Skip to main content Skip to search
15 Dec 2011
2 min 53 sec
David Germano
Video Overview
Creators: 
Unknown

Trashi Norbu and Kelzang Püntsok talk about their relationships with women while drinking tea in a Barkor tea house.

བཀྲ་ཤིས་ནོར་བུ་དང་སྐལ་བཟང་ཕུན་ཚོགས་གཉིས་ཀྱིས་བུད་མེད་སྐོར་ལ་གླེང་བ།

Transcript search
No results found for this search
0 of 0
  • ཁ་སང་གི་དེ་གང་འདྲ་འདུག
    How is she, the girl you met yesterday?
  • འ་ཨང་། ཁ་སང་གི་དེ་མདོག་ཉེ་པོ་རྒྱོའོ་འདུག་ག
    Oh, no! She is so ugly.
  • ཨཱ།
    Really?
  • མདོག་ཉེ་པོ་ཞེ་པོ་འདུག་སྤོ། གཟུགས་པོ་ནི་བརྒྱགས་པ་ཞིག་འདུག་ཕར། ཨཱ་ཡོ་བྱེད་མཁན་མི་འདུག འདི་འདྲས་འཁྲིད་ཡོང་བྱས་ག་རེ་བྱེད་ཀ་རང་། རང་མིག་གང་འདྲ་སེ་ལྟ་གི་ཡོད།
    Oh my god! She is so fat. Why did you bring her? Is there something wrong with your eyes?
  • ཨཱ་ནི་དགའ་རོགས་རག་གི་མི་འདུག་ཟེར་སྔས་ལ།
    You told me that you couldn't find a lover.
  • ཁ་སང་ངའི་རྩར་ལ་སྡུག་བསྔལ་བགྲངས་ཀྱི་འདུག
    And that day you shared me all your sorrows.
  • ལྟ་སྤོའོ། ལྷ་ས་བུ་མོ་འདི་ཤག་སྙིང་རྗེ་རུ་ཞེ་པོ་ཕྱིན་ཡོག་རེད། བུ་མོ་སྙིང་རྗེ་པོ་ཏོབ་ནག་དེ་གས་ག་པར་ཕྱིན་པ་རེད་ཨཱ།
    Friend, these days there are a lot of beautiful girls in Lhasa. Where are they now?
  • མིན་འདུག་འ་ཨང་མང་ཆས། འོ་ད་ལྟ་ཁ་སང་འདི་ནས་ཁ་ཤས་ཤིག་ཡོང་གི་ཡོག་རེད་གང་ཟེར་ཁོང་ཚོའི་ཟློས་གར་འཁྲབ་མཁན་ཁ་ཤས་ཤིག་ལྟ་བསླབ་གྲྭ་ཐོན་བྱས་ཡར་ཡོང་གི་འདུག་ག
    Most of them are taken. I heard that a group of graduated theatrical performers is returning home. My sister is one among them.
  • འོ།
    Okay.
  • འོ་དེའི་ནང་ང་ཚོའོ་འོག་མ་ཁོང་ཚོ་ཡོག་རེད། ངས་འོག་མ་ལ་གཅིག་འཁྲིད་ཤོག་ལག་གཱ
    Should I ask my sister to introduce one to you?
  • ལ་ཨང་། ཟློས་གར་འཁྲབ་མཁན་མ་དགོས། ཟློས་གར་འཁྲབ་མཁན་མ་དགོས་སྤོའོ།
    I don't want a performer.
  • འོ།
    Why?
  • ཟློས་གར་འཁྲབ་མཁན་ངས་ཡོང་པ་མིན་འདུག རྟག་པར་རེ་ཞིག་ཕྱི་ལོགས་ལ་ཕྱིན་བྱས་ཡོང་གི་མ་རེད། རྗེས་མ་ཆང་ས་རྒྱག་ཡག་མ་རེད།
    A performer is not compatible for me. She will always go out for performances, and marriage won't be possible.
