཚེ་རིང་དབང་རྒྱལ།
    དཔེ་གཉིས་བྲིས་པ་འབྱུང་བ་ཆུ་ལ་བསྐྱུར།/
    >>泽仁旺加:第二次的抄书弃于水中,/
  • ཚེ་རིང་དབང་རྒྱལ།
    དཔེ་གསུམ་བྲིས་པ་འབྱུང་བ་མེ་ལ་བསྲེགས།/
    >>泽仁旺加:第三遍的抄书焚于火中,/
  • ཚེ་རིང་དབང་རྒྱལ།
    དཔེ་བཞི་བྲིས་པ་འབྱུང་བ་རླུང་ལ་བསྐུར།/
    >>泽仁旺加:第五遍的抄书毁于风中,/
  • ཚེ་རིང་དབང་རྒྱལ།
    དཔེ་ལྔ་བྲིས་པ་སློབ་དཔོན་ཞལ་སྔར་ཕུལ་ཟེར་བ་ལྟར།/
    >>泽仁旺加:第五遍的抄书献给师傅。/
  • ཚེ་རིང་དབང་རྒྱལ།
    འབྱུང་བའི་ལེགས་བྲིས་བྱུང་ན།/
    >>泽仁旺加:在经历了这些以后,/
  • ཚེ་རིང་དབང་རྒྱལ།
    ད་གཟོད་ཡིག་མཁན་ཞེས་པའི་མིང་གནས་མཚུངས་པའོ།།/
    >>泽仁旺加:才有可能会获得书法家的名号,/
  • ཚེ་རིང་དབང་རྒྱལ།
    མཁས་པ་རྣམས་ཀྱི་བཞེད་སྲོལ་ལྟར་ཡིན།འོ་ཡ།/
    >>泽仁旺加:这是智者们的观点。/
  • ཚེ་རིང་དབང་རྒྱལ།
    དེ་ནས་རྒྱུ་མཚན་དེས།/
    >>泽仁旺加:因其原因,/
  • ཚེ་རིང་དབང་རྒྱལ།
    དེང་སང་ཆེས་མཁས་པའི་ཡིག་མཁན་ནི་ཉུང་ཤོས་ཙམ་ལས་མེད་པ་ལས་ཤེས་སོ།།/
    >>泽仁旺加:今天,一流的书法家还是相当少的,/
  • ཚེ་རིང་དབང་རྒྱལ།
    རྒྱུ་མཚན་དེ་ལ་བརྟེན་ནས།/
    >>泽仁旺加:所以,/
  • ཚེ་རིང་དབང་རྒྱལ།
    དེ་ནས་འདི་ལས་སླ་པོ་ཞིག་མ་རེད།/
    >>泽仁旺加:这并非易事。/
  • ཚེ་རིང་དབང་རྒྱལ།
    དང་པོ་ཡིག་གཟུགས་སྦྱང་བ་པོ་ཞིག་གིས།/
    >>泽仁旺加:学习书法者,先学字母。/
  • ཚེ་རིང་དབང་རྒྱལ།
    དེ་ནས་མགོ་ཅན།འདོགས་ཅན།/
    >>泽仁旺加:其次学习上下加字。/
  • ཚེ་རིང་དབང་རྒྱལ།
    ཡོངས་རྫོགས་བསྒྲུབས་ཚར་བའི་སྐབས་སུ་ལ།/
    >>泽仁旺加:全部圆满完成后,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དཔེ་ཟེར་བ་དེ།/
    >>泽仁旺加:所谓的抄书,/
  • ཚེ་རིང་དབང་རྒྱལ།
    དེ་རིང་ཁ་སང་འདི་རེད།ང་རང་ཚོ་འདི་རེད།/
    >>泽仁旺加:就是我们今天所见的,/
  • ཚེ་རིང་དབང་རྒྱལ།
    དཔེ་མཛོད་ཁང་ན་བཞུགས་ཡོད་པའི་འདི་འདྲ་རེད།/
    >>泽仁旺加:图书馆里的这些经卷。/
  • ཚེ་རིང་དབང་རྒྱལ།
    རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ཚོ་ལ་གཅིག་ལྟོས་དང་།/
    >>泽仁旺加:看看这些《甘珠尔》经典,/
  • ཚེ་རིང་དབང་རྒྱལ།
    དཔེར་ན་ད་ཟླ་ཚད་མ་འདྲ་བོ།/
    >>泽仁旺加:比如达擦玛本。/
  • ཚེ་རིང་དབང་རྒྱལ།
    རིང་ཐུང་ལས་རིང་བ་དེ་རྣམས་ལ་ཟླ་ཚད་མ་ཟེར་ནི་རེད།/
    >>泽仁旺加:其中最长的被称为达擦玛本,/
  • ཚེ་རིང་དབང་རྒྱལ།
    དེ་ལས་ཐུང་བང་ཡོད་པ་རེད།/
    >>泽仁旺加:也有较短的;/
  • ཚེ་རིང་དབང་རྒྱལ།
    ཡིག་འབྲུ་ནི་དེ་ནས་མང་བ་ལ་དྲུག་ཁྲི་དང་བདུན་ཁྲིའང་ཡོད་པ་རེད།/
    >>泽仁旺加:字数最多的有六七万,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཉུང་བ་ལ་ལྔ་ཁྲིའང་ཡོད་པ་རེད།/
    >>泽仁旺加:较少的五万。/
  • ཚེ་རིང་དབང་རྒྱལ།
    མདོར་ན།དེ་ནས་དཔེ་འབྲིང་འདྲ་བོ།/
    >>泽仁旺加:那么,中等的经卷,/
  • ཚེ་རིང་དབང་རྒྱལ།
    དཔེ་འབྲིང་ཆེ་བ་ལ་ལྡེབ་མ་ལྔ་བརྒྱ།/
    >>泽仁旺加:中等较长的有五百多页,/
  • ཚེ་རིང་དབང་རྒྱལ།
    བཞི་བརྒྱ།སུམ་བརྒྱ།དེ་ནས་ཉིས་བརྒྱ་ལྔ་བཅུ།/
    >>泽仁旺加:然后是四百、三百、二百五十。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་ད་དེ་ཡས་མས་ཞིག་གི་དཔེ་མཐུག་པོ།/
    >>泽仁旺加:这么厚的一部经典,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་འདྲ་ལྟ་བུ་དཔེ་གཅིག་བྲིས་ན།/
    >>泽仁旺加:如果抄完这样的一部,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ད་རུང་ཚད་ལྡན་མ་རེད།/
    >>泽仁旺加:并不能达到标准。/
  • ཚེ་རིང་དབང་རྒྱལ།
    མར་ས་འོག་ལ་སྦས་བཞག་དགོས་ནི་རེད་ཟེར་བའི་དཔེ་འདྲ་བོ་རེད།/
    >>泽仁旺加:那么要藏匿在地下,这是比喻。/
  • ཚེ་རིང་དབང་རྒྱལ།
    དཔེ་གཉིས་པ་གཅིག་བྲིས་ནའང་།/
    >>泽仁旺加:第二次的抄写,/
  • ཚེ་རིང་དབང་རྒྱལ།
    ད་རུང་བཞག་དགོས་པ་འདྲ་བོའི་ཚད་མ་རེད།/
    >>泽仁旺加:也还不能达到标准。/
  • ཚེ་རིང་དབང་རྒྱལ།
    དཔེ་གཉིས་པ་གཅིག་བྲིས་ནའང་།/
    >>泽仁旺加:第二次的抄写,/
  • ཚེ་རིང་དབང་རྒྱལ།
    དེ་ཡང་འབྱུང་བ་ཆུ་ནང་མར་བསྐྱལ་དགོས་པ་རེད་མ་གཏོགས།/
    >>泽仁旺加:就要丢弃到河中了,/
  • ཚེ་རིང་དབང་རྒྱལ།
    དེ་ཡང་ཕན་ཐོག་གི་མ་རེད།/
    >>泽仁旺加:因为并无益处。/
  • ཚེ་རིང་དབང་རྒྱལ།
    དཔེ་གསུམ་པ་དེ་ཡང་མེ་ལ་བསྲེགས་དགོས་པ་རེད་མ་གཏོགས།/
    >>泽仁旺加:第三次的抄写,要焚于火中,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེའང་བཞག་རྒྱུའི་ཡི་གེ་ཚད་ལྡན་ཞིག་ཏུ་ཐོན་ཡོད་ནི་མ་རེད།/
    >>泽仁旺加:因为也达到不到要把它留下来的标准。/
  • ཚེ་རིང་དབང་རྒྱལ།
    དཔེ་བཞི་བ་དེའང་དེ་ནས་མར་རླུང་ལ་བསྐུར་དགོས་པ་རེད་མ་གཏོགས།/
    >>泽仁旺加:第四次的抄写,也要毁于风中,/
  • ཚེ་རིང་དབང་རྒྱལ།
    ཚད་ཐིགས་ཀྱི་ལོངས་ཡོད་པ་འདྲ་བའི་ཚད་ལྡན་ཞིག་མ་རེད།/
    >>泽仁旺加:也并没有达到标准。/
  • ཚེ་རིང་དབང་རྒྱལ།
    ད་དཔེ་ལྔ་བ་བྲིས་ཚར་བའི་སྐབས་ལ་དེ་ནས་སློབ་དཔོན་གྱི་སྤྱན་སྔར་ཡར།/
    >>泽仁旺加:当完成第五卷经书的抄写后,/
  • ཚེ་རིང་དབང་རྒྱལ།
    གཞི་ནས་གཟིགས་འབུལ་འདྲ་བོ་ཞུས་ནས།/
    >>泽仁旺加:才献于师傅座前。/
  • ཚེ་རིང་དབང་རྒྱལ།
    ད་ང་རང་གིས་འདི་འདྲ་ཞིག་བྲིས་ནི་ཡིན།/
    >>泽仁旺加:我写了这样的一些,/
  • ཚེ་རིང་དབང་རྒྱལ།
    རེད་འདུག་དང་རེད་མི་འདུག་ཅེ་ནས་ད་འདི་དཔེ་ཞིག་རེད།/
    >>泽仁旺加:恳请指正,这只是一个例子。/
  • ཚེ་རིང་དབང་རྒྱལ།
    དཀའ་བའི་ཚད་འདྲ་བོ།/
    >>泽仁旺加:书法难易的例子,/
  • ཚེ་རིང་དབང་རྒྱལ།
    ད་དེ་རིང་ཁ་སང་སློབ་མ་ཁ་ཤས་ཀྱིས་དེ་ནས་འདི་འདྲའི།/
    >>泽仁旺加:今天的学生们,/
  • ཚེ་རིང་དབང་རྒྱལ།
    འབྲི་དེབ་ཀྱི་སྒོ་ལ་ཤོག་གྲངས་གསུམ་བཞི་བཞི་ལྔ་ཞིག་བྲིས་ནས།/
    >>泽仁旺加:在本子上写了五六叶以后,/
  • ཚེ་རིང་དབང་རྒྱལ།
    དེ་ནས།རྒན།ངའི་བྲིས་ཅི་འདྲ་གི/
    >>泽仁旺加:就问老师写得如何,/
  • ཚེ་རིང་དབང་རྒྱལ།
    འདི་ལྟར་མར་མགྱོགས་པ་འདྲ་གཅིག་བྲིས་བཞག་ན་རེད་ས་འེ་འགི།/
    >>泽仁旺加:这样师傅可继续快快完成呢?/
  • ཚེ་རིང་དབང་རྒྱལ།
    ད་ཁ་ཁ་ཞིག་སྦྱང་འེ་དགོས་འདུག/
    >>泽仁旺加:是否可以学其他的呢?/
  • ཚེ་རིང་དབང་རྒྱལ།
    ཟེར་ནས་ཡང་སླ་མོ་མ་གཅིག་བསམ་ནས་བསྡད་ཡོད་པ་རེད།/
    >>泽仁旺加:是想得如此之简单,/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ཞིག་གཏན་ནས་མ་རེད།/
    >>泽仁旺加:但根本不是如此。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་ང་ཚོ་དང་པོར་ཡག་པོ་ཞིག་སྦྱངས་ན་དེ་ནས་དེ་རེད།/
    >>泽仁旺加:所以,如果起初想要好好地学习,/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ཞིག་ཐོན་དགོས་འདུག/
    >>泽仁旺加:则是要那样学的,/
  • ཚེ་རིང་དབང་རྒྱལ།
    རྒྱུ་མཚན་དེ་ཤེས་དགོས་རེད།/
    >>泽仁旺加:要明白这个根本。/
  • ཚེ་རིང་དབང་རྒྱལ།
    རྒྱུ་མཚན་དེ་མ་ཤེས་བཞག་པའི་སྐྱོན་གཅིག/
    >>泽仁旺加:如果不明此理,/
  • ཚེ་རིང་དབང་རྒྱལ།
    དེ་རིང་ཁ་སང་གི་མདོ་དབུས་ཁམས་གསུམ་ལ་ཆ་བཞག་ན།/
    >>泽仁旺加:如今在三大藏区,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཆེས་མཁས་པའི་ཡིག་མཁན་ཟེར་བ་དེ་ནི།/
    >>泽仁旺加:要数处一流的书法家,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཉུང་ཉུང་ཙམ་ལས་མེད་པར་ལུས་སོང་ཟེར་ནས།/
    >>泽仁旺加:那也只有是区区几位。/
  • ཚེ་རིང་དབང་རྒྱལ།
    དེ་དོན་ཚན་དང་པོ་རེད།/
    >>泽仁旺加:这是第一点。/
  • ཚེ་རིང་དབང་རྒྱལ།
    ད་ང་རང་གི་ལྟ་ཚུལ་གཉིས་པ་དེ་ཅི་ཡིན་ཟེར་ན།/
    >>泽仁旺加:那么要谈的第二点是什么呢?/
  • ཚེ་རིང་དབང་རྒྱལ།
    དེ་དུས་སློབ་དཔོན་མ་རྙེད་ན།/
    >>泽仁旺加:如果没能遇到师傅,/
  • ཚེ་རིང་དབང་རྒྱལ།
    ཐོག་མར་རང་གིས་གང་སྦྱང་བ་འདོད་པ།/
    >>泽仁旺加:首先对于自己想学的字体,/
  • ཚེ་རིང་དབང་རྒྱལ།
    དབུ་ཅན་དང་དབུ་མེད།/
    >>泽仁旺加:乌坚和乌梅,/
  • ཚེ་རིང་དབང་རྒྱལ།
    བརྒྱུགས་བྲིས་དང་འཁྱུག་བྲིས་བཅས།/
    >>泽仁旺加:草书与疾书,/
  • ཚེ་རིང་དབང་རྒྱལ།
    མཁས་པ་རྣམས་ཀྱི་བྲིས་པའི་སྐོར་ལ་ཡིད་འཇོག་བྱ་ཞིང་།/
    >>泽仁旺加:要留意观察大家们的书法,/
  • ཚེ་རིང་དབང་རྒྱལ།
    དལ་དལ་ལྷོད་ལྷོད་ངང་།/
    >>泽仁旺加:放松地,/
  • ཚེ་རིང་དབང་རྒྱལ།
    ཤིན་ཏུ་ལག་བདེ་དག་གིས་ཀྱང་།/
    >>泽仁旺加:非常手巧的人,/
  • ཚེ་རིང་དབང་རྒྱལ།
    ཉིན་རེར་ཡིག་འབྲུ་བཞི་ལས་མང་བ་མི་འབྲི་བ།/
    >>泽仁旺加:一天也不能超过四个字的练习,/
  • ཚེ་རིང་དབང་རྒྱལ།
    གང་བྲིས་པ་དེ་དག་ཕན་ཚུན་བློ་ལ་མ་འདྲ་བ་འཇོག་དགོས་པ་མ་ཟད།/
    >>泽仁旺加:对于所写的字记忆犹新。/
  • ཚེ་རིང་དབང་རྒྱལ།
    ཡིག་འབྲུ་ཆ་སྙོམས་པ་དང་།འབྲི་རྐང་དྲང་མོ་མ་ཡོང་ཚེ།/
    >>泽仁旺加:如果字体不够规范、工整,/
  • ཚེ་རིང་དབང་རྒྱལ།
