Skip to main content Skip to search
06 Jan 2016
7 min 47 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Kesang from Garu Village in Chentsa singing a song called "The Beneficence of My Horse." This song is part of a collection of folk songs from the Rebgong cultural area.

འདི་ནི་བཀའ་དྲིན་རྗེས་སུ་དྲན་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་རྐང་ཐང་ལ་སོང་བས་འདོ་རིགས་རྟ་བོའི་དྲིན་ལན་ཤེས་པ་དང་ཇ་ནག་པོ་འཐུང་བས་ཐུལ་དཀར་འབྲུ་མོའི་བཀའ་དྲིན་ཤེས་པ།   རང་ཉིད་ལོ་ན་ཚོད་རྒས་ནས་སྐྲ་དཀར་པོར་གྱུར་དུས་དྲིན་ཕ་མའི་བཀའ་དྲིན་ཤེས་པ་དང་དྲིན་ཆེན་ཨ་མ་དྲིན་ནས་རྒྱང་འབོད་བྱས་ཏེ་སེམས་ཀྱི་གདུང་བ་མཚོན་པའི་གླུ་ཞིག་རེད།

Transcript search
No results found for this search
0 of 0
  • ༼ཡེ་་་་ལོངས་ཡེ་་་ལ་མོ་་་ཉོན་འདྲ་ཡང་། རང་ཕྱོགས་་་ན་ཟླས་གསོན་འདྲ་ཡང་།
  • ངའི་འདོ་རིགས་རྟ་བོའི་དྲིན་ལན༼ཡེ་གསོན་འདྲ་ཡང༽འདི། །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • རྐང་ཐང་ལ་མ་ལྷུང་ཤེས༼ཡེ་གསོན་འདྲ་ཡང༽ཀི། །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • རྐང་ཐང་ལ་ལྷུང་ན་ཤེས༼ཡེ་གསོན་འདྲ་ཡང༽ཀི །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • ངའི་འདོ་རིགས་རྟ་བོ་གང་ན༼ཡེ་གསོན་འདྲ་ཡང༽ཡོད། །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • ངའི་ཐུལ་དཀར་འབྲི་མོའི་དྲིན་ལན༼ཡེ་གསོན་འདྲ་ཡང༽འདི། །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • ཇ་ནག་པོ་མ་འཐུང་མི་ཤེས༼ཡེ་གསོན་འདྲ་ཡང༽ཀི །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • ཇ་ནག་པོ་འཐུང་ན་ཤེས༼ཡེ་གསོན་འདྲ་ཡང༽ཀི །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • ངའི་ཐུལ་དཀར་འབྲི་མོ་གང་ན༼ཡེ་གསོན་འདྲ་ཡང༽ཡོད། །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • ངའི་དྲིན་ཆེན་ཨ་མའི་དྲིན་ལན༼ཡེ་གསོན་འདྲ་ཡང༽འདི། །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • སྐྲ་དཀར་པོར་མ་ལོག་མི་ཤེས༼ཡེ་གསོན་འདྲ་ཡང༽ཀི །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • སྐྲ་དཀར་པོར་ལོག་ན་ཤེས༼ཡེ་གསོན་འདྲ་ཡང༽ཀི །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • ངའི་དྲིན་ཆེན་ཨ་མ་གང་ན༼ཡེ་གསོན་འདྲ་ཡང༽ཡོད། །༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽
  • གླུ་ཤེས་ནི་མིན་ཡང་དགའ་ནི༼ཡེ་གསོན་འདྲ་ཡང༽ཡིན། ༼ཨ་ལོངས་ལ་མོ་གསོན་འདྲ་ཡང་ཡེ་ལེན་དགོ༽