Skip to main content Skip to search
25 Aug 2018
1 min 2 sec
Ariana Maki
Video Overview
Creators: 
Dawa Tshering, Tseten Tshering

Rinchen from Bongo Gewog (county) in Chukha district, recites two different ballads of a type that are used to open a recitation, especially when one wants to start an enmity ballad with another person. During the old days people would recite ballads while working in the field or during their leisure time. People with intelligent speaking skills compose their own ballads according to whatever situation they're in and they choose this as their means of communicating their thoughts and feelings. They insult, express love and sadness through ballads. The ballads can be short or long but it is not sung with tunes like tsangmo (a folk literary composition popular in central and eastern Bhutan). Hence depending on the people who recite it, they make their own tune as per their accents. Ballads are widely practiced in the eastern parts of the country.

 

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་ཨམ་རིན་ཆེན་གྱི་ བློ་ཟེ་ཁ་མ་འདྲཝ་གཉིས་སྦེ་འགྱུ་ནི་འདུག འདི་བཟུམ་མའི་བློ་ཟེ་འདི་ བློ་ཟེ་མ་འགྱུ་བའི་ཧེ་མ་འགྱུཝ་ཨིནམ་དང་ ལྷག་པར་དུ་ མི་གཞན་དང་གཅིག་ཁར་ སྡངས་སེམས་དང་ ཡང་ན་དགྲ་བློ་འདི་འགོ་མ་བཙུགས་པའི་ཧེ་མར་འགྱུཝ་ཨིན་མས། མི་ཚུ་གིས་ ཁོང་ར་ཞིང་ནང་ལུ་ལཱ་འབད་སྡོདཔགོ་་ད་དང་ དལ་ཁོམས་ཡོདཔ་ད་ལུ བློ་ཟེ་འགྱུཝ་ཨིན་མས། མི་བློ་རིག་ཅན་ཚུ་གི་ གནས་སྟངས་དང་འཁྲིལ་སྟེ་ ཁོ་རའི་ཚོར་བ་ཚུ་བཤད་ནིའི་དོན་ལུ་ ཁོང་ར་ཚུ་གིས་བློ་ཟེ་རྩམ་དོ་ཡོདཔ་ཨིན། མི་གཞན་ཚུ་ དམའ་ཕབ་རྐྱབ་ནི་དང་ ཤིང་གཏམ་བཤད་ནི་ དེ་ལས་ འཁྲུལ་སྣང་ཚུ་ བློ་ཟེའི་ཐོག་ལས་སྟོནམ་ཨིན་མས། བློ་ཟེ་འདི རྩང་མོའི་གདངས་དབྱངས་བཟུས་འཐེན་ནི་མེད་རུང་ རིང་ཐུང་ག་བཟུམ་ཅིག་འབད་རུང་བཏུབ་ཨིན། དེ་འབདཝ་ལས་ བློ་ཟེ་འགྱུ་མི་རང་སོའི་དང་འདོད་དང་འཁྲིལ་སྟེ་འགྱུཝ་ཨིན་མས། བློ་ཟེ་འགཡུ་ནིའི་སྲོལ་འདི་ མང་ཆེ་ཤོས་ཅིག་ ཤར་ཕྱོགས་ཀྱི་གཡུས་སྒོ་ཚུ་ནང་ལག་ལེན་འཐབ་ཨིན། 

 

Transcript search
No results found for this search
0 of 0
  • རིན་ཆེན་ Rinchen
    བློ་ཟེ་བློ་ཟེ་མ་ཟེར། །བློ་ཟེ་ཆུ་མོའི་བ་ག །ཆུམོ་བ་ག་རྩ་བར་མ་སྦྱར། །རྡོ་ནག་པའི་རྟས་ཐག་བརྡུང་འོང་། །ཟེར་འ་ནཱི་སྦེ་ཞུ་ནི་སྦེ་ཨིན།
    I will not compare my ballads and if I compare it, it is like that of babble of the river. Don't go near that bubble otherwise you will be beaten by the black stone.
  • རིན་ཆེན་ Rinchen
    བྱག་ཕ་གི་ལོགས་ལུ་སྦྱང་ཅིག་འདུག་ལོ། །མངར་སྦྱང་ལེན་པའི་སྦྱངམ་འདུག་ལོ། །ཁ་མདུང་རྐྱབ་པའི་སྦྱང་ཅིག་འདུག་ལོ། །འདི་མདུང་འདི་ང་ཚར་གཅིག་སྤོག་བལྟ་གེ་མནོ་ཡི།། །།
    There is a honey with no sweet on the other side of the cliff, but there is a sting which will going to swell up my mouth and that sting I will find it.