    ཕྱི་ཉིན་ཡང་དེ་ལ་འབད་དགོས།/
    >>泽仁旺加:次日要继续,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ད་དེ་རེད།དེའི་དཀའ་གནད།/
    >>泽仁旺加:是,这就是疑难点。/
  • ཚེ་རིང་དབང་རྒྱལ།
    མི་ཤེས་རྒྱུ་ཅི་ཡོད་ནི་མ་རེད།/
    >>泽仁旺加:没什么难懂的。/
  • ཚེ་རིང་དབང་རྒྱལ།
    རབ་ཏུ་བྱུང་ན།དེ་ནས་སློབ་དཔོན་གྱི་མདུན་ལ་བསྡད་ནས།/
    >>泽仁旺加:如果出家,就要在师傅座前,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་དང་དེ་ལྟ་བུའི་ཡིག་མཁན་ཚད་ལྡན་གྱི་སློན་དཔོན་མདུན་ལ།/
    >>泽仁旺加:在规范的书法家座前,/
  • ཚེ་རིང་དབང་རྒྱལ།
    ལོ་གསུམ་རེ་འདུག་དགོས་ནི་རེད་ཟེར།/
    >>泽仁旺加:要学习三年。/
  • ཚེ་རིང་དབང་རྒྱལ།
    ད་དེ་དག་མ་རྙེད་ན་ད་ཐབས་ཤེས་ཅི་ཡོད་ནི་རེད་ཟེར་ན།/
    >>泽仁旺加:除此之外,别无他法。/
  • ཚེ་རིང་དབང་རྒྱལ།
    རང་གིས་གང་སྦྱང་བ་འདོད་པའི་དེ་ནས་དབུ་ཅན།དབུ་མེད།/
    >>泽仁旺加:自己想要学习的乌坚、乌梅。/
  • ཚེ་རིང་དབང་རྒྱལ།
    བརྒྱུགས་བྲིས།འཁྱུགས་བྲིས།འབྲི་ཚ།/
    >>泽仁旺加:草书、疾书、珠擦。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ག་འདྲ་ཞིག་ཡིན་ནའང་།/
    >>泽仁旺加:无论是什么。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་རིང་ཁ་སང་ང་ཚོ་གློག་གིས་དཔར་བཏབ་ཡོད་པའི་བྲིས་དཔེ།/
    >>泽仁旺加:而且,今天也有很多印制的字帖。/
  • ཚེ་རིང་དབང་རྒྱལ།
    དེ་ནས་མཁས་པ་རྣམས་ཀྱི་བྲིས་དཔེ་ཚང་མ།/
    >>泽仁旺加:书法家们的字帖,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་རིང་ཁ་སང་གང་མི་ཚད་ཀྱིས།/
    >>泽仁旺加:当今有很多。/
  • ཚེ་རིང་དབང་རྒྱལ།
    ང་ཚོ་གནའ་སྔ་མོ་དང་འདྲ་ནི་མ་རེད།/
    >>泽仁旺加:并不同过去,/
  • ཚེ་རིང་དབང་རྒྱལ།
    མང་པོ་མཇལ་རྒྱུ་རེད་འདུག་འ།/
    >>泽仁旺加:可以见到很多。/
  • ཚེ་རིང་དབང་རྒྱལ།
    བྲིས་དཔེ་ཁག་ལ་གཞི་བཅོལ་ནས།/
    >>泽仁旺加:参照一些字帖,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོ་སེམས་ཀྱི་ལྟ་ཚུལ་དེ་ཅི་འདྲ་ཞིག་རེད་ཟེར་ན།/
    >>泽仁旺加:那么心态需要是什么样子呢?/
  • ཚེ་རིང་དབང་རྒྱལ།
    བྲེལ་ཚུབ་ཚུབ་བ་ཞིག་ཉན་ནི་མ་རེད།/
    >>泽仁旺加:不能着急。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་འཇིག་རྟེན་གྱི་བྱ་བ་ག་འདྲ་ཞིག/
    >>泽仁旺加:那么,无论是什么事,/
  • ཚེ་རིང་དབང་རྒྱལ།
    ཆོས་འཇིག་རྟེན་གྱི་བྱ་བ་ཅི་དང་ཅི་ཞིག་བསྒྲུབ་ནའང་།/
    >>泽仁旺加:无论做任何事情,/
  • ཚེ་རིང་དབང་རྒྱལ།
    དེ་ནས་བྲེལ་བ་ཆེན་པོ་ལངས་ནས་བྲེལ་ཚུབ་ཚུབ་ཞིག་བྱས་ནས།/
    >>泽仁旺加:如果是慌里慌张地去做,/
  • ཚེ་རིང་དབང་རྒྱལ།
    འགོ་བཙུགས་ནས་བསྒྲུབ་དགོས་པ་འདྲ་བོ།/
    >>泽仁旺加:只会是开头后,/
  • ཚེ་རིང་དབང་རྒྱལ།
    མ་བསྒྲུབ་ན་མགོ་ན་ནས་བསྐྱུར་དགོས་པ་འདྲ་བོ་དེ་འདྲ་ཞིག་མ་རེད།/
    >>泽仁旺加:中途又会放弃,不能这样。/
  • ཚེ་རིང་དབང་རྒྱལ།
    དལ་དལ་ལྷོད་ལྷོད་ངང་ནས་དང་པོ་བསམ་བློ་གཏང་རྒྱུ་ནི།/
    >>泽仁旺加:要放松,首先要知道。/
  • ཚེ་རིང་དབང་རྒྱལ།
    དལ་དལ་ལྷོད་ལྷོད་ངང་བསམ་བློ་གཏང་རྒྱུ་ནི་གལ་ཆེན་པོ་ཞིག་རེད།/
    >>泽仁旺加:要考虑好,轻松自在是很重要的。/
  • ཚེ་རིང་དབང་རྒྱལ།
    ཡིནའང་།ཤིན་ཏུ་ལག་བདེ་དག་གིས་ཀྱང་།/
    >>泽仁旺加:就算是手再巧的人,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ལག་བདེ་ཟེར་བ་དེ་ལག་པའི་རྨང་གཞི་དེ།/
    >>泽仁旺加:手巧的人是指手的能力,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོ་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:怎么说呢?/
  • ཚེ་རིང་དབང་རྒྱལ།
    འདི་ལྷན་སྐྱེས་ཀྱི་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:天生的一种能力。/
  • ཚེ་རིང་དབང་རྒྱལ།
    མི་ཁ་ཅིག་ཆུང་ཆུང་སྐྱེས་སྐབས་ནས་བཟུང་།/
    >>泽仁旺加:有些人自小时候起,/
  • ཚེ་རིང་དབང་རྒྱལ།
    ལག་པ་བདེ་མོ་འདྲ་བོ་གཅིག་ཡོད་པ་རེད།/
    >>泽仁旺加:手是非常巧妙的,/
  • ཚེ་རིང་དབང་རྒྱལ།
    ཁ་ཅིག་ཀྱང་ལག་པ་མི་བདེ་བའི་རིགས་གཅིག་འདུག་འ།/
    >>泽仁旺加:有些则是非常不巧妙的。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཤིན་ཏུ་ལག་བདེ་དག་གིས་ཀྱང་ཉིན་རེ་ལས།/
    >>泽仁旺加:那么非常手巧的人,/
  • ཚེ་རིང་དབང་རྒྱལ།
    ཡིག་འབྲུ་བཞི་ལས་དེ་ནས་མང་པོ་འབྲི་མི་རུང་བ་ཞིག་གི་དཀའ་གནད་རེད་འདུག/
    >>泽仁旺加:一天也只能练习四个字,这是重点。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།རེད་འདུག /
    >>泽仁旺加:是的。/
  • ཚེ་རིང་དབང་རྒྱལ།
    དེ་ལས་མང་པོ་ཞིག་བྲི་ན།/
    >>泽仁旺加:如果写多,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཐམས་ཅད་འཐེན་ཆ་རེ་རེ་བཞིན་དུ་ཤེས་ཐུབ་ཀྱི་མ་རེད།/
    >>泽仁旺加:就会忘记笔顺的具体写法。/
  • ཚེ་རིང་དབང་རྒྱལ།
    མི་འབྲི་བ།/
    >>泽仁旺加:就不写。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་དག་ཡིན་ཙང་།/
    >>泽仁旺加:如此,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡིག་འབྲུ་བཞི་ལས་མང་བ་མི་འབྲི་བ།/
    >>泽仁旺加:只写四个字。/
  • ཚེ་རིང་དབང་རྒྱལ།
    མང་པོ་བྲིས་པ་དེ་ཚོའི་འཐེན་ཚུལ་བློ་ལ་མ་འཇོག་པར།/
    >>泽仁旺加:写多了笔顺就容易记不清。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ད་གང་སྦྱང་བ།གང་བྲིས་པ།/
    >>泽仁旺加:对于所学所写,/
  • ཚེ་རིང་དབང་རྒྱལ།
    འཐེན་ཚུལ།འཐེན་ཆ།/
    >>泽仁旺加:笔法笔顺,/
  • ཚེ་རིང་དབང་རྒྱལ།
    རང་རང་སོ་སོའི་འཐེན་ཆ་ཡོད་རེད་བ་ཡི་གེ་རེ་རེ་ལ།/
    >>泽仁旺加:每个字有自己的笔顺,/
  • ཚེ་རིང་དབང་རྒྱལ།
    དེ་ནས་འཐེན་ཆ་མི་འདྲ་བ།/
    >>泽仁旺加:笔顺不一致,/
  • ཚེ་རིང་དབང་རྒྱལ།
    དེ་བློ་ལ་མ་བརྗེད་པར་སྦྱང་དགོས་པ་མ་ཟད།/
    >>泽仁旺加:要长期地练习。/
  • ཚེ་རིང་དབང་རྒྱལ།
    ཡིག་འབྲུ་ཆ་སྙོམས་པོ་དང་འབྲི་རྐང་དྲང་མོ་མ་ཡོང་ཚེ།/
    >>泽仁旺加:如果字体不够规范,笔画不够工整。/
  • ཚེ་རིང་དབང་རྒྱལ།
    ཕྱི་ཉིན་ཡང་དེ་ནས་ཁ་རྩང་སྦྱངས་པ་དེ་ལ་དེ་ནས་འབད་པ་གནང་རོགས་ཟེར།/
    >>泽仁旺加:次日也要对前日所学的要加以努力练习。/
  • ཚེ་རིང་དབང་རྒྱལ།
    གསར་པ་ཞིག་སྦྱང་ན་ཤེས་ཀྱི་མ་རེད་ཟེར།/
    >>泽仁旺加:不宜再学新的,/
  • ཚེ་རིང་དབང་རྒྱལ།
    དོན་དག་གཅིག་དེ་རེད།/
    >>泽仁旺加:这是一点。/
  • ཚེ་རིང་དབང་རྒྱལ།
    དེ་དག་ཡིན་ཙང་དེ་ནས་ང་ཚོའི་འཇམ་མགོན་ས་སྐྱ་པཎྜིཏ་ཡིས་ཀྱང་།/
    >>泽仁旺加:所以,萨迦班智达也,/
  • ཚེ་རིང་དབང་རྒྱལ།
    ཞལ་གདམས་བསླབ་བྱ་ཡག་མོ་ཞིག་གནང་འདུག་འ།/
    >>泽仁旺加:授予了一个很好的教言。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ང་རང་ཚོས་ཀྱང་ཤེས་བྱ་བཞག་དགོས་པ་གཅིག་རེད།/
    >>泽仁旺加:这是我们需要知道的。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོ་སློབ་མ་གསར་པ་ཟེར་ནའང་འདྲ།/
    >>泽仁旺加:无论是年幼的学生,/
  • ཚེ་རིང་དབང་རྒྱལ།
    མཐོ་རིམ་སློབ་གྲྭའི་སློབ་མ་ཟེར་ནའང་འདྲ།/
    >>泽仁旺加:还是年长的大学生,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ད་དེ་མིན་ན།/
    >>泽仁旺加:除此之外,/
  • ཚེ་རིང་དབང་རྒྱལ།
    མཐོ་རིམ་སློབ་གྲྭའི་སློབ་མ་མིན་པའི་སློབ་སྦྱོང་བྱེད་པ་པོ་ག་འདྲ་ཞིག་ཡིན་ནའང་།/
    >>泽仁旺加:不是大学生的其他学习者也一样。/
  • ཚེ་རིང་དབང་རྒྱལ།
    མདོར་ཚུར་བསྡུས་ན།/
    >>泽仁旺加:简而言之,/
  • ཚེ་རིང་དབང་རྒྱལ།
    འདི་འདྲའི་དོན་ཆེན་པོ་ལ་བསམ་བློ་གཏང་དགོས་པ་ཞིག་རེད།/
    >>泽仁旺加:是要对这样的一句话加以思考。/
  • ཚེ་རིང་དབང་རྒྱལ།
    མཁས་པ་སློབ་པའི་དུས་ན་སྡུག།/
    >>泽仁旺加:学习之时必苦难,/
  • ཚེ་རིང་དབང་རྒྱལ།
    བདེ་བར་བསྡད་ན་མཁས་མི་སྲིད།/
    >>泽仁旺加:未经苦难学不成。/
  • ཚེ་རིང་དབང་རྒྱལ།
    ཅེས་གསུངས་པ་ཞིག་ཡིད་ལ་ཡང་ཡང་དྲན་པ་བྱའོ།།/
    >>泽仁旺加:对这句话,要反复思考。/
  • ཚེ་རིང་དབང་རྒྱལ།
    ཟེར་ནས།དེ་ནས་ད་དེའི་ལེགས་བཤད་དེ།/
    >>泽仁旺加:对于这句嘉言,/
  • ཚེ་རིང་དབང་རྒྱལ།
    འདི་ནས་མར་ཞིག་བསམ་བློ་གཏང་དགོས་པའི་ཆ་འདི་ལ།/
    >>泽仁旺加:那么我们需要继续,/
  • ཚེ་རིང་དབང་རྒྱལ།
    འདིའི་དེ་ནས་དཀའ་གནད་འདི་དེར་བཞག་པ་ཞིག་རེད།/
    >>泽仁旺加:对该问题的思考暂时就到这里。/
  • ཚེ་རིང་དབང་རྒྱལ།
    ད་དོན་ཚན་གསུམ་པ་དེ་ང་རང་གི་ལྟ་ཚུལ་ག་འདྲ་ཞིག་ཡིན་ཟེར་ན།/
    >>泽仁旺加:那么,我想要说明的第三点是什么呢?/
  • ཚེ་རིང་དབང་རྒྱལ།
    གང་གི་ལུགས་ལ་མ་བསྟེན་པར།/
    >>泽仁旺加:没有依止任何传承,/
  • ཚེ་རིང་དབང་རྒྱལ།
    རང་བཟོའི་སྒོ་ནས་ལག་ནས་གང་བྱུང་བྱུང་།/
    >>泽仁旺加:自行任意地书写,/
  • ཚེ་རིང་དབང་རྒྱལ།
