Skip to main content Skip to search
06 Jan 2016
5 min 11 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Kelsang Kyi from Nyinshuk Township in Chentsa singing a song called "Be Kind to Your Family." This song is part of a collection of folk songs from the Rebgong cultural area.

འདི་ནི་གཉེན་སྟོན་གྱི་སྐབས་སུ་ཨ་ཞང་རྣམ་པས་རང་གི་བུ་མོ་བསྟོད་ཞོར་དུ་བཅོལ་གདམས་བྱས་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་གཉེན་སྟོན་གྱི་སྐབས་སུ་རང་གི་བུ་མོ་གནས་ལ་སློང་མཁན་མང་ཚུལ་དང་སྐྱེས་གྱ་ནོམ་པ་བྱིན་ཡང་གཞན་ལ་མ་བྱིན་པར་ཁྱེད་ཚང་ལ་བྱིན་པས་དགའ་སྤྲོ་སྐྱེས་དགོས་པ་དང་རྗེས་ཕྱོགས་བུ་མོ་ལ་ཤ་ཚ་སྙིང་ཉེ་བྱེད་དགོས་ཚུལ་ཤུགས་ནས་བསྟན་ཡོད།

Transcript search
No results found for this search
0 of 0
  • ༼ཨོ་ཡེ་་་ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • འདི་དུང་གི་ལུང་བ་ཆ་གཅིག་ན།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • ངེད་ཀི་བུ་མོ་དུང་མོ་མཚོ།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • ཕྱོགས་ཡར་གྱིས་བསླང་ནས་མར་གྱིས་བསླང་།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • དུང་གི་ལུ་གུ་ཆ་གཅིག་བྱིན།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • འདི་ལ་མ་བྱིན་ཁྱེད་ལ་བྱིན།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • ཁྱོད་ཨ་ཞང་དགའ་ནི་སྤྲོ་ནི་བྱོས།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • ཁྱིམ་བཟའ་ཚང་འགྲིན་ནི་མཐུན་ནི་བྱོས།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • ཡང་ངེད་ཀི་བུ་མོ་གསེར་མོ་མཚོ།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • ཕྱོགས་ཡར་གྱིས་བསླང་ནས་མར་གྱིས་བསླང་།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • འདི་ལ་མ་བྱིན་ཁྱེད་ལ་བྱིན།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • ཁྱེད་ཨ་ཞང་དགའ་ནི་སྤྲོ་ནི་བྱོས།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • ཁྱིམ་བཟའ་ཚང་འགྲིན་ནི་མཐུན་ནི་བྱོས། ༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽
  • གླུ་ཤེས་ཁུལ་བྱེད་ལ་དགོད་ཁ་སློང་།།༼ཞང་ང་ཡ་རེ་ལ་མོ་་་ལྡོང་ང་ཡ་རེ་ལེན་ན༽