  • འ་ཨང་ཨེ་འདྲས་ཟེར་ཡག་ཡོག་མ་རེད། རྒྱང་རྩེ་ནས་མནའ་མ་ཞིག་ལེན་ཀ རྒྱང་རྩེའི་བུ་མོ་ཡག་པོ་ཡོག་རེད་ཟེར།
    You can't say like that. Should I bring one bride from Gyantsé? I heard that girls from that region are good.
  • འདི་ལས་ངས་ཁ་སང་ངས་གཅིག་མཐོང་བྱུང་། བུ་མོ་གཟུགས་བྱད་ཡག་པོ་རྒྱོའོ་འདུག་སྤོའོ།
    Besides them, I saw a girl yesterday. She is gorgeous.
  • འོ།
    Okay.
  • སྙིང་རྗེ་པོ་ཞེ་པོ་འདུག
    She is stunning.
  • ཨཱ་ནི།
    Then?
  • ཕལ་ཆེར་སོ་སོས་ངོ་ཤེས་ཀྱི་ཡོག་རེད།
    Maybe you know her.
  • འོ།
    Really?
  • ཁ་སིང་རང་གི་སྤུན་གཅིག་མཉམ་དུ་བསྡད་ཤག འདི་སྤོའོ་སྐད་ཆ་གཅིག་དྲིས་བྱས་འཁྲིད་ཤོག་དང་། སྙིང་རྗེ་པོ་རྒྱོའོ་འདུག སྤོའོ།
    I saw her with your relative. Can you please inquire about her? She is so charming.
  • འ་ཛིའི་ཨཱ་ནི་སྤུན་སྐྱ་གི་དགའ་རོགས་ཡིན་ན་ག་རེ་བྱེད་དགོས་ཀྱི་རེད།
    What if she is my relative's girlfriend?
  • འ་ཨང་། བུ་མོའི་རོགས་པ་རེད་ཤག སྤོའོ།
    No, she is your sister's friend.
  • ཨེ་འདྲས་འདྲ་མིན་འདྲ་ཞེ་དྲགས་འཁྲིད་ན་ཡང་མིན་འདི་པ་ལ་ཁོང་ཚོས་དགའ་རོགས་ཡོད་ཟེར་འདྲ་བཤད་ན་ང་ཚོ་ངོ་ཚ་སྐྱེལ་གྱི་རེད།
    I don't want to be humiliated by bringing someone who already has a boyfriend.
  • འ་ཨང་། ཨཱ་ལའི་སྐད་ཆ་ཞིག་དྲིས་དང་།
    No. You just inquire first.
  • མ་རེད། ངས་སྐད་ཆ་ཡག་པོ་ཞིག་དྲིས་གོ
    It is not like that, I will do a thorough inquiry about her.
  • ཨོ་གོ
    Okay?
  • འོ།
    Yes.
  • ལྟ་གཅིག་བྱེད་དགའ་རོགས་ར་ཅིག་འཚོལ་བྱེད་ན་མ་གཏོགས།
    Do something about your relationship. Find a lover.
  • རང་འཚོལ་རྩིས་མེད་པས།
    You don't want to look for one?
  • ང་ཏིག་ཙམ་བཙལ་གྱི་མིན།
    Not for a while.
  • ངས་རང་བུ་མོ་སྙིང་རྗེ་པོ་ཞིག་ཅད་ཧྲོག་(Ch.介绍)བྱེད་དགོས་པས།
    Do you want me introduce you to a beautiful girl?
  • འ་ཨང་། ལྟ་སྙིང་རྗེ་པོ་ཡོད་ན་རང་སོ་སོར་སྔས་ལ་འདི་བྱེད་ཤིག
    No. If she is beautiful, you should try yourself first.
  • ཧ་ཧ་ཧ་་་ ང་ལྟ་ཡོང་གི་མི་འདུག ཧ་ཧ་ཧ་
    Hahaha... I am incapable. Hahaha
  • ཨཱ།
    What?
  • ང་ལྟ་ཡོང་གི་མི་འདུག་བྱས།
    I am incapable.
  • ཨཱ། ལྟ་ད་ལྟའི་འདི་ཟ་ཁང་ནང་བུ་མོ་འདི་ཡག་པོ་ཞིག་འདུག་ག
    The one who is working in this restaurant looks good.