    རང་བཟོའི་སྒོ་ནས་བྲིས་པ་ནི་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་དེ།/
    >>泽仁旺加:妄意的书法并无任何意义。/
  • ཚེ་རིང་དབང་རྒྱལ།
    དཔེར་ན།བྲིས་ངན་གཞན་གྱིས་མི་བཤད།/
    >>泽仁旺加:有谚语:烂字别人不识,/
  • ཚེ་རིང་དབང་རྒྱལ།
    ཞག་གསུམ་ཚར་ན་རང་གིས་མི་ཤེས་ཟེར་བ་ལྟར།/
    >>泽仁旺加:三日后,自己也不识。/
  • ཚེ་རིང་དབང་རྒྱལ།
    ངག་ནས་བརྗོད་མི་བདེ་ཞིང་།/
    >>泽仁旺加:难以认读。/
  • ཚེ་རིང་དབང་རྒྱལ།
    ཚིག་དོན་གཉིས་ཀའི་དོན་རྟོགས་དཀའ་བ་དང་།/
    >>泽仁旺加:字词与意义也难以理解,/
  • ཚེ་རིང་དབང་རྒྱལ།
    བྲིས་ཀྱི་སྒྱུ་རྩལ་མེད་པ།/
    >>泽仁旺加:没有书法之艺术。/
  • ཚེ་རིང་དབང་རྒྱལ།
    ལྟ་བ་པོའི་མིག་ནང་མི་མཛེས་ཤིང་།/
    >>泽仁旺加:在他者眼中不雅,/
  • ཚེ་རིང་དབང་རྒྱལ།
    ཡིད་ལ་སྤྲོ་བ་སྟེར་བའི་ནུས་པ་མེད་པའི་སྐྱོན་འབྱུང་ངོ་།/
    >>泽仁旺加:不能引起他人愉悦,/
  • ཚེ་རིང་དབང་རྒྱལ།
    ད་དེ་ལྟ་ཚུལ་གསུམ་པ་ཡིན།/
    >>泽仁旺加:这是第三点,/
  • ཚེ་རིང་དབང་རྒྱལ།
    ད་འདི་ལ་མི་ཤེས་རྒྱུ་ཅི་མེད།/
    >>泽仁旺加:没什么难的。/
  • ཚེ་རིང་དབང་རྒྱལ།
    དེ་ནས་གང་གི་དེ་ཉིད་ལ་མ་ལྟོས་པར།/
    >>泽仁旺加:然后,学习者其人,/
  • ཚེ་རིང་དབང་རྒྱལ།
    དེ་ནས་གང་དེ་ལ་དེ་ནས་རབ་ན་སློབ་དཔོན་འཛོམས་དགོས་ནི་རེད།/
    >>泽仁旺加:若有条件能拜师学习,则最佳。/
  • ཚེ་རིང་དབང་རྒྱལ།
    དེ་དག་མ་འཛོམས་ན།/
    >>泽仁旺加:若条件不足,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་རིང་ཁ་རྩང་བྲིས་དཔེ་ཡག་པོ་འཛོམས་དགོས་ནི་རེད།/
    >>泽仁旺加:那么,就需要具备良好的字帖。/
  • ཚེ་རིང་དབང་རྒྱལ།
    དེ་གཉིས་དེ་ནས་མ་བསྟེན་པ་རེད།/
    >>泽仁旺加:没有这两样,/
  • ཚེ་རིང་དབང་རྒྱལ།
    རང་བཟོ་ཤ་སྟག་གི་སྒོ་ནས་ལག་ལ་གང་མགྱོགས་མགྱོགས་དང་།/
    >>泽仁旺加:只靠自编自造,能快则快。/
  • ཚེ་རིང་དབང་རྒྱལ།
    གང་བྱོན་བྱོན་འདྲ་བོ་བྱས་ནས་བྲིས་པ་ནི།/
    >>泽仁旺加:能遍则编,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོ་བྲིས་ཚར་བའི་སྐབས་སུ།/
    >>泽仁旺加:那么写完时,/
  • ཚེ་རིང་དབང་རྒྱལ།
    ད་དེའི་བྲིས་དེ་འདྲ་རིས་རེད།/
    >>泽仁旺加:会被当作图案。/
  • ཚེ་རིང་དབང་རྒྱལ།
    ཁུངས་དང་ལུང་མེད་པ་རེད་ཟེར་བ་འདྲ་བོ།/
    >>泽仁旺加:因为并无什么传承可言,/
  • ཚེ་རིང་དབང་རྒྱལ།
    རྒྱུ་མཚན་ཏིལ་འབྲུ་ཙམ་ཡོད་པ་མ་རེད།/
    >>泽仁旺加:没有任何的缘由,/
  • ཚེ་རིང་དབང་རྒྱལ།
    སྙིང་པོ་མེད་པ་ཞིག་རེད།/
    >>泽仁旺加:没有意义。/
  • ཚེ་རིང་དབང་རྒྱལ།
    ད་དཔེ་ཅིག་ཆ་བཞག་ན།/
    >>泽仁旺加:譬如说,/
  • ཚེ་རིང་དབང་རྒྱལ།
    གནའ་མི་རྒད་པོ་ཚོས་བྲིས་ངན་གཞན་གྱིས་མི་ཤེས་ཟེར་བསྡད་ནི།/
    >>泽仁旺加:古人常说,烂字别人不识。/
  • ཚེ་རིང་དབང་རྒྱལ།
    འོ།བྲིས་ངན་པ་བྲིས་པ་དེ་ནི་མི་གཞན་གྱིས་ཤེས་ནི་མ་རེད་ཟེར།/
    >>泽仁旺加:嗯,很难看的字体别人是认不出来的。/
  • ཚེ་རིང་དབང་རྒྱལ།
    ཞག་གསུམ་ཚར་ནས་དེ་ནས་རངའང་མི་ཤེས་པ།/
    >>泽仁旺加:三日之后,自己也认不出。/
  • ཚེ་རིང་དབང་རྒྱལ།
    རང་གིས་ཀྱང་ཤེས་ནི་མ་རེད།/
    >>泽仁旺加:自己也认不出。/
  • ཚེ་རིང་དབང་རྒྱལ།
    འོ།འདི་ཅི་བཤད་ཡོད་ནི་རེད།/
    >>泽仁旺加:说的是什么呢?/
  • ཚེ་རིང་དབང་རྒྱལ།
    འདི་ཅི་བྲིས་ཡོད་ནི་རེད་བསམ་ནས།/
    >>泽仁旺加:写的是什么呢?/
  • ཚེ་རིང་དབང་རྒྱལ།
    རང་གིས་ཀྱང་མི་ཤེས་པའི་དཀའ་གནད་དེ་འདྲ་ཐུག་ནི་རེད་ཟེར།/
    >>泽仁旺加:自己写的自己也会不知道。/
  • ཚེ་རིང་དབང་རྒྱལ།
    ཡ།ངག་ནས་བརྗོད་མི་བདེ་ཞིང་ཚིག་དོན་གཉིས་ཀ་རྟོགས་དཀའ་བ་དང་།/
    >>泽仁旺加:所以也难以认读,更不要说明白其意义了。/
  • ཚེ་རིང་དབང་རྒྱལ།
    ད་བྲིས་ངན་པ་བྲིས་ཡོད་ན།/
    >>泽仁旺加:不堪的字体,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དང་པོ་དེ་འདོན་འེ་ཤེས་མི་ཤེས་ལྟ་རྒྱུ་་གཏོགས།/
    >>泽仁旺加:首先只能看能否认读,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:然后再说,/
  • ཚེ་རིང་དབང་རྒྱལ།
    དོན་དུ་དེ་ག་འདྲ་ཞིག་ཡིན་ནི་ཤེ་ཐུབ་ནི་མ་རེད།/
    >>泽仁旺加:其意义是什么。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་དག་ཡིན་ཙང་།/
    >>泽仁旺加:如此,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ངག་ནས་བརྗོད་བདེ་པོ་ཞིག་མ་རེད།/
    >>泽仁旺加:如果连认读都困难的话,/
  • ཚེ་རིང་དབང་རྒྱལ།
    འོ།ཚིག་དོན་གཉིས་ཀའི་དོན་དེ་ག་ལ་རྟོགས་དང་ག་ལ་རྟོགས།/
    >>泽仁旺加:其词句意义又何以谈起呢?/
  • ཚེ་རིང་དབང་རྒྱལ།
    རྟོགས་ཐུབ་ནི་མ་རེད།/
    >>泽仁旺加:不可能明白。/
  • ཚེ་རིང་དབང་རྒྱལ།
    ད་བཟང་པོ་ཞིག་ཡིན་ན་འདྲ།/
    >>泽仁旺加:无论字体好,/
  • ཚེ་རིང་དབང་རྒྱལ།
    ངན་པ་ཞིག་ཡིན་ན་འདྲ།/
    >>泽仁旺加:或者差。/
  • ཚེ་རིང་དབང་རྒྱལ།
    ད་ག་འདྲ་ཟེར་དགོས་ནི་རེད།/
    >>泽仁旺加:怎么说呢?/
  • ཚེ་རིང་དབང་རྒྱལ།
    རྟོགས་མི་ཐུབ་པ།/
    >>泽仁旺加:不能明白。/
  • ཚེ་རིང་དབང་རྒྱལ།
    དེ་ནས་བྲིས་ཀྱི་ལ་སྒྱུ་རྩལ་མེད་པ།/
    >>泽仁旺加:又没造诣。/
  • ཚེ་རིང་དབང་རྒྱལ།
    ད་ཡིག་གཟུགས་ཀྱི་སྒྱུ་རྩལ་ཟེར་བ་དེ་ཡོད་ནི་མ་རེད།/
    >>泽仁旺加:那么何以去谈书法的艺术呢?/
  • ཚེ་རིང་དབང་རྒྱལ།
    ལྟ་བ་པོའི་མིག་ནང་མི་མཛེས་ཤིང་ཡིད་ལ་སྤྲོ་བ་མི་སྟེར་བ་ཟེར་བ་འདི།/
    >>泽仁旺加:在观赏者眼里是十分不雅的。/
  • ཚེ་རིང་དབང་རྒྱལ།
    དེ་ནས་བྲིས་ཀྱི་སྒྱུ་རྩལ་འདྲ་བོ་མེད་དང་ན།/
    >>泽仁旺加:如果没有艺术造诣,/
  • ཚེ་རིང་དབང་རྒྱལ།
    བྲིས་ཡིན་ན་འདྲ།རི་མོ་ཡིན་ན་འདྲ།/
    >>泽仁旺加:无论书法或者画,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཁོང་རང་།/
    >>泽仁旺加:那么,/
  • ཚེ་རིང་དབང་རྒྱལ།
    དཔེར་ན་ལྷ་བཟོ་ཡག་པོ་གཅིག་གིས་ལྷ་ཡག་པོ་གཅིག་བྲིས་ཡོད་ན།/
    >>泽仁旺加:譬如,以为优秀的画家画了一幅神,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་མཐོང་མ་ཐག་དེ་ལ།/
    >>泽仁旺加:一见到画时,/
  • ཚེ་རིང་དབང་རྒྱལ།
    སེམས་ཀྱི་སྟེང་ལ་སྤྲོ་བ་ཞིག་བཤད་རྒྱུ་ཡོད་ནི་རེད།/
    >>泽仁旺加:那么我们心中会产生喜悦。/
  • ཚེ་རིང་དབང་རྒྱལ།
    ད་དེ་འདྲ་བུའི་རི་མོ་ཡག་པོ་ཞིག་བྲིས་འདུག་བསམ་ནས།/
    >>泽仁旺加:会觉得是一幅很妙的画,/
  • ཚེ་རིང་དབང་རྒྱལ།
    སེམས་ལ་དགའ་སྤྲོ་སྟེར་ཐུབ་པའི་ནུས་པ་དེ།/
    >>泽仁旺加:能使心灵喜悦。/
  • ཚེ་རིང་དབང་རྒྱལ།
    རི་མོའི་ངོ་ཁ་ནས་འོང་དགོས་ནི་རེད།/
    >>泽仁旺加:这是源于画本身的。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་ལྷ་བཟོ་ལག་མི་བདེ་བ་ཞིག་གིས།/
    >>泽仁旺加:那么,如果画家造诣不深,/
  • ཚེ་རིང་དབང་རྒྱལ།
    ལྷ་གཅིག་བྲིས་ན།/
    >>泽仁旺加:如果画一神,/
  • ཚེ་རིང་དབང་རྒྱལ།
    འོ།འདི་ད་ཡག་པོ་ཞིག་བྲིས་མི་འདུག/
    >>泽仁旺加:我们便会认为不怎么样,/
  • ཚེ་རིང་དབང་རྒྱལ།
    མིག་ཀྱང་ཡོ་འདུག ཁའང་ཡོ་འདུག/
    >>泽仁旺加:眼是歪的,嘴也是歪的,/
  • ཚེ་རིང་དབང་རྒྱལ།
    རྣ་ཅོའང་ཆད་འདུག /
    >>泽仁旺加:耳朵也是缺的,/
  • ཚེ་རིང་དབང་རྒྱལ།
    འདི་ལྷ་ཞིག་མ་རེད།འདྲེ་འདྲ་བོ་བསམ་བསམ་ཞིག་འདྲ་འདུག/
    >>泽仁旺加:这怎么会是神呢?不是鬼吗?/
  • ཚེ་རིང་དབང་རྒྱལ།
    རི་མོ་དེའི་ངོ་ཁ་ནས་ཡིད་ལ་སྤྲོ་བ་སྟེར་བའི་ནུས་པ་འདྲ་བོ་དེ་ཡོད་ནི་མ་རེད།/
    >>泽仁旺加:所以,画本身并没有令人愉悦的能力。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དཔེ་དེ་བཞིན་དུ།/
    >>泽仁旺加:正如此例,/
  • ཚེ་རིང་དབང་རྒྱལ།
    ད་སྐབས་ང་རང་ཚོའི་ཡིག་གཟུགས་ཀྱང་དེ་དང་དེ་མཚུངས་པ་འདྲ་བོ་རེད།/
    >>泽仁旺加:我们现在讨论的书法也是一样的。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་ཡིག་གཟུགས་མཁས་པ།/
    >>泽仁旺加:那么,善于书法,/
  • ཚེ་རིང་དབང་རྒྱལ།
    ཡིག་གཟུགས་དེ་ནས་གང་མི་སྲིད་པའི་ཡག་པོ་ཞིག/
    >>泽仁旺加:有非常精湛的书法技艺。/
  • ཚེ་རིང་དབང་རྒྱལ།
    དེ་ནས་གནའ་སྔ་མོ་བྲིས་རྒྱུན་ཡིན་ནའང་འདྲ།/
    >>泽仁旺加:不论是过去的传承,/
  • ཚེ་རིང་དབང་རྒྱལ།
    དེང་སང་གི་བྲིས་རྒྱུན་ཡིནའང་འདྲ།/
    >>泽仁旺加:或者是当今的传承,/
  • ཚེ་རིང་དབང་རྒྱལ།
    ལེགས་པོ་ཞིག་མཇལ་ཡོང་བའི་སྐབས་སུ།/
    >>泽仁旺加:只要见到佳作,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡིད་ལ་སྤྲོ་བ་སྟེར་བའི་ནུས་པ་དེ་ཡོང་ཐུབ་ནི་རེད།/
    >>泽仁旺加:那么,自然可使心灵愉悦,/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ཡག་པོ་ཞིག་བྲིས་འདུག་བསམ་ནས།/
    >>泽仁旺加:便会觉得是多么的美妙。/
  • ཚེ་རིང་དབང་རྒྱལ།
    དེ་མ་ཐག་ནས་དགའ་སྤྲོའི་རྣམ་པ་དེ་སེམས་ལ་འཆར་འདུག་འ།/
