Skip to main content Skip to search
07 Sep 2018
5 min 15 sec
Samten Yeshi
Video Overview
Creators: 
Duptho, Sonam Chophel

Nima Dema and her friends from Borongmang village in Sakteng Gewog (county) in Trashigang Dzongkhag (district), sing a Boedra song called "Kesangla". The lyrics of the song glorify an auspicious arrow called "Tshedar" (long life banner/arrow) or ritual arrow with five colors, used in Buddhist ritual ceremonies as it confers longevity in one's life. The arrow is compared with several other auspicious objects such as a prayer flag, a sacred tree called "Lha Shing", etc. Hence the sacred arrow was recorded and glorified in the song.

༉  བཀྲིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ བོ་རང་མང་གཡུས་ཚན་ལས་ ཉི་མ་སྒྲོལ་མ་དང་ཆ་རོགས་ཚུ་གིས་ བོད་སྒྲའི་གླུ་གཞས་སྨྱུག་མ་སྨྱུག་ཤིང་ཟེར་མི་ཅིག་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ནང་ སྨྱུག་མ་འདི་ མཚན་ལྡན་བླ་མའི་སྨྱུག་མ་ཟེར་ སྨྱུག་མ་འདི་གིས་ ཚེ་མདའ་ལ་སོགས་པ་ཆོས་པའི་ཆས་ལེ་ཤ་ཅིག་བཟོ་བཏུབ་དོ་ཡོདཔ་ལས་ བླ་མའི་སྨྱུག་མ་ཟེར་བཞག་བཞགཔ་ཨིན་པས། སྤྱིར་བཏང་ ཚེ་བསྲིང་ནི་གི་དོན་ལས་ཚེ་ཆོག་བཏང་ ཚེ་དབང་གནང་བའི་སྐབས་སུ་ལག་ལེན་འཐབ་དོ་ཡོད་པའི་ཅ་ཆས་ཅིག་ཨིན། གླུ་གཞས་འདི་ནང་ སྨྱུག་མ་འདི་དར་ཤིང་དང་ལྷ་ཤིང་ དེ་ལས་གཞན་ཡང་ བཀྲ་ཤིས་པའི་བྱིན་ཅན་གྱི་དངོས་པོ་ཚུ་བཟོ་སྟེ་ལག་ལེན་འཐབ་བཏུབ་དོ་ཡོདཔ་ལས་ སྨྱུག་མ་འདི་ལུ་བསྟོད་པ་རྐྱབ་སྟེ་འཐེནམ་ཨིན་མས།

Transcript search
No results found for this search
0 of 0
  • ཉི་མ་སྒྲོལ་མ་དང་ཆ་རོགས་ཚུ་
    སྐལ་བཟང་ལ། སྨྱུག་མ་ནི་ སྨྱུག་ཤིང་ལ་སོ། །(ཡ་ལ་) ཚེ་རིང་རྣམས་ཀྱི་སྨྱུག་མ་སོང། །(ཡ་ལ་) ཚེ་རིང་རྣམས་ཀྱི་སྨྱུག་མ་སོང། །
  • ཉི་མ་སྒྲོལ་མ་དང་ཆ་རོགས་ཚུ་
    སྐལ་བཟང་ལ། སྨྱུག་མ་ནི་ སྣ་ལ་སྐྱེས་ལ། །(ཡ་ལ་) དར་ཤིང་ནི་ཕྱར་བ་འདྲ་ལ་(ནི་)སོང། །(ཡ་ལ་) དར་ཤིང་ནི་ཕྱར་བ་འདྲ་ལ་(ནི་)སོང། །
  • ཉི་མ་སྒྲོལ་མ་དང་ཆ་རོགས་ཚུ་
    སྐལ་བཟང་ལ། སྨྱུག་མ་ནི་ ལྟོང་མ་དཀྱི་ལ། །(ཡ་ལ་) རྒྱ་(མདའ་)་ལ་ལྟོང་སྐུད་འདྲ་ལ་(ནི་)སོང། །(ཡ་ལ་) རྒྱ་(མདའ་)་ལ་ལྟོང་སྐུད་འདྲ་ལ་(ནི)སོང། །
  • ཉི་མ་སྒྲོལ་མ་དང་ཆ་རོགས་ཚུ་
    སྐལ་བཟང་ལ། སྨྱུག་མ་ནི་ (ལ་) སྐྱེས་ལ། །(ཡ་ལ་) ཆོས་ཀྱི་(ནི་)ལྷ་ཤིང་འདྲ་ལ་(ནི་)སོང། །(ཡ་ལ་) ཆོས་ཀྱི་(ནི་)ལྷ་ཤིང་འདྲ་ལ་(ནི་)སོང། །
  • ཉི་མ་སྒྲོལ་མ་དང་ཆ་རོགས་ཚུ་
    སྐལ་བཟང་ལ། སྨྱུག་མ་ནི་ ཚེ་ལ་འདི་ལ། །ཡ་ལ་ བླ་མའི་དམ་ཚིག་འདྲ་ལ་(ནི་)སོང་། །ཡ་ལ་ བླ་མའི་དམ་ཚིག་འདྲ་ལ་(ནི་)སོང་། །
  • ཉི་མ་སྒྲོལ་མ་དང་ཆ་རོགས་ཚུ་
    སྐལ་བཟང་ལ། སྨྱུག་མ་ནི་ ཡར་ལ་སྐྱེས་ལ། །(ཡ་ལ་) གུར་ཤིང་ནི་སྤུབ་པ་་འདྲ་ལ་(ནི་)སོང། །(ཡ་ལ་) གུར་ཤིང་ནི་སྤུབ་པ་་འདྲ་ལ་(ནི་)སོང། །