  • ག་གི
    Which one?
  • ད་ལྟའི་འདི།
    The one we just met.
  • འདུག་བྱས་ཙང་།
    She is good.
  • ཨཱ།
    What?
  • དགོས་པས།
    Do you like her?
  • ངར་མི་དགོས་ཀུ་ཅི། རང་ལ་འདི་བྱེད།
    Thanks, I don't want her. She is suitable for you.
  • འ་ལྟ་བྲེལ་བ་མི་འདུག
    I am not in a hurry.
  • ཨཱ་ལས་སྤོའོ་བྱེད་མ་གཞི་ལོ་ཡེ་པར་སླེབས་ཀྱི་ཡོག་མ་རེད་པས། སྙིང་རྗེ་པོ་ཞིག་འདུག ངས་མར་སྐད་གཏོང་ཀ
    Friend, do something. Isn't that you have come to marriageable age? She is charming. Should I ask her for you?
  • ཨེ་འདྲས་སྐད་མ་གཏོང་། ཡག་པོ་ཡོག་མ་རེད། ཀུ་ཅི། ཨ་འདྲས་མ་བྱེད།
    Please don't do that. It's not nice.
  • དངོས་གནས་གཅིག་བྱེད་རན་རྩིས་རེད། ལྟ་ལས་ཀ་ནི་གང་ག་བསྒྲུབས་པ་རེད། ལས་ཁུངས་ནང་ལ་ལྟ་གནང་དག་ཁོ་ན་ཡོག་མ་རེད། ལྟ་དེ་ལས་དགའ་རོགས་སྒང་ལ་བསམ་བློ་མ་བཏང་ན་གང་འདྲ་བྱེད་དགོས་ཀྱི་རེད།
    Now it is time for you to do something. You have finished all your works. Your job is secure in your work unit. Now focus on finding a partner. Isn't so?
  • ལྟ་བུ་མོ་ཡག་གི་སེ་མི་འདུག་གཱ
    Now there are hardly any beautiful girls left.
  • ཨཱ།
    What?
  • སྙིང་རྗེ་པོ་ཨེ་འདྲས་ཐུག་གི་མི་འདུག
    I couldn’t find one.
  • སྙིང་རྗེ་པོ་ཡོད་ནའི་ཡང་སྡུག་ཅག་ཞེ་པོ་ཨེ་འདྲས་ཡོག་རེད་དཱ་རྦད་དེ་འཁྱམ་ཁྱི་ཞེ་པོ་ཨེ་འདྲས་རག་ཅིང་ག་རེད་བྱེད་དགོས་རེད་ཡང་།
    Even if you get a beautiful girl, what if she likes to go out a lot?
  • ཨོའོ།
    Ah.
  • གདོང་ལ་བལྟས་བྱས་འཚོ་བ་སྐྱེལ་ཡག་མེད་པ།
    Beauty is only skin deep.
  • དེར་སྔོན་ལ་སྙིང་རྗེ་པོ་ལྟ་དགོས་ཀྱི་རེད། དེ་ནས་ཡར་གཤིས་ཀ་བལྟས།
    First look at the appearance, then assess the personality.
  • གང་ག་ཡོད་པ་ཨེ་འདྲས་རག་གི་མ་རེད། ལྟ་དེ་ཤག་ཁག་པོ་རེད།
    It is really hard to find a complete package these days.
  • སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་ལྟོས་དང་།
    Just look at society and where it is heading now.
  • ཨཱ་ནི་དེ་ཤག་ཕྱི་ལོགས་ལ་འཁྱམས་མཁན་གང་ག་ནི་བུ་མོ་རེད་ཤག
    These days, the girls are the ones who go out a lot.
  • བུ་ནི་འཁྱམས་ག་འགྲོ་གི་མིན་འདུག
    Not the boys.
  • ཇ་གང་ཞིག་སྟེར་དང་།
    Can I have another cup of tea, please?
  • འོ་ཨོ།
    Okay.
  • རེད་པ། འདུག་སེ་བྱས་ན་ཏིག་ཙམ་དགའ་བ་ཡོག་རེད།
    Right? Better to do like that.