    >>泽仁旺加:如此,心中自然会充满喜悦。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་མར་ཁོ་རང་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:嗯,然后呢?/
  • ཚེ་རིང་དབང་རྒྱལ།
    སྤྱིར་བཏང་གི་ཡི་གེ་འབྲི་བའི་སྐབས་སུ་ལ།/
    >>泽仁旺加:一般在写书法的时候,/
  • ཚེ་རིང་དབང་རྒྱལ།
    བྱང་ཆུབ་མི་ཆུབ་ཡོད་ནི་རེད།/
    >>泽仁旺加:也有熟不熟练的问题。/
  • ཚེ་རིང་དབང་རྒྱལ།
    ཡིནའང་།དེ་མར་དེ་མ་ཐག་ཏུ་འདོན་ཐུབ་པ་འདྲ་བོ།/
    >>泽仁旺加:然而,能够马上认读,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དཀའ་ངལ་ཡོད་ནི་མ་རེད།/
    >>泽仁旺加:是有一定的难度的。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་དག་ཡིན་ཙང་།/
    >>泽仁旺加:正因如此,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ང་ཚོ་ཁྱད་པར་དུ།/
    >>泽仁旺加:所以,尤其是,/
  • ཚེ་རིང་དབང་རྒྱལ།
    ཡིད་ལ་སྤྲོ་བ་སྟེར་བའི་ནུས་པ་ཡོད་པ་དེ།/
    >>泽仁旺加:能够令人愉悦的能力,/
  • ཚེ་རིང་དབང་རྒྱལ།
    གང་མི་སྲིད་པའི་དེ་ནས་ཡིག་གཟུགས་བཟང་པོ་འདྲ་བོ།/
    >>泽仁旺加:一定是非常妙不可言的字体。/
  • ཚེ་རིང་དབང་རྒྱལ།
    ཡིག་གཟུགས་མཛེས་པོ་འདྲ་བོ།/
    >>泽仁旺加:是很美的字体。/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ལ་བརྟེན་ནས་བྱུང་དགོས་ནི་ཡིན་ཙང་།/
    >>泽仁旺加:是如此产生的。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་འདྲ་ཞིག་རེད།/
    >>泽仁旺加:是这样的。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡིག་གཟུགས་གཅིག་ཟེར་དགོས་ནི་རེད།/
    >>泽仁旺加:那么,所写的书法,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཚད་གཞི་དང་མི་ལྡན་པ་འདྲ་བོ།/
    >>泽仁旺加:如果不符合标准,/
  • ཚེ་རིང་དབང་རྒྱལ།
    ནག་ནོག་ལ་སོགས་ལྡན་ན་ནི་ད་སྐབས་གོང་ནས་ཞུས་པ་དེ་རེད།/
    >>泽仁旺加:不够整洁工整,如上所说。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་གཞན་གྱིས་མི་ཤེས།/
    >>泽仁旺加:不仅别人认不出,/
  • ཚེ་རིང་དབང་རྒྱལ།
    ཞག་གསུམ་ཚར་ནས་རང་གིས་མི་ཤེས་ཟེར་བའི་དཀའ་གནད་འདྲ་བོ།/
    >>泽仁旺加:三日之后,自己也难以认读。/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ཞིག་ལ་ཟེར་ནི་རེད།/
    >>泽仁旺加:说的就是这种,/
  • ཚེ་རིང་དབང་རྒྱལ།
    ང་ཚོས་རང་ཤེས་དགོས་རྒྱུ་གཅིག་དེ་རེད།/
    >>泽仁旺加:这是我们需要知晓的。/
  • ཚེ་རིང་དབང་རྒྱལ།
    ད་དོན་ཚན་བཞི་བ་ལ་ང་རང་ལ་བལྟ་ཚུལ་ཅི་ཡིན་ཟེར་ན།/
    >>泽仁旺加:那么第四点是什么呢?/
  • ཚེ་རིང་དབང་རྒྱལ།
    སྤྱིར་དེང་སང་ཕལ་ཆེར་བས།/
    >>泽仁旺加:如今很多人,/
  • ཚེ་རིང་དབང་རྒྱལ།
    ཡིད་ཆེས་ངང་བརྒྱུགས་རིས་དང་འཁྱུག་བྲིས་ཞེས།/
    >>泽仁旺加:非常自信的想学习草书、疾书。/
  • ཚེ་རིང་དབང་རྒྱལ།
    ཐོག་མ་ཉིད་ནས་མགྱོགས་པོ་བྲི་རྒྱུ་འཆར་སྣང་ཤིག་ཤར་ཞིང་།/
    >>泽仁旺加:从一开始,就有写草书的幻想,/
  • ཚེ་རིང་དབང་རྒྱལ།
    ལག་པས་ཀྱང་ཅི་མགྱོགས་མགྱོགས།/
    >>泽仁旺加:手中也是能快则快,/
  • ཚེ་རིང་དབང་རྒྱལ།
    མགྱོགས་པ་དང་འཁྱུག་པ་བགྱིས་ཏེ་བྲིས་པ།/
    >>泽仁旺加:飞快且又潦草,/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ག་ན་ཡིན།/
    >>泽仁旺加:岂会是这样?/
  • ཚེ་རིང་དབང་རྒྱལ།
    ཡ་ད་སྤྱིར་བཏང་གི་མི་སོགས་དེ་ནས་དེང་སང་ལ།/
    >>泽仁旺加:如今的很多人,/
  • ཚེ་རིང་དབང་རྒྱལ།
    སློབ་གྲྭ་བ་ཡིནའང་འདྲ།/
    >>泽仁旺加:学生也好,/
  • ཚེ་རིང་དབང་རྒྱལ།
    དེ་ནས་བྲིས་ག་འདྲ་ག་འདྲ་བྲི་དགོས་རེད་ཟེར་ནས།/
    >>泽仁旺加:说是自己要写什么什么字体。/
  • ཚེ་རིང་དབང་རྒྱལ།
    ནམ་སྦྱོང་ཆེད་སྦྱོང་མེད་པའི་དེ་ནས།/
    >>泽仁旺加:其实根本没有专业的学习。/
  • ཚེ་རིང་དབང་རྒྱལ།
    ཁོ་ཚོའི་འཆར་སྣང་འདྲ་བོ་དེ་ཅི་ཞིག་ཤར་འདུག་ཅེ་ན།/
    >>泽仁旺加:他们都有什么样的幻想呢?/
  • ཚེ་རིང་དབང་རྒྱལ།
    བསམ་བློའི་གཏང་ཚུལ་ལ།/
    >>泽仁旺加:他们认为,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡིག་འཁྱུག་ཟེར་བ་འདྲ་བོ།/
    >>泽仁旺加:可以写疾书体,/
  • ཚེ་རིང་དབང་རྒྱལ།
    ཡིག་འཁྱུག་ཟེར་ནའང་ཆོག/
    >>泽仁旺加:或者说疾书,/
  • ཚེ་རིང་དབང་རྒྱལ།
    ཡང་མིན་ན་འཁྱུག་བྲིས་དང་བརྒྱུགས་བྲིས་ཟེར་ནས།/
    >>泽仁旺加:或者说疾书和草书,/
  • ཚེ་རིང་དབང་རྒྱལ།
    བརྒྱུགས་བྲིས་ཟེར་དུས།/
    >>泽仁旺加:草书。/
  • ཚེ་རིང་དབང་རྒྱལ།
    དེ་མ་ཐག་ཏུ་བརྒྱུགས་ཆོག་ཆོག་འདྲ་བོ།/
    >>泽仁旺加:恨不得马上飞快地,/
  • ཚེ་རིང་དབང་རྒྱལ།
    འཁྱུག་ཆོག་ཆོག་འདྲ་བོ་ལ་འདང་བརྒྱབ་ནས།/
    >>泽仁旺加:潦草地写出来,/
  • ཚེ་རིང་དབང་རྒྱལ།
    དེ་བསམ་བློ་གཏོང་བཞིན་འདུག་འ།/
    >>泽仁旺加:有种这样的想法。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་དང་པོ་ཉིད་ནས།/
    >>泽仁旺加:从开始起,/
  • ཚེ་རིང་དབང་རྒྱལ།
    གཅིག་མགྱོགས་པོར་བྲི་རྒྱུའི་བསམ་བློ་གཅིག་བཏང་།/
    >>泽仁旺加:只想着很快地写,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ལག་པས་ཀྱང་དེ་དག་ཏུ་དེ་ནས་ཡག་པོ་མ་ཐོནའང་།/
    >>泽仁旺加:即使写出来的并不怎么样,/
  • ཚེ་རིང་དབང་རྒྱལ།
    ཅི་མགྱོགས་མགྱོགས་དང་།དེ་ནས་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:也是能快则快。/
  • ཚེ་རིང་དབང་རྒྱལ།
    འཁྱུག་འཁྱུག་ལ་སོགས་པའི་ཐོག་ནས་མར་བྲིས་བཞག་པ་འདྲ་བོ།/
    >>泽仁旺加:潦草纷纷地写出来。/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ཞིག་ལ་བསམ་བློ་བཏང་བསྡད་ནས།/
    >>泽仁旺加:一心只是如此,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ལག་པས་ཀྱང་མགྱོགས་པར་བྲི་བ་འདྲ་བོ།/
    >>泽仁旺加:手上也是如此,/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ཞིག་བཟུང་ནས་འབྲི་ནི་རེད།/
    >>泽仁旺加:这样写出来,/
  • ཚེ་རིང་དབང་རྒྱལ།
    ཡིནའང་དེ་དག་འ་རེད་ཟེར་ན།དེ་དག་ག་ན་ཡིན།མ་རེད།/
    >>泽仁旺加:但是,是这样吗?怎么会?并不是。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དཔེ་ཞིག་བཞག་ན།/
    >>泽仁旺加:哦呀,譬如,/
  • ཚེ་རིང་དབང་རྒྱལ།
    འགྲོ་མི་ཐུབ་པའི་བྱིས་པ་ཆུང་ངུ་དག་ལ།/
    >>泽仁旺加:一个还在爬的孩子,/
  • ཚེ་རིང་དབང་རྒྱལ།
    བརྒྱུགས་ཐུབ་པའི་ནུས་པ་དེ་ལས་ཀྱང་མེད་པ་བཞིན་ནོ།།/
    >>泽仁旺加:怎么会有跑的能力呢?/
  • ཚེ་རིང་དབང་རྒྱལ།
    དེ་ནས་དཔེར་ན་བྱིས་པ་ཆུང་ངུ་ཞིག་ཡིན་དང་རྒྱུ་ན།/
    >>泽仁旺加:譬如是一个孩子,/
  • ཚེ་རིང་དབང་རྒྱལ།
    ཁོ་འགྲོ་ལས་མི་ཐུབ་པའི་བྱིས་པ་ཆུང་ངུ་ཞིག་ཡིན་ན།/
    >>泽仁旺加:还没有学会走路的孩子。/
  • ཚེ་རིང་དབང་རྒྱལ།
    ད་ཁྱོད་བརྒྱུགས་སོང་ཟེར་ནས།/
    >>泽仁旺加:让他跑,/
  • ཚེ་རིང་དབང་རྒྱལ།
    ཡར་གཅིག་ལངས་ད་བརྒྱུགས་ཟེར་ན་ག་ནས་བརྒྱུགས་ཐུབ་རེད།/
    >>泽仁旺加:怎么可能跑得动呢?/
  • ཚེ་རིང་དབང་རྒྱལ།
    དེ་ནས་འགྱེལ་འགྲོ་གི་རེད།/
    >>泽仁旺加:一定会摔倒。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དཔེ་དེ་བཞིན་དུ།/
    >>泽仁旺加:正如此例,/
  • ཚེ་རིང་དབང་རྒྱལ།
    ང་ཚོས་བརྒྱུགས་བྲིས་དང་འཁྱུག་བྲིས་འབྲི་རྒྱུ་དོན་ལ།/
    >>泽仁旺加:我们对草书与疾书的练习,/
  • ཚེ་རིང་དབང་རྒྱལ།
    ལྷག་པར་དུ་གཟབ་དགོས་པའི་དེ་ནས་དཀའ་གནད།/
    >>泽仁旺加:所以一定要加以小心,/
  • ཚེ་རིང་དབང་རྒྱལ།
    ཐོག་མ་ཉིད་ནས་ངས་ད་ལྟ་གོང་དུ་ཞུས་པ་ལྟར།/
    >>泽仁旺加:正如我以上所说,/
  • ཚེ་རིང་དབང་རྒྱལ།
    དལ་དལ་ལྷོད་ལྷོད་ངང་ནས་ཡིག་འབྲུ་མང་པོ་མི་འབྲི་བ།/
    >>泽仁旺加:一定要慢慢写,不写很多,/
  • ཚེ་རིང་དབང་རྒྱལ།
    ཡིག་གཟུགས་ཇེ་མཛེས་དོན་དག་ལ་འབད་པ་བྱ་དགོས་པ་ཞིག་རེད།/
    >>泽仁旺加:一定要力争把字写得更完美。/
  • ཚེ་རིང་དབང་རྒྱལ།
    ཡིག་གཟུགས་ཇེ་མཛེས་མཛེས་དོན་དག་ལ།/
    >>泽仁旺加:想要字体更完美,/
  • ཚེ་རིང་དབང་རྒྱལ།
    ཇེ་མགྱོགས་སུ་གཏོང་ནས་བྲིས་ན།/
    >>泽仁旺加:如果写得更快,/
  • ཚེ་རིང་དབང་རྒྱལ།
    ཡིག་གཟུགས་ལེགས་པོ་གཏན་ནས་ཡོང་མི་ཐུབ་པས།/
    >>泽仁旺加:是一定不可能写好的。/
  • ཚེ་རིང་དབང་རྒྱལ།
    ད་འདི་ཡིན་གཅིག་མིན་གཅིག་ཤེས་བྱ་བཞག་དགོས།/
    >>泽仁旺加:这是一定要清楚的。/
  • ཚེ་རིང་དབང་རྒྱལ།
    འཁྱུག་བྲིས་དང་བརྒྱུགས་བྲིས་མ་ཡིན་པའི།/
    >>泽仁旺加:非草书与疾书的。/
  • ཚེ་རིང་དབང་རྒྱལ།
    ད་ང་ཚོས་ཅི་ཟེར་དགོས་ནི་རེད་དབུ་ཅན་བྲི་ན་འདྲ།/
    >>泽仁旺加:譬如我们写乌金体,/
  • ཚེ་རིང་དབང་རྒྱལ།
    སྒམ་བྲིས་བྲི་ན་འདྲ།/
    >>泽仁旺加:或嘎支体,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ག་ལེར་བྲི་རྒྱུ་དེ་གལ་ཆེན་པོ་ཡིན།/
    >>泽仁旺加:一定要慢慢写。/
  • ཚེ་རིང་དབང་རྒྱལ།
    དང་པོའི་སྐབས་སུ།/
    >>泽仁旺加:起初,/
