Skip to main content Skip to search
05 Jan 2016
2 min 10 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing "Beneath the Roof of a Tibetan Monastery." This song is part of a collection of folk songs from the Rebgong cultural area.

འདི་ནི་རང་གི་རྩ་བའི་བླ་མ་དང་གཞི་བདག    དྲིན་ཆེན་གྱི་ཕ་མ་བཅས་ལ་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་འདུ་ཁང་ནང་དུ་གསེར་གྱི་ལེར་བཞུགས་པའི་བླ་མ་ལ་ཕྱག་འཚལ་ཏེ་ཚེ་འདི་ཕྱིའི་སྐྱིད་སྡུག་བཅོལ་བ་དང་།  ལབ་ཙེ་དཀར་པོའི་ཐོང་འོག་ན་བཞུགས་པའི་གཞི་བདག་ལ་ཀི་བསོ་ལྷ་རྒྱལ་འཐེན་ཏེ་ཚེ་འདིའི་བུ་རྟའི་ཁ་ལས་བཅོལ་བ།   རྭ་ཐང་སྨུག་ནང་བཞུགས་པའི་དྲིན་ཆེན་གྱི་ཕ་མའི་ཁ་ལེན་ཚིག་བརྩི་བྱེད་དགོས་པ་བརྗོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ༼ ཡེ་་་་་ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • སྟོད་དབུས་གཙང་འདུ་ཁང་ཁྱམས་འོག་ན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གསལ་གྱི་ལེར་བཞུགས་ནོ་བླ་མ་རེད།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • མགོ་སྒུར་ཕྱག་གསུམ་གན་ན་འཚལ།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • ཚེ་ཕྱི་མའི་སྐྱིད་སྡུག་བཅོལ་ས་རེད།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • ལབ་ཙེ་དཀར་པོའི་ཐོང་འོག་ན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • སྨུག་སེང་ངེ་ཡོད་ནོ་གཞི་བདག་རེད།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • ཀི་ཐོབ་བ་ལྷ་རྒྱལ་གན་ན་འཐེན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • ཚེ་འདི་ཡི་བུ་རྟའི་ཁ་ལེན་རེད།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • རྭ་མཐིང་སྨུག་གཞལ་ཡས་གུར་ནང་ན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • མགོ་སེར་མདའ་འཕང་ནོ་ཕ་མ་རེད།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • ཡར་ཁ་ལེན་ཚིག་བརྩི་གན་ན་བྱོས།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • ཆུང་ལོ་གསུམ་སྟེང་ནས་གཉོར་ནོ་རེད།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གླུ་ཤེས་ནི་མིན་ར་དགའ་ནི་ཡིན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