  • ཚེ་རིང་དབང་རྒྱལ།
    མགྱོགས་པོ་ཞིག་བྲིས་དང་ན་།/
    >>泽仁旺加:如果写快了,/
  • ཚེ་རིང་དབང་རྒྱལ།
    ལེགས་པོ་གཏན་ནས་འབྱུང་ཐུབ་ཀྱི་མ་རེད།/
    >>泽仁旺加:一定是不能写好的。/
  • ཚེ་རིང་དབང་རྒྱལ།
    དེའི་དོན་དག་ལ་གཟབ་དགོས་རྒྱུ་གཅིག་དེ་རེད།/
    >>泽仁旺加:这是一定要注意的一点。/
  • ཚེ་རིང་དབང་རྒྱལ།
    དང་པོ་བྲིས་པའི་སྐོར་ལ་ཇི་ལྟར་འབྲི་བའི་སྐོར་ལ།/
    >>泽仁旺加:起初怎么办呢?/
  • ཚེ་རིང་དབང་རྒྱལ།
    མིག་གིས་ཞིབ་མོར་གཟིགས་ཤིང་།/
    >>泽仁旺加:先要仔细观察,/
  • ཚེ་རིང་དབང་རྒྱལ།
    ཐམས་ཅད་རེ་རེ་བཞིན་བློ་ལ་ངེས་ན།/
    >>泽仁旺加:将每一个字体记住,/
  • ཚེ་རིང་དབང་རྒྱལ།
    ལག་པས་ཀྱང་དེ་ལྟར་འབྲི་བདེ་བ་ཞིག་འབྱུང་བས།/
    >>泽仁旺加:每一笔都要练得顺手,/
  • ཚེ་རིང་དབང་རྒྱལ།
    དེ་ནི་གནད་ཀྱི་དམ་པའོ།/
    >>泽仁旺加:这是关键点。/
  • ཚེ་རིང་དབང་རྒྱལ།
    ཞེས་པས།ང་རང་གི་ལྟ་ཚུལ་གཅིག་དེ་ཡིན།/
    >>泽仁旺加:这是我自己的看法。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་དང་པོ་བྲིས་པའི་སྐབས་ལ་ག་འདྲ་ག་འདྲ་ཞིག/
    >>泽仁旺加:起初开始练习时要明白,/
  • ཚེ་རིང་དབང་རྒྱལ།
    འཐེན་ཆ་དང་པོ་ག་འད་རེད།/
    >>泽仁旺加:第一笔是怎样的,/
  • ཚེ་རིང་དབང་རྒྱལ།
    འཐེན་ཆ་གཉིས་པ་ག་འདྲ་རེད་འདུག/
    >>泽仁旺加:第二笔是怎样的,/
  • ཚེ་རིང་དབང་རྒྱལ།
    འཐེན་ཆ་གསུམ་པ་ག་འདྲ་རེད།/
    >>泽仁旺加:第三笔是怎样的,/
  • ཚེ་རིང་དབང་རྒྱལ།
    མཐོ་དམའ་ག་འདྲ་ཞིག་རེད་འདུག/
    >>泽仁旺加:高低是怎样的。/
  • ཚེ་རིང་དབང་རྒྱལ།
    ཕྲ་དགོས་ས་དེ་ག་ན་རེད་འདུག/
    >>泽仁旺加:哪里需要细,/
  • ཚེ་རིང་དབང་རྒྱལ།
    སྦོམ་དགོས་ས་དེ་ག་ན་རེད་འདུག/
    >>泽仁旺加:哪里需要粗。/
  • ཚེ་རིང་དབང་རྒྱལ།
    དེ་ཚོ་ཚང་མ་ལ་དང་པོ་མིག་གིས་ཞིབ་ཆ་ཞིག་བལྟ་དགོས་རེད་མ་གཏོགས།/
    >>泽仁旺加:这些都是起初要认真观察的。/
  • ཚེ་རིང་དབང་རྒྱལ།
    བྲིས་དཔེ་མདུན་དུ་བཞག་ནས།/
    >>泽仁旺加:将字帖放在前面,/
  • ཚེ་རིང་དབང་རྒྱལ།
    མགོ་སྒུར་སྒུར་བཟོ་ནས།/
    >>泽仁旺加:却低着头,/
  • ཚེ་རིང་དབང་རྒྱལ།
    དེ་ལ་མིག་གིས་མ་བལྟས་ནས།/
    >>泽仁旺加:不去参照。/
  • ཚེ་རིང་དབང་རྒྱལ།
    རང་གི་ཅི་བསམ་དགུ་བསམ་ཞིག་བྲི་ན།/
    >>泽仁旺加:任意地自编自造,/
  • ཚེ་རིང་དབང་རྒྱལ།
    དེའི་དཔེ་ལྟ་ཤེས་ནི་མ་རེད།/
    >>泽仁旺加:不懂得看模板。/
  • ཚེ་རིང་དབང་རྒྱལ།
    དེ་དག་ཡིན་ཙང་།/
    >>泽仁旺加:如此,/
  • ཚེ་རིང་དབང་རྒྱལ།
    དེས་ཕྱིར་བྲིས་དཔེ་ཁག་ལ་མིག་གིས་ཞིབ་ཆ་བལྟ་རྒྱུ་དེ་གལ་ཆེན་པོ་ཞིག་རེད།/
    >>泽仁旺加:仔细地观察字帖的模板是非常重要的。/
  • ཚེ་རིང་དབང་རྒྱལ།
    གལ་ཆེ་བ་མ་ཟད།/
    >>泽仁旺加:不仅如此,/
  • ཚེ་རིང་དབང་རྒྱལ།
    ད་རུང་འཐེན་ཆ་རེ་རེ་བཞིན་དུ་བློ་ལ་ངེས་དགོས་པ་རེད།/
    >>泽仁旺加:每一步笔画都要记在心。/
  • ཚེ་རིང་དབང་རྒྱལ།
    དེ་ནས་བློ་ལ་ངེས་ལྡན་ན།/
    >>泽仁旺加:如果能记住,/
  • ཚེ་རིང་དབང་རྒྱལ།
    ལག་པ་ཀྱང་དེ་དག་བྲི་བདེ་མོ་ཞིག་རེད།/
    >>泽仁旺加:那么写起来也会很顺,/
  • ཚེ་རིང་དབང་རྒྱལ།
    ད་བྲི་བདེ་མོ་ཞིག་བྱུང་ན།/
    >>泽仁旺加:只要顺手,/
  • ཚེ་རིང་དབང་རྒྱལ།
    དེ་ནི་གནད་ཀྱི་དམ་པ་ཟེར་བ་དེ་ད་དེ་རེད།/
    >>泽仁旺加:这就是最为关键的,/
  • ཚེ་རིང་དབང་རྒྱལ།
    ཅི་ཟེར་དགོས་ནི་རེད།/
    >>泽仁旺加:怎么说呢?/
  • ཚེ་རིང་དབང་རྒྱལ།
    ད་གནད་ཀྱི་དམ་པ་ཟེར་ན།/
    >>泽仁旺加:所谓的关键,/
  • ཚེ་རིང་དབང་རྒྱལ།
    སྤྱིར་བཏང་གི་ང་ཚོ་བོད་ཀྱི་རིག་གནས་ག་འདྲ་ཞིག་ཡིན་ནའང་།/
    >>泽仁旺加:一般而言,无论是哪一种藏族传统文化,/
  • ཚེ་རིང་དབང་རྒྱལ།
    གཞུང་ལུགས།དེའི་འཕྲོད་ལ་དེ་ནས་མན་ངག/
    >>泽仁旺加:先要学理论,后是诀窍。/
  • ཚེ་རིང་དབང་རྒྱལ།
    ལག་ལེན།གསར་སྐྲུན།དར་སྤེལ།/
    >>泽仁旺加:实践、创新和发扬,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།རྒྱུད་འཛིན།/
    >>泽仁旺加:继承,/
  • ཚེ་རིང་དབང་རྒྱལ།
    དེ་ཚོ་ལ་གདེང་བརྒྱབ་ནས་བསམ་བློ་གཅིག་བཏང་ན།/
    >>泽仁旺加:考虑到这些问题的话,/
  • ཚེ་རིང་དབང་རྒྱལ།
    ད་རེས་འདི་ལ་གནད་ཀྱི་དམ་པ་ཟེར་བ་དེ་མན་ངག་གཅིག་ལ་གོ་གི་ཡོད་ནི་རེད།/
    >>泽仁旺加:这里我们所谈到的关键点就是诀窍之一。/
  • ཚེ་རིང་དབང་རྒྱལ།
    དེ་རེད།/
    >>泽仁旺加:是的。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ནས་དེ་དག་སྦྱོང་བའི་ཚེ་ན།/
    >>泽仁旺加:在学习这些时,/
  • ཚེ་རིང་དབང་རྒྱལ།
    བྲིས་དཔེ་ལ་རྒྱུན་དུ་གཟིགས་དགོས་ཏེ།/
    >>泽仁旺加:要经常看字帖。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ད་དེ་དག་ལ་ང་ཚོས་སློབ་སྦྱོང་གནང་བའི་སྐབས་སུ་ལ།/
    >>泽仁旺加:在学习那些时,/
  • ཚེ་རིང་དབང་རྒྱལ།
    དཔེ་ལ་རྒྱུན་དུ་བལྟ་དགོས་དགོས་དང་མི་དགོས་ཟེར་ན།/
    >>泽仁旺加:是不是要常看模板呢?/
  • ཚེ་རིང་དབང་རྒྱལ།
    རྒྱུན་དུ་བལྟ་དགོས་ནི་རེད།/
    >>泽仁旺加:要常看,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།བལྟ་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་ཟེར་ན།/
    >>泽仁旺加:为什么要看呢?/
  • ཚེ་རིང་དབང་རྒྱལ།
    ང་ཚོ་བོད་གངས་ཅན་ལྗོངས་ཀྱི་གནའ་མི་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ།/
    >>泽仁旺加:我们藏族的老人们常说一句话,/
  • ཚེ་རིང་དབང་རྒྱལ།
    མཁས་པ་དཔེ་དང་འབྲལ་མི་རུང་ཞེ་ནས།/
    >>泽仁旺加:智者不离模板,/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ཞིག་གི་བཤད་སྲོལ་ཡང་འདུག/
    >>泽仁旺加:有这样的说法。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།མཁས་པ་ག་འདྲ་ཞིག་ཡིན་རུང་།/
    >>泽仁旺加:无论是多么智慧的人,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དཔེ་དེ་དང་དེ་ནས་འབྲལ་རུང་ནི་མ་རེད་ཟེར།/
    >>泽仁旺加:也不能离开模板。/
  • ཚེ་རིང་དབང་རྒྱལ།
    ཁྱད་པར་དུ་བཟོ་རིག་པའི་ཕྱོགས་ལ་དེ་ནས་དཔེ་ཞིག་དགོས་ནི་རེད།/
    >>泽仁旺加:尤其对于工巧学而言一定需要模板。/
  • ཚེ་རིང་དབང་རྒྱལ།
    མ་དཔེ་འདྲ་བོ་དེ།/
    >>泽仁旺加:如母版。/
  • ཚེ་རིང་དབང་རྒྱལ།
    ལེགས་པའི་ཁྱད་ཆོས་དེ་དག་རྣམས་ཀྱི་ཚད་དེ་ལས་བརྒལ་སོང་ན།/
    >>泽仁旺加:如果能够超越它的所有的优点,/
  • ཚེ་རིང་དབང་རྒྱལ།
    དཔེ་ལ་བསྟུན་དགོས་པའི་ངེས་པའང་ཡོད་པ་མ་རེད།/
    >>泽仁旺加:那么就不一定要参照模板了。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ཡང་མིན་ན།/
    >>泽仁旺加:或者说,/
  • ཚེ་རིང་དབང་རྒྱལ།
    ཁྱེད་རང་གི་དགེ་རྒན་གྱི་ཕྱག་བྲིས་ཡིན་ནའང་འདྲ།/
    >>泽仁旺加:你的老师的书法。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ལྷ་བྲིས་ཡིནའང་འདྲ།/
    >>泽仁旺加:或者画,/
  • ཚེ་རིང་དབང་རྒྱལ།
    ག་འདྲ་ཞིག་ཡིན་ན།/
    >>泽仁旺加:无论是什么,/
  • ཚེ་རིང་དབང་རྒྱལ།
    ལྷ་བཟོ་ཡིན་ན།/
    >>泽仁旺加:如果是画家,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཁོང་རང་གི་དགེ་ཕྲུག་དེ་ཡིས།/
    >>泽仁旺加:那么他的学生,/
  • ཚེ་རིང་དབང་རྒྱལ།
    རང་གི་དགེ་རྒན་གྱིས་བྲིས་བཞག་པའི་ལྷ་བྲིས་ཀྱི་དཔེ་ཞིག་བཙལ།/
    >>泽仁旺加:要找一幅自己老师的作品。/
  • ཚེ་རིང་དབང་རྒྱལ།
    བྲིས་པ་ཞིག་ཡིན་དང་ན།/
    >>泽仁旺加:如果是书法家,/
  • ཚེ་རིང་དབང་རྒྱལ།
    དེ་ནས་རང་གི་སློབ་དཔོན་གྱིས་བྲིས་བཞག་པའི་བྲིས་གཟུགས་དེ་དང་།/
    >>泽仁旺加:学生就要找一幅老师的作品。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཆ་མ་མཉམ་གྱི་བར་དུ།/
    >>泽仁旺加:直到水平相当,/
  • ཚེ་རིང་དབང་རྒྱལ།
    དེ་དང་འདྲ་པོ་ཞིག་མ་བྱུང་བའི་བར་དུ།/
    >>泽仁旺加:或者说达到模板的水平前,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དཔེ་དེ་ངེས་པར་དུ་དཔེ་རུ་བཟོ་དགོས་པ་ཞིག་རེད།/
    >>泽仁旺加:就一定需要参照这个模板。/
  • ཚེ་རིང་དབང་རྒྱལ།
    ད་ཁྱེད་དགེ་རྒན་ལས་ཡར་ནང་ཐོན་ཚར་བའི།/
    >>泽仁旺加:如果你的水平超越了老师,/
  • ཚེ་རིང་དབང་རྒྱལ།
    ཅི་ཟེར་དགོས་ནི་རེད།ཡར་རྒྱས་ཤིག་བྱུང་བཞག་ན།/
    >>泽仁旺加:如果取得了这样的进步,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ཡོན་ཏན་གྱི་ཐོག་ལ་གོང་འཕེལ་ཞིག་བྱུང་བཞག་ན།/
    >>泽仁旺加:在学习上有了这样的增长,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དཔེ་མི་དགོས་པ་རེད་མ་གཏོགས།/
    >>泽仁旺加:则不需要模板。/
  • ཚེ་རིང་དབང་རྒྱལ།
    དེ་མན་ཆད་དེ་ནས་དཔེ་དགོས་པ་རེད།/
    >>泽仁旺加:此之前,需要看模板。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དགེ་རྒན་གྱི་ཡན་ཞིག་ཏུ་ཐོན་བཞག་ན།/
    >>泽仁旺加:如果比老师还要高超,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དགེ་རྒན་གྱི་དཔེ་ཡིས་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པ་མ་རེད།/
    >>泽仁旺加:那么就没有太大的理由去参照老师的模版。/
  • ཚེ་རིང་དབང་རྒྱལ།
    དེ་ནས་བལྟ་དགོས་པ་མ་རེད་ཟེར་བའི་དོན་འདྲ་བོ་དེ་འདྲ་ཞིག་རེད།/
    >>泽仁旺加:所以也就不需要看了。/
  • ཚེ་རིང་དབང་རྒྱལ།
    ཡི་གཟུགས་ཇེ་མཛེས་ཇེ་ལེགས་ཀྱི་སྒོ་ནས་འཕེལ་རྒྱས་སུ་བྱུང་ཡོད་པ་དང་།/
    >>泽仁旺加:精益求精,字体越来越完美。/
  • ཚེ་རིང་དབང་རྒྱལ།
    གཏང་དགོས་པའང་བཤད་ཐུབ།/
    >>泽仁旺加:也要使得其完美。/
  • ཚེ་རིང་དབང་རྒྱལ།
    གང་ཡིན་ཟེར་ན།/
    >>泽仁旺加:为什么呢?/
  • ཚེ་རིང་དབང་རྒྱལ།
    དེ་ནས།ཡིག་གཟུགས་ཇེ་མཛེས་ཇེ་ལེགས་སུ་འཕེལ་རྒྱས་ཀྱང་བྱུང་ཡོད་རེད་ལ།/
    >>泽仁旺加:如此,字体越发完美以后,/
  • ཚེ་རིང་དབང་རྒྱལ།
    དེ་ནས་མ་འོངས་པ་ཡང་།/
    >>泽仁旺加:对未来,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཕན་པ་དང་དེ་ནས་རྒྱུ་མཚན་ཆེན་པོ་འདུག་ན།/
    >>泽仁旺加:也是很有利益和功德的。/
  • ཚེ་རིང་དབང་རྒྱལ།
    དེ་ན་སྤྱིར་བཏང་ཡི་གཟུགས་ཀྱི་རྟེན་འདི་ང་ཚོ་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:一般而言,所写的字体,/
  • ཚེ་རིང་དབང་རྒྱལ།
    ལོ་ངོ་བརྒྱ་ཕྲག་མང་པོ་ལ་དེ་ནས་བསྒྱུར་མི་ཐུབ་པ་ཞིག་རེད་དེ།/
    >>泽仁旺加:几百年也是不会有很大变化的。/
  • ཚེ་རིང་དབང་རྒྱལ།
    ཕན་པ་དང་རྒྱུ་མཚན་ཡོད་ན།/
    >>泽仁旺加:如果有益也有必要,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡིག་གཟུགས་ཀྱི་སྟེང་ནས།/
    >>泽仁旺加:那么字体,/
  • ཚེ་རིང་དབང་རྒྱལ།
    བསྒྱུར་བ་གཏན་ནས་གཏང་མི་ཆོག་ཟེར་བ་འདྲ་བོ།/
    >>泽仁旺加:并不是完全不可改变。/
  • ཚེ་རིང་དབང་རྒྱལ།
    གཏོང་མི་དགོས་པ་ཟེར་བ་འདྲ་བོ།/
    >>泽仁旺加:所谓不需要改变,/
  • ཚེ་རིང་དབང་རྒྱལ།
    གཏོང་མི་རུང་བ་ཟེར་བ་འདྲ་བོ།/
    >>泽仁旺加:或者不能改变,/
  • ཚེ་རིང་དབང་རྒྱལ།
    དེ་འདྲ་ཡིན་རྒྱུ་མ་རེད།/
    >>泽仁旺加:并不是这样,/
  • ཚེ་རིང་དབང་རྒྱལ།
    གཏོང་དགོས་ཀྱང་དགོས་རྒྱུ་རེད།/
    >>泽仁旺加:也是需要有改变的。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་ལུགས་ཀྱང་།/
    >>泽仁旺加:所以对此,/
  • ཚེ་རིང་དབང་རྒྱལ།
    ཁྱེད་རང་རྣམ་པས་ཐུགས་བཞག་གཅིག་བཞག་རོགས་གྱིས།/
    >>泽仁旺加:你们一定要谨记在心中,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ད་དོན་ཚན་ལྔ་བ་དེ་ཅི་ཡིན་ཟེར་ན།/
    >>泽仁旺加:那么,第五点是什么呢?/
  • ཚེ་རིང་དབང་རྒྱལ།
    ཤེས་བྱ་གང་ལ་བསླབ་ཀྱང་།/
    >>泽仁旺加:无论学习什么知识,/
  • ཚེ་རིང་དབང་རྒྱལ།
    དེ་ལ་སྦྱངས་པ་ཆེ་ཆུང་ལྟར་གྱི་གྲུབ་འབྲས་བཟང་ངན་སྣ་ཚོགས་ཤིག/
    >>泽仁旺加:根据自己的努力程度会有相应的结果。/
  • ཚེ་རིང་དབང་རྒྱལ།
    འབྱུང་པ་སྲིད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཀྱི་ཡིན་སྲིད།/
    >>泽仁旺加:这是事物的规律。/
  • ཚེ་རིང་དབང་རྒྱལ།
    འོ།དེ་ང་རང་གི་ལྟ་ཚུལ་གཅིག་ཡིན།/
    >>泽仁旺加:这是我的看法。/
  • ཚེ་རིང་དབང་རྒྱལ།
    དེས་ཕྱིར་ཡིག་གཟུགས་ལེགས་པོ་ཡོང་བར་བྱེད་པ་ལ།/
    >>泽仁旺加:那么,要练习好字体。/
  • ཚེ་རིང་དབང་རྒྱལ།
    ཐོག་མར་རྨང་གཞི་བཟང་པོ་ཞིག་ལ་གཏན་འཁེལ་ཆགས་པ་བྱས་ཞིང་།/
    >>泽仁旺加:首先,坚实的基础是很重要的。/
  • ཚེ་རིང་དབང་རྒྱལ།
    ལོ་ངོ་བཅུ་ཕྲག་གཉིས་གསུམ་ཙམ་ལ་བྲིས་ཀྱི་ཕྱག་ལས་གནང་རྒྱུ་བྱུང་ན།/
    >>泽仁旺加:如果能够从事二三十年的相关书法的工作,/
  • ཚེ་རིང་དབང་རྒྱལ།
    སྦྱང་ཚད་ཀྱང་མཐར་རུ་ཕྱིན་པ་དང་།/
    >>泽仁旺加:并圆满完成了学习。/
  • ཚེ་རིང་དབང་རྒྱལ།
    འབྲི་བའི་སྐབས།/
    >>泽仁旺加:书写时,/
  • ཚེ་རིང་དབང་རྒྱལ།
    འགྱུར་བ་གང་བྱས་ཀྱང་ཡིག་གཟུགས་མཛེས་པ་དང་།/
    >>泽仁旺加:无论怎么写字迹也会漂亮,/
  • ཚེ་རིང་དབང་རྒྱལ།
    མཉམ་པ།ནག་ནོག་མེད་པ།/
    >>泽仁旺加:整洁工整,/
  • ཚེ་རིང་དབང་རྒྱལ།
    པད་མའི་ཕྲེང་བ་ལྟར་ཚར་དུ་དངར་བ་ཞིག་བྱུང་ན།/
    >>泽仁旺加:如妙莲花蕊般排开,/
  • ཚེ་རིང་དབང་རྒྱལ།
    བྱང་ཚད་ཀྱིས་ཀྱང་ཐོན་ནི་རེད།/
    >>泽仁旺加:熟练程度也就达到了。/
  • ཚེ་རིང་དབང་རྒྱལ།
    ད་དེ་ག་འདྲ་ཞིག་ཟེར་ནི་རེད།/
    >>泽仁旺加:这是什么样的呢?/
  • ཚེ་རིང་དབང་རྒྱལ།
    ཟེར་དགོས་ནི་ཡིན་ན་ད་དེའང་མི་ཤེས་རྒྱུ་གཅིག་མེད་དེ།/
    >>泽仁旺加:也没什么难懂的。/
  • ཚེ་རིང་དབང་རྒྱལ།
    མདོར་ཚུར་བསྡུས་ན།/
    >>泽仁旺加:总而言之,/
  • ཚེ་རིང་དབང་རྒྱལ།
    ཤེས་བྱ་གང་ལ་བསླབས་ཀྱང་ཡིག་གཟུགས་མ་ཡིན་པར།/
    >>泽仁旺加:不只是字体,无论学习什么知识,/
  • ཚེ་རིང་དབང་རྒྱལ།
    ཚང་མ་འདྲ་བོ་རེད།/
    >>泽仁旺加:都是一样的。/
  • ཚེ་རིང་དབང་རྒྱལ།
    འཇིག་རྟེན་གྱི་ཁམས་ན་ཤེས་བྱ་ག་འདྲ་ཞིག་ལ་བསླབས་ཀྱང་།/
    >>泽仁旺加:学习世间的任何一种知识,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་ལ་སྦྱངས་པ་ཆེ་ཆུང་གི་སྟབས་ཀྱིས།/
    >>泽仁旺加:根据你的努力程度,/
  • ཚེ་རིང་དབང་རྒྱལ།
    གྲུབ་འབྲས་བཟང་ངན་སྣ་ཚོགས་ཤིག་འབྱུང་རྒྱུ་རེད།/
    >>泽仁旺加:会产生相应的结果。/
  • ཚེ་རིང་དབང་རྒྱལ།
    ད་ད་སྐབས་གོང་དུ་ཞུས་པ་ལ།/
    >>泽仁旺加:如上所叙,/
  • ཚེ་རིང་དབང་རྒྱལ།
    དེ་ནས་སྦྱངས་པ་འབྲིང་པོ་ཙམ་ཞིག་ཡིན་ན།/
    >>泽仁旺加:你的努力很一般,/
  • ཚེ་རིང་དབང་རྒྱལ།
    གྲུབ་འབྲས་འབྲིང་པོ་ཙམ་ཞིག་ཐོན་ནི་རེད།/
    >>泽仁旺加:结果也是很一般。/
  • ཚེ་རིང་དབང་རྒྱལ།
    སྦྱངས་པ་ཐ་མ་ཙམ་ཞིག་ཡིན་ན།/
    >>泽仁旺加:努力只有一点,/
  • ཚེ་རིང་དབང་རྒྱལ།
    དེ་ནས་གྲུབ་འབྲས་ཀྱང་ཐ་མ་ཙམ་ཞིག་མ་གཏོགས།/
    >>泽仁旺加:结果也只会是那么一点。/
  • ཚེ་རིང་དབང་རྒྱལ།
    འབྱུང་མི་སྲིད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་གཅིག་རེད།/
    >>泽仁旺加:不会有太多,这是事物的规律。/
  • ཚེ་རིང་དབང་རྒྱལ།
    ཆོས་ཉིད་ཅིག་རེད།/
    >>泽仁旺加:一条规律,/
  • ཚེ་རིང་དབང་རྒྱལ།
    དེ་བཞིན་ཡིག་གཟུགས་ལེགས་པོ་ཡོང་བ་བྱེད་པ་ལ།/
    >>泽仁旺加:如此,为练习好字体。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དང་པོ་རྨང་གཞི་གཏན་འཁེལ་ཞིག་ལ་ཆགས་པ་བྱས་ཤིང་།/
    >>泽仁旺加:首先要具备坚实的基础,/
  • ཚེ་རིང་དབང་རྒྱལ།
    དང་པོ་རྨང་གཞི་ཡག་པོ་ཞིག་བཞག་དགོས།/
    >>泽仁旺加:要打好坚实的基础。/
  • ཚེ་རིང་དབང་རྒྱལ།
    དེ་ནས་བཟུང་སྟེ་ལོ་ངོ་བཅུ་ཕྲག་གཉིས་གསུམ་ཙམ་ལ།/
    >>泽仁旺加:此后的二三十年间,/
  • ཚེ་རིང་དབང་རྒྱལ།
    བྲིས་ཀྱི་ཕྱག་ལས་བྱེད་རྒྱུ་བྱུང་ན་ཟེར་བ་དེ།/
    >>泽仁旺加:如果能从事书法工作,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ད་ལོ་ངོ་བཅུ་ཕྲག་གཉིས་གསུམ།/
    >>泽仁旺加:二三十年后,/
  • ཚེ་རིང་དབང་རྒྱལ།
    ཕལ་ཆེར་ལོ་སུམ་ཅུ་ཡས་མས་ཤིག་ལ།/
    >>泽仁旺加:大约三十年。/
  • ཚེ་རིང་དབང་རྒྱལ།
    དེ་ནས་བྲིས་ཀྱི་ཕྱག་ལས་བྱེད་དགོས་པ་རེད་མ་གཏོགས།/
    >>泽仁旺加:要长期从事书法工作,/
  • ཚེ་རིང་དབང་རྒྱལ།
    དེ་ནས་གྲུབ་འབྲས་ཆེན་པོ་ཟེར་བ་དེ་ཐོབ་ནི་མ་རེད།/
    >>泽仁旺加:不然不会获得什么成就。/
  • ཚེ་རིང་དབང་རྒྱལ།
    དེ་ལྟར་བྱུང་ན།/
    >>泽仁旺加:如果这样,/
  • ཚེ་རིང་དབང་རྒྱལ།
    དེ་ནས་རང་ངོས་ནས་བྲིས་ཀྱི་བྱང་ཚད་མཐོ་རུ་བྱོན་པ་དང་།/
    >>泽仁旺加:那么书法的熟练程度会提高。/
  • ཚེ་རིང་དབང་རྒྱལ།
    དེ་ནས་འབྲི་བའི་སྐབས་སུ་ལའང་།/
    >>泽仁旺加:然后再书写时,/
  • ཚེ་རིང་དབང་རྒྱལ།
    མགྱོགས་པ་འབྲི་བ་དང་ག་ལེར་འབྲི་བ་གཉིས།/
    >>泽仁旺加:无论速度快与慢,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡག་བཙོག་གི་ཆ་ནས་འདྲ་སྙོམས་པོ་ཞིག་བྱུང་ན།/
    >>泽仁旺加:所写的字体都是相当的。/
  • ཚེ་རིང་དབང་རྒྱལ།
    བྲིས་ཀྱི་བྱང་ཚད་ཟེར་བ།/
    >>泽仁旺加:这样就很均衡。/
  • ཚེ་རིང་དབང་རྒྱལ།
    ད་དེ་འདྲ་ཞིག་ལ་ངོས་བཟུང་དགོས་པ་རེད་བསམ་བྱེད་ཅིག་རེད།/
    >>泽仁旺加:字的熟练程度,是指这样的一种状态。/
  • ཚེ་རིང་དབང་རྒྱལ།
    ག་ལེར་བྲི་ན་འདྲ།མགྱོགས་པར་བྲི་ན་འདྲ།/
    >>泽仁旺加:无论写得慢或者快,/
  • ཚེ་རིང་དབང་རྒྱལ།
    ཐམས་ཅད་ཀྱི་ཐོག་ནས་དེ་ནས་ཡག་པོ་བྱུང་བཞག་ན།/
    >>泽仁旺加:如果能够取得这样的成果,/
  • ཚེ་རིང་དབང་རྒྱལ།
    ད་བྲིས་ཀྱི་བྱང་ཚད་ཅེས་པ་དེ་དེ་འདྲ་ཞིག་ལ་ངོས་བཟུང་དགོས་ནི་རེད།/
    >>泽仁旺加:那么,所谓书法技艺也就是这样。/
  • ཚེ་རིང་དབང་རྒྱལ།
    ད་དྲུག་པ་དེ་དག་གི་ངག་རྒྱུན་ནམ་ཡིག་གཟུགས་ཀྱི་མ་ཕྱི་དག་ལ་བསྟུན་ཞིང་།/
    >>泽仁旺加:第六点就是,依照传统的字帖。/
  • ཚེ་རིང་དབང་རྒྱལ།
    འབད་བརྩོན་གང་ལེགས་བསྐྲུན་ན།/
    >>泽仁旺加:自己加以锻造。/
  • ཚེ་རིང་དབང་རྒྱལ།
    བོད་ཀྱི་སྐད་ཡིག་ཉིད་གཅིག་གྱུར་ཡོང་ཐུབ་པ་མ་ཟད།/
    >>泽仁旺加:不仅促进藏族语言文字统一,/
  • ཚེ་རིང་དབང་རྒྱལ།
    དེ་ནི་བོད་ཀྱི་སྲིད་དཔལ་རིག་གསུམ་གྱི་རྨང་གཞི་གཙོ་བོའང་ཡིན་ཞིང་།/
    >>泽仁旺加:也是藏族政治、经济和文化的基础。/
  • ཚེ་རིང་དབང་རྒྱལ།
    ཆོས་ཀུན་དཀོན་མཆོག་གི་དོན་ཡང་ཡི་གེ་ཁོ་ན་ལས་གཞི་མེད་དེ།/
    >>泽仁旺加:所谓的法宝也是基于文字的,/
  • ཚེ་རིང་དབང་རྒྱལ།
    མཁས་པ་རྣམས་ཀྱིས་བྲིས་ནི་ཡོན་ཏན་ཀུན་གྱིས་གཞི་རྩ་ཡིན་ཞེས།/
    >>泽仁旺加:智者们都说,文字是一切知识的根本。/
  • ཚེ་རིང་དབང་རྒྱལ།
    གལ་ཆེན་ནན་ཏན་གྱིས་སྒོ་ནས་ཡང་ཡང་གསུངས་པར་གྲགས།/
    >>泽仁旺加:曾有多次仔细地教导,/
  • ཚེ་རིང་དབང་རྒྱལ།
    ཡ།ད་ང་རང་གི་ལྟ་ཚུལ་ཞིག་དེ་ཡིན།/
    >>泽仁旺加:这是我的观点。/
  • ཚེ་རིང་དབང་རྒྱལ།
    ཡ།དེ་དག་ཡིག་མཁན་དག་གི་ངག་རྒྱུན་ཟེར་ནི་ཡིནའང་།/
    >>泽仁旺加:无论是各位书法家的传承,/
  • ཚེ་རིང་དབང་རྒྱལ།
    ཡི་གཟུགས་ཀྱི་མ་ཕྱི་ཟེར་བ་དེ་མ་དཔེ་ལ་ཟེར་ནི་རེད།/
    >>泽仁旺加:还是字帖模板,/
  • ཚེ་རིང་དབང་རྒྱལ།
    མ་ཕྱི་དག་ལ་དཔེ་བྱེད་ནས།/
    >>泽仁旺加:依照字帖,/
  • ཚེ་རིང་དབང་རྒྱལ།
    དེ་ནས་འབད་པ་དང་བརྩོན་འགྲུས་གང་ལེགས་བྱུང་ན།/
    >>泽仁旺加:自己加强努力练习,/
  • ཚེ་རིང་དབང་རྒྱལ།
    དེ་ནས་བོད་ཀྱི་སྐད་ཡིག་ཉིད་གཅིག་གྱུར་ཡོང་ཐུབ་པ་མ་ཟད།/
    >>泽仁旺加:有益于藏族语言文化的统一。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེར་དགེ་མཚན་ཅི་ཡོད་ནི་རེད་ཟེར་ན།/
    >>泽仁旺加:有什么样的意义呢?/
  • ཚེ་རིང་དབང་རྒྱལ།
    བོད་ཀྱི་སྐད་ཡིག་ཉིད་གཅིག་གྱུར་ཡོང་ཐུབ་པ་མ་ཟད།/
    >>泽仁旺加:能促进语言文字的统一。/
  • ཚེ་རིང་དབང་རྒྱལ།
    འོ་ཡ་དེ་ནས་བོད་ཀྱི་དཔལ་འབྱོར།ཆབ་སྲིད།རིག་གནས།/
    >>泽仁旺加:对藏族的政治、经济、文化方面,/
  • ཚེ་རིང་དབང་རྒྱལ།
    ག་འདྲའི་ཐད་ལ་བཀོལ་ནའང་རྨང་གཞིའི་གཙོ་བོ་འདྲ་བོ་དང་།/
    >>泽仁旺加:都可运用,成为基础。/
  • ཚེ་རིང་དབང་རྒྱལ།
    ད་ཡག་པོ་ཞིག་བྱུང་ཐུབ་ནི་རེད།/
    >>泽仁旺加:很好地发展,/
  • ཚེ་རིང་དབང་རྒྱལ།
    དེ་ཡིན་པར་མ་ཟད་དེ་ནས་ང་རང་ཚོས་དཀོན་མཆོག་གསུམ་ཟེར་ནས།/
    >>泽仁旺加:不仅如此,我们所谓的三宝,/
  • ཚེ་རིང་དབང་རྒྱལ།
    དེ་ནས་སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག/
    >>泽仁旺加:佛宝、法宝、/
  • ཚེ་རིང་དབང་རྒྱལ།
    དགེ་འདུན་དཀོན་མཆོག/
    >>泽仁旺加:僧宝。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དཀོན་མཆོག་གསུམ་གྱི་ནང་ཚན་ཆོས་དཀོན་ཆོག་གི་དོན་ཡང་།/
    >>泽仁旺加:三宝之内的法宝,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཡི་གེ་ཁོ་ན་ཞིག་རེད།/
    >>泽仁旺加:就是文字。/
  • ཚེ་རིང་དབང་རྒྱལ།
    མདོར་ཚུར་བསྡུས་ན།/
    >>泽仁旺加:总而言之,/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེ་རིང་གི་ད་སྐབས་དཔེ་མཛོད་ཁང་འདིའི་ནང་ལ་གཅིག/
    >>泽仁旺加:现在这里的图书馆里,/
  • ཚེ་རིང་དབང་རྒྱལ།
    ཁྱེད་རང་རྣམ་པས་གཟིགས་དང་།/
    >>泽仁旺加:你们自己可以看。/
  • ཚེ་རིང་དབང་རྒྱལ།
    དེ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་།/
    >>泽仁旺加:有佛之所宣《甘珠尔》,/
  • ཚེ་རིང་དབང་རྒྱལ།
    རྗེས་འཇུག་མཁས་པའི་བསྟན་བཅོས་ལ་སོགས་པ་དེ་ནས།/
    >>泽仁旺加:以及追随者们所造的典籍。/
  • ཚེ་རིང་དབང་རྒྱལ།
    རི་ཡི་ཕུང་པོ་བཞིན་དུ་བརྩེགས་བཞག་པ་ཚང་མའང་།/
    >>泽仁旺加:如山般高高堆起,/
  • ཚེ་རིང་དབང་རྒྱལ།
    ད་ཆོས་དཀོན་མཆོག་གི་དོན་རེད།/
    >>泽仁旺加:这就是法宝。/
  • ཚེ་རིང་དབང་རྒྱལ།
    དེ་ལས་ལོགས་སུ་གྱུར་བའི་ཆོས་དཀོན་མཆོག་ཟེར་བ་ཁ་ཁ་ཞིག་ཡོད་ནི་མ་རེད།/
    >>泽仁旺加:除此之外并没有什么别的法宝。/
  • ཚེ་རིང་དབང་རྒྱལ།
    ཆོས་དཀོན་མཆོག་གི་དོན་ཡང་།/
    >>泽仁旺加:法宝的意义,/
  • ཚེ་རིང་དབང་རྒྱལ།
    ཡི་གེ་ཁོ་ན་ལས་གཞན་མེད་པ་ཞིག་རེད་ཟེར།/
    >>泽仁旺加:也是基于文字的。/
  • ཚེ་རིང་དབང་རྒྱལ།
    ད་མཁས་པ་རྣམས་ཀྱིས།/
    >>泽仁旺加:智者们,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ད་བྲིས་ནི་ཡོན་ཏན་ཀུན་གྱི་གཞི་རྩ་ཡིན་ཟེར་ནས།/
    >>泽仁旺加:才说文字是知识的基础。/
  • ཚེ་རིང་དབང་རྒྱལ།
    གནའ་མི་རྒན་རབས་ཟེར་ནའང་འདྲ།/
    >>泽仁旺加:是以前的老人们,/
  • ཚེ་རིང་དབང་རྒྱལ།
    ག་འདྲ་ཞིག་དེ་གཏམ་དཔེ་དེ་ད་སྐབས་གོང་དེ་ལ་ཞུས་པ་བཞིན་རེད།/
    >>泽仁旺加:所说的谚语,以上也已提到。/
  • ཚེ་རིང་དབང་རྒྱལ།
    ད་དོན་ཚན་དང་པོ་ལ་ཐོན་མི་བཀའ་དྲིན་ཅན་དེ།/
    >>泽仁旺加:首先,从大恩吐迷桑布扎,/
  • ཚེ་རིང་དབང་རྒྱལ།
    མཛུབ་བྲིས་འབྲི་སྟངས་ཆ་ཤས་ཙམ་ཞིག་འབྲི་ཉན་ལྡན་པ་དེ་ཡི་དགོས་པ་ནི།/
    >>泽仁旺加:传承而来的文字的部分写法及其目的,/
  • ཚེ་རིང་དབང་རྒྱལ།
    བོད་ཕྲུག་བློ་གསལ་དོན་གཉེར་ཅན་དག་གིས།/
    >>泽仁旺加:是为了给善慧力行的藏族青年,/
  • ཚེ་རིང་དབང་རྒྱལ།
    ཡིག་གཟུགས་སྦྱང་པ་ལ་མཁོ་བའི་དཔྱད་གཞི་ཙམ་ཞིག་འབྱུང་ན་ཅི་མ་རུང་།/
    >>泽仁旺加:学习藏文书法,提供一点参考。/
  • ཚེ་རིང་དབང་རྒྱལ།
    སྙམ་པའི་ཕན་སེམས་ཕྲན་བུའི་ཀུན་ནས་བསླངས་ཏེ།/
    >>泽仁旺加:以如此微妙的利益之心,/
  • ཚེ་རིང་དབང་རྒྱལ།
    བྲིས་པ་འདི་ཡི་བྱུང་བ་མདོར་ཙམ་བརྗོད་ན།/
    >>泽仁旺加:略述此书法传承。/
  • ཚེ་རིང་དབང་རྒྱལ།
    ཡ་ད་འདི་ལ་ཐོན་མི་བཀའ་དྲིན་ཅན་དེའི་མཛུབ་བྲིས།/
    >>泽仁旺加:此处,略述想要大恩吐迷桑布扎,/
  • ཚེ་རིང་དབང་རྒྱལ།
    ཆ་ཤས་ཙམ་ཞིག་བྲི་ཉན་འདོད་པ་འདི།/
    >>泽仁旺加:所造文字之书法的,/
  • ཚེ་རིང་དབང་རྒྱལ།
    འབྲི་དགོས་པའི་དགོས་པ་དང་རྒྱུ་མཚན་ཅི་ཡིན་ཟེར་ནི་ཡིན་ན།/
    >>泽仁旺加:目的与原因是什么呢?/
  • ཚེ་རིང་དབང་རྒྱལ།
    དེ་ནས་བོད་ཕྲུག་བློ་གསལ་དོན་གཉེར་ཅན།/
    >>泽仁旺加:那么,善慧藏族青年,/
  • ཚེ་རིང་དབང་རྒྱལ།
    ད་སྐབས་གོང་དེ་ལ་མང་པོ་ཞུས་པ་ཡིན།/
    >>泽仁旺加:以上有多次讲到,/
  • ཚེ་རིང་དབང་རྒྱལ།
    བོད་ཕྲུག་ཡིན་པ།བློ་གསལ་བ་ཡིན་པ།/
    >>泽仁旺加:是藏族青年,是善慧者。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དོན་གཉེར་དང་ལྡན་པ་ཞིག་དགོས་པ་རེད།/
    >>泽仁旺加:还要是能够身心力行者,/
  • ཚེ་རིང་དབང་རྒྱལ།
    འདིས་ཡིག་གཟུགས་སྦྱང་པ་ལ་མཁོ་བའི།/
    >>泽仁旺加:能够称为他们学习书法的,/
  • ཚེ་རིང་དབང་རྒྱལ།
    དཔྱད་གཞི་ཡིག་ཆ་ཙམ་ཞིག་འབྱུང་སོང་ན་ཅི་མ་རུང་།/
    >>泽仁旺加:参考,该多好。/
  • ཚེ་རིང་དབང་རྒྱལ།
    བསམ་པའི་ད་བསམ་བློ་དེ་ལ།/
    >>泽仁旺加:这种想法,/
  • ཚེ་རིང་དབང་རྒྱལ།
    ད་ཕན་སེམས་ཕྲན་བུ་བསམ་པའི་དོན་འདྲ་བོ་ཞིག་ཡིན་པའི་ཁུལ་རེད།/
    >>泽仁旺加:自以为是持有一点利益他者之心,/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་ཡིས་ཀུན་ནས་བསླངས་པའི་བྲིས་པ་དེ་ཡི་བྱུང་བ་མདོ་ཙམ་ཞིག་བརྗོད་ན།/
    >>泽仁旺加:那么,我自己所学的书法传承是怎样的呢?/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཕྲན་ནི་ཆུང་བའི་དུས་ནས།/
    >>泽仁旺加:我自幼时,/
  • ཚེ་རིང་དབང་རྒྱལ།
    རྨོངས་རྟུལ་ཚུབ་པོ་ངན་པ་ཞིག་ཡིན་ཞིང་།/
    >>泽仁旺加:生性愚笨。/
  • ཚེ་རིང་དབང་རྒྱལ།
    མཁས་པའི་དབང་པོ་བསོད་ནམས་རྒྱ་མཚོ་མཆོག་གི་བྲིས་ཀྱི་རྗེས་སུ་བཟུང་།/
    >>泽仁旺加:后来跟随大学者索朗嘉措学习书法,/
  • ཚེ་རིང་དབང་རྒྱལ།
    བརྩེ་བའི་ཞབས་ཀྱི་བསྐལ་བཟང་གི་གྲིབ་བསིལ་འོག/
    >>泽仁旺加:在他的慈悲的关怀下,/
  • ཚེ་རིང་དབང་རྒྱལ།
    ལོ་ངོ་དགུའི་སྟེང་ན་འབྲི་ཀློག་བསླབ་ཁུལ་བྱས་པ་ནས་བཟུང་།/
    >>泽仁旺加:九岁开始学习读写,/
  • ཚེ་རིང་དབང་རྒྱལ།
    ལོ་ངོ་ཉི་ཤུའི་བར་ཐུན་མོང་གི་རིག་གནས་སྤྱི་ལ་རྣ་ཐོས་བྱུང་བ་ནས།/
    >>泽仁旺加:直至二十岁前,学习了一般的文化课程。/
  • ཚེ་རིང་དབང་རྒྱལ།
    བགྲང་བྱ་བཅུ་ཕྲག་བཞི་ལྷག་གི་རིང་།/
    >>泽仁旺加:在四十多年间,/
  • ཚེ་རིང་དབང་རྒྱལ།
    ཡིག་གཟུགས་ལ་འབད་པ་ཅུང་ཙམ་བྱས་ཤིང་།/
    >>泽仁旺加:坚持书法学习。/
  • ཚེ་རིང་དབང་རྒྱལ།
    བྲིས་ཀྱི་སྒྱུ་རྩལ་ལ་ཆེས་དགའ་བའི་སྟབས་ཀྱིས།/
    >>泽仁旺加:因为很喜欢书法艺术,/
  • ཚེ་རིང་དབང་རྒྱལ།
    འབྲས་བུ་སྣ་ཚོགས་ཤིག་བྱུང་བས།/
    >>泽仁旺加:也产生了一些成果。/
  • ཚེ་རིང་དབང་རྒྱལ།
    གཟུ་ལྡན་དག་གིས་དཔྱད་པ་འཚལ།/
    >>泽仁旺加:还望智者们指正。/
  • ཚེ་རིང་དབང་རྒྱལ།
    ཡ།ད་དེར་མི་གོ་རྒྱུ་ཅི་ཡོད་ནི་མ་རེད།/
    >>泽仁旺加:这个容易理解,/
  • ཚེ་རིང་དབང་རྒྱལ།
    མར་ཁ་བརྡ་བྱེད་ནས་བྲིས་བཞག་ནི་རེད།/
    >>泽仁旺加:写得很通俗。/
  • ཚེ་རིང་དབང་རྒྱལ།
    མཁས་པོ་དབང་པོ་དེ་ནས་ཁོ་རང་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:那么,是该大学者,/
  • ཚེ་རིང་དབང་རྒྱལ།
    བསོད་ནམས་རྒྱ་མཚོའི་ཕྱག་རྒྱུན་གྱི་རྒྱུད་པ་ཡིན་པ་དེ།/
    >>泽仁旺加:索朗嘉措的传承者。/
  • ཚེ་རིང་དབང་རྒྱལ།
    ད་སྐབས་གོང་དེ་ལ་ཞུས་ཡོད་ལ།/
    >>泽仁旺加:以上已讲,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཕྲན་རང་ལ་ཆ་མཚུངས་ན་ཆུང་ངུའི་དུས་ལ།/
    >>泽仁旺加:那么我自己呢?/
  • ཚེ་རིང་དབང་རྒྱལ།
    རྨོངས་རྟུལ།འོ་ཡ་དེ་ནས་ཚབ་བེ་ཚུབ་བེ་འདྲ་བོ་གཅིག/
    >>泽仁旺加:从小愚笨,有点慌张。/
  • ཚེ་རིང་དབང་རྒྱལ།
    མི་གཅིག་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:是一个,怎么说呢?/
  • ཚེ་རིང་དབང་རྒྱལ།
    རྩུབ་པོ་འདྲ་བོ་དེ་འདྲ་ཞིག་ཡིན།/
    >>泽仁旺加:较调皮的孩子。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེ་དག་ཡིནའང་།/
    >>泽仁旺加:即使如此,/
  • ཚེ་རིང་དབང་རྒྱལ།
    དེ་ནས་མཁས་དབང་བསོད་ནམས་རྒྱ་མཚོ་ཁོང་གི་ཐུགས་རྗེས།/
    >>泽仁旺加:在大学者索朗嘉措的慈悲,/
  • ཚེ་རིང་དབང་རྒྱལ།
    ཐབས་ཟེར་ན།དེའི་རྗེས་སུ་བཟུང་ནས།/
    >>泽仁旺加:细心的培养下,/
  • ཚེ་རིང་དབང་རྒྱལ།
    དེ་ནས་བརྩེ་བའི་ཞབས་ཀྱིས་བྱུང་བའི་བསྐལ་བཟང་གི་གྲིས་བསིལ་འོག་དེ་ལ།/
    >>泽仁旺加:因如此慈悲的妙善机缘,/
  • ཚེ་རིང་དབང་རྒྱལ།
    ལོ་ངོ་དགུ་པའི་སྟེང་ནས་དེ་ནས་ང་རང་གིས།/
    >>泽仁旺加:从九岁开始,/
  • ཚེ་རིང་དབང་རྒྱལ།
    འབྲི་ཀློག་བསླབ་ཁུལ་བྱས་པ་ནས་བཟུང་།/
    >>泽仁旺加:学习读写,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ལོ་ངོ་ཉི་ཤུའི་བར་ལ་དེ་ནས་སུམ་རྟགས།/
    >>泽仁旺加:至二十岁前学习文法,/
  • ཚེ་རིང་དབང་རྒྱལ།
    སྙན་ངག འོ་ཡ་དེ་ལ་སོགས་པ།/
    >>泽仁旺加:诗歌等课程。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཁོ་རང་ཐུན་མོང་རིག་གནས་སྤྱི་ལ།/
    >>泽仁旺加:对一般的文化课程,/
  • ཚེ་རིང་དབང་རྒྱལ།
    རྣ་ཐོས་བྱུང་ཙམ་བྱུང་བ་ནས་དེ་ནས་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:都略有耳闻。/
  • ཚེ་རིང་དབང་རྒྱལ།
    ད་བྲིས་ཀྱི་ཕྱག་ལས་ཟེར་ན་འདྲ།/
    >>泽仁旺加:从事书法工作,/
  • ཚེ་རིང་དབང་རྒྱལ།
    ལག་ལེན་ཟེར་ན་འདྲ།/
    >>泽仁旺加:或者说实践,/
  • ཚེ་རིང་དབང་རྒྱལ།
    ད་འདི་འདྲ་ཞིག་ཁོ་རང་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:怎么说呢?/
  • ཚེ་རིང་དབང་རྒྱལ།
    བགྲང་བྱ་དེ་ནས་བཞི་བཅུ་ལྷག་ལ།/
    >>泽仁旺加:学习了四十多年,/
  • ཚེ་རིང་དབང་རྒྱལ།
    ཡིག་གཟུགས་ལ་འབད་པ་འདྲ་བོ་བཟོ་ཁུལ་བྱེད་པ་ཞིག་རེད།/
    >>泽仁旺加:一直以来勤于书法。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།ད་དེ་དག་ཡིནའང་།/
    >>泽仁旺加:即使如此,/
  • ཚེ་རིང་དབང་རྒྱལ།
    བྲིས་ཀྱི་གཞི་རྩ་ཟེར་བ་དེ་ནི་དེ་ནས།/
    >>泽仁旺加:书法的根本,/
  • ཚེ་རིང་དབང་རྒྱལ།
    ཞུས་པ་ནང་བཞིན་ཤིན་ཏུ་ནས་ཀྱང་དཀའ་མོ་ཞིག་རེད་མ་གཏོགས།/
    >>泽仁旺加:如上所述,也是非常奥妙的,/
  • ཚེ་རིང་དབང་རྒྱལ།
    ལས་སླ་པོ་ཞིག་གི་དོན་དག་ཅིག་མ་རེད།/
    >>泽仁旺加:并不是易事。/
  • ཚེ་རིང་དབང་རྒྱལ།
    དེ་དག་ཡིན་ཙང་འདི་འགྲིག་དང་མི་འགྲིག་གི་དེ་ནས།/
    >>泽仁旺加:如此,不说是与否。/
  • ཚེ་རིང་དབང་རྒྱལ།
    ཁོ་རང་ཅི་ཟེར་དགོས་ནི་རེད།/
    >>泽仁旺加:怎么说呢?/
  • ཚེ་རིང་དབང་རྒྱལ།
    དོན་དག་དང་གནས་ལུགས་རྒྱུ་མཚན་མང་པོ་ཞིག་ཡོད་པ་ཡིན་ཙང་།/
    >>泽仁旺加:因为还有很多原因及因素,/
  • ཚེ་རིང་དབང་རྒྱལ།
    དེ་ནས་བློ་གཟུ་བོ་ལ་གནས་པ།/
    >>泽仁旺加:所以各位善慧者,/
  • ཚེ་རིང་དབང་རྒྱལ།
    གཟུར་ལྡན་དག་གིས་དེ་ནས་འདིར་དཔྱད་པ་འཚལ་ཟེར་ནས་དེ་འདྲ་ཞིག་རེད།/
    >>泽仁旺加:善慧者们可以对此进行指正。/
  • ཚེ་རིང་དབང་རྒྱལ།
    ལེགས་བཤད་ཀྱི་ཆ་ཅུང་ཙམ་མཆིས་ན།/
    >>泽仁旺加:如果略有嘉言,/
  • ཚེ་རིང་དབང་རྒྱལ།
    དམ་པ་དེ་ཉིད་ཀྱི་མཛུབ་མོའི་སྡེ་བ་ལས་བྱུང་བའི།/
    >>泽仁旺加:由此圣贤所授之传承。/
  • ཚེ་རིང་དབང་རྒྱལ།
    སྒྱུ་རྩལ་གྱི་ཁྱད་ཆོས་ཆ་ཤས་ཤིག་ཡིན་པས་ན།/
    >>泽仁旺加:将其中技艺的一部分。/
  • ཚེ་རིང་དབང་རྒྱལ།
    ཐོག་མར་དགོས་མཁོ་དངོས་དང་བསྟུན་ནས།/
    >>泽仁旺加:首先根据需要,/
  • ཚེ་རིང་དབང་རྒྱལ།
    བློ་གསལ་དོན་གཉེར་ཅན་རྣམས་ལ།/
    >>泽仁旺加:对善慧力行者们,/
  • ཚེ་རིང་དབང་རྒྱལ།
    དབུ་ཅན་དང་དབུ་མེད་འབྲི་ཚུལ་གྱི་འཐེན་ཆ་རེ་རེ།/
    >>泽仁旺加:将乌坚体与乌梅体的笔顺,/
  • ཚེ་རིང་དབང་རྒྱལ།
    བཞིན་དུ་ངོ་སྤྲོད་ཞུའོ་ཟེར་ནས།/
    >>泽仁旺加:一一介绍。/
  • ཚེ་རིང་དབང་རྒྱལ།
    ད་དེར་ལེགས་པར་བཤད་པའི་ཆ་ཅུང་ཙམ་ཞིག་ཡོད་ན།/
    >>泽仁旺加:如果,此处略有嘉言,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ད་དམ་པ་དེ་ཉིད་ཟེར་བ།/
    >>泽仁旺加:那么该圣贤者,/
  • ཚེ་རིང་དབང་རྒྱལ།
    ང་རང་གི་དགེ་རྒན་དམ་པ་དེ་ཉིད་ཀྱི།/
    >>泽仁旺加:由我的老师,/
  • ཚེ་རིང་དབང་རྒྱལ།
    མཛུབ་མོ་སྡེ་བས་ལས་བྱུང་བའི་སྒྱུ་རྩལ་གྱི་ཁྱད་ཆོས།/
    >>泽仁旺加:所传来的技艺,/
  • ཚེ་རིང་དབང་རྒྱལ།
    ཆ་ཤས་ཙམ་ཞིག་ཡིན་པས་ན།/
    >>泽仁旺加:一部分。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཐོག་མར་དགོས་མཁོ་དངོས་དང་བསྟུན་པའི་དེ་ནས།/
    >>泽仁旺加:先要根据需要,/
  • ཚེ་རིང་དབང་རྒྱལ།
    བོད་ཕྲུག་བློ་གསལ་གཞོན་ནུ་དོན་གཉེར་ཅན་རྣམས་ལ།/
    >>泽仁旺加:对善慧力行的藏族青年,/
  • ཚེ་རིང་དབང་རྒྱལ།
    དབུ་ཅན་དང་དབུ་མེད་འབྲི་ཚུལ་གྱི་འཐེན་ཆ་རེ་རེ་བཞིན་དུ།/
    >>泽仁旺加:将乌坚体与乌梅体的笔顺,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ངོ་སྤྲོད་ཞུའོ་ཟེར་བ་དེ་ཞུ་བསྡད་ནི་དེ་ངོ་སྤྲོད་ཅེས་པ་ཞིག་རེད།/
    >>泽仁旺加:一一予以介绍,/
  • ཚེ་རིང་དབང་རྒྱལ།
    དེ་གཅིག་རེད།/
    >>泽仁旺加:这是一点。/
  • ཚེ་རིང་དབང་རྒྱལ།
    དེ་ནས་ཁྱད་པར་དུ་ལ་ད་རེས་འདིའི་ང་ཚོ་ཡིག་གཟུགས་ཀྱི་རྒྱུད་པ།/
    >>泽仁旺加:这里尤其谈到了书法的传承,/
  • ཚེ་རིང་དབང་རྒྱལ།
    ད་རུང་དེ་མི་ཡིན་པང་ཕྲན་བུ་ཞིག/
    >>泽仁旺加:以及另外的一点。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེའང་ཧ་ལམ་མདོར་བསྡུས་ཤིག་ཞུས་ན།/
    >>泽仁旺加:那么,总体而言的话,/
  • ཚེ་རིང་དབང་རྒྱལ།
    རྒྱུད་པ་དེ་ང་ཚོ་གལ་ཆེན་པོ་ཞིག་ཡི་ཙང་།/
    >>泽仁旺加:传承是很重要的,/
  • ཚེ་རིང་དབང་རྒྱལ།
    དེ་ནས་འདིར་ཡིན་གཅིག་མིན་གཅིག་ཞུ་དགོས་པའི་དཀའ་གནད་ཅིག་རེད།/
    >>泽仁旺加:这是此处一定要介绍的重点。/
  • ཚེ་རིང་དབང་རྒྱལ།
    ད་འདི་ལ་ག་འདྲ་ཞིག་ཞུ་དགོས་རེད།/
    >>泽仁旺加:这个怎么说呢?/
  • ཚེ་རིང་དབང་རྒྱལ།
    འདི་ལ།ང་རང་གི་ལཉཛའི་སློབ་དཔོན་ཐོག་མ་གང་ཡིན་ཟེར་ན།/
    >>泽仁旺加:我的第一位兰杂体的老师是谁呢?/
  • ཚེ་རིང་དབང་རྒྱལ།
    ནོར་རྒྱལ་ཞེས་པ་དེའི་སྐུ་མདུན་ནས།/
    >>泽仁旺加:是在诺嘉老师座前,/
  • ཚེ་རིང་དབང་རྒྱལ།
    ལཉཛ་དེ་དེར་ཐོག་མ་སྦྱངས་མྱོང་།/
    >>泽仁旺加:初次学习了兰杂体。/
  • ཚེ་རིང་དབང་རྒྱལ།
    འོ་ཡ།དེའི་རྗེས་སུ་མཁན་རིན་པོ་ཆེ་མཆོག་སྤྲུལ་རྡོར་ལོ་ཟེར།/
    >>泽仁旺加:此后,在大堪布多洛转世者,/
  • ཚེ་རིང་དབང་རྒྱལ།
    དམུ་དགེ་བསམ་གཏན་གྱི་སློབ་མ།/
    >>泽仁旺加:是毛儿盖·三木旦的学生,/
  • ཚེ་རིང་དབང་རྒྱལ།
    ཨང་དང་པོ་ནང་གི་དང་པོ་གཅིག/
    >>泽仁旺加:其中的佼佼者,/
  • ཚེ་རིང་དབང་རྒྱལ།
    རྗེ་བཙུན་ཏ་ར་ན་ཐ་མིའི་གཟུགས་སུ་བྱོན་པའི་སྤྲུལ་སྐུ་ཆེན་པོ་ཞིག་རེད།/
    >>泽仁旺加:被认为是至尊达罗娜塔的转世,/
  • ཚེ་རིང་དབང་རྒྱལ།
    སྤྲུལ་སྐུ་ཡག་པོ་གང་མི་ཟད།/
    >>泽仁旺加:很好的转世者。/
  • ཚེ་རིང་དབང་རྒྱལ།
    ད་སྐབས་ལ་ད་རུང་ཞལ་བཞུགས་ཡོད་པ་ཞིག་རེད།/
    >>泽仁旺加:至今依然健在。/
  • ཚེ་རིང་དབང་རྒྱལ།
    བེ་རིའི་སྒྲུབ་ཕུག་ཟེར་བ་དེར་བཞུགས་ཡོད་པ་ཞིག་རེད།/
    >>泽仁旺加:长期在白利修行窟。/
  • ཚེ་རིང་དབང་རྒྱལ།
    ཁོང་གི་སྐུ་མདུན་ནས།/
    >>泽仁旺加:在其座前,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ལཉཛ་དང་།དབུ་མེད་སུག་རིང་གི་རྒྱུད་པ་གཅིག/
    >>泽仁旺加:接受了兰杂体和长脚乌梅体的传承。/
  • ཚེ་རིང་དབང་རྒྱལ།
    དེ་ནས་དེའི་རྗེས་སུ།/
    >>泽仁旺加:在此之后,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ལྔ་རིག་སྨྲ་བའི་ཉིན་བྱེད།/
    >>泽仁旺加:在五明大班智达,/
  • ཚེ་རིང་དབང་རྒྱལ།
    མཁན་ཆེན་པད་མ་ཚེ་དབང་ལྷུན་གྲུབ་ཟེར་ནས།
    >>泽仁旺加:在大堪布泽旺楞驻,/
  • ཚེ་རིང་དབང་རྒྱལ།
    དེ་ནས་ད་ད་སྐབས་བབཞུགས་ཡོད་པ་མ་རེད།/
    >>泽仁旺加:如今已经不在了,/
  • ཚེ་རིང་དབང་རྒྱལ།
    ཁོང་དག་པའི་ཞིང་ལ་གཤེགས་ཚར་བ་ཞིག་རེད།/
    >>泽仁旺加:已经逝世了。/
  • ཚེ་རིང་དབང་རྒྱལ།
    ཁོང་ནི་དེ་ནས་གནས་ལྔ་རིག་པའི་པཎྜིཏ་ཆེན་པོ་ཞིག་རེད།/
    >>泽仁旺加:他是一位精通五明的班智达,/