Skip to main content Skip to search
15 Dec 2011
2 min 37 sec
David Germano
Video Overview
Creators: 
Unknown

A couple owes a lot of money to someone who they have heard is in town and hence want to avoid. Then a phone call comes from that person, and the husband makes his wife answer it when he recognizes the number on his cellular phone.

Transcript search
No results found for this search
0 of 0
  • ནང་གི་པ་ཕ།
    Husband.
  • འོ།
    Yes.
  • འདི་སླེབས་འདུག ཨམ་མདོའི་འདི་ཡོད་པ་ང་གཉིས་དངུལ་སྤྲད་ས་འདི་ཡོད་པ།
    Our creditor, the one from Amdo, is here in the city.
  • སུ།
    Who?
  • ཨཱ་་་འདི་གང་ཟེར་ཧུན་པིང་།
    Ah...Hunbing.
  • ཧུན་པིང་ཟེར་ཡག་དེ་ཨས།Hunbing!
  • འོ།
    Yes.
  • འ་ཛི་ཡིན་གྱི་མ་རེད།
    Oh no! Are you sure?
  • ལྟ་དཀོན་མཆོག་གང་འདྲ་བྱེད་དགོས་ཀྱི་རེད།
    Oh God! What are we going to do now?
  • ལྟ་གང་འདྲ་བྱེད་གཱ
    What should we do now?
  • ལྟ་རངགི་ལབ་ན་གང་འདྲ་བྱེད་ཀ ངས་པར་ཙམ་ཐོན་ཕྱིན་ཀ
    You tell me what are we going to do? Should I hide from him for a while?
  • ཐོན་ཡག་ཡོག་མ་རེད་བྱས། ཁོང་ཚོ་ཡོག་རེད་པ་ང་གཉིས་མ་བྱས་ནང་ལའང་འཚལ་ཀ་འགྲོ་ནན་རེད་ཤག
    You can't leave now. They are looking for us everywhere. And they are coming to our home also.
  • འདི་སྤོའོ་ཁ་པར་ཨང་གྲངས་མ་རེད་པས།
    Is this his phone number?
  • རེད་ཤག དེ་ཨམ་མདོའི་ཁ་པར་རེད་ཤག
    Yes. the number is from Amdo.
  • གང་འདྲ་ལབ་གཱ་ལྟ། གང་འདྲ་ལབ་གཱ
    What are we going to say now?
  • ལྟ་རང་གིས་གཅིག་ལབ་དང་།
    You answer the call.
  • ཨཱ་ཙི་ང་ལབ་ཤེས་པ་མི་འདུག སོ་སོས་ལབ།
    Oh no! I don't know what to say. You answer him.
  • ངས་ལབ་ན་ཡོང་གི་མ་རེད། བསྡད་ཤག་བསམ་གྱི་རེད།
    I can't answer it. He might think that I am at home.
  • ཡཱ། སོ་སོས་ལབ་དང་།
    Here, answer it now.
  • ལྟ་གང་འདྲ་ལབ་དགོས་ཀྱི་རེད། དངུལ་ནི་སྤྲད་ཡག་ཡོག་མ་རེད།
    What am I suppose to tell him? We don't have money to give him.
  • གང་འདྲ་ལབ་ནའི་ཁྱད་མི་འདུག
    Tell him whatever you like.
  • ཨཱ་ཙི། ལྟ་དངུལ་གཅིག་གཡར་བྱས་ཐབས་ཤེས་བྱེད་ཀོ་ཟེར་ན།
    Oh, how about telling him that we will borrow money from somebody else and give it to him?
  • འང་་་་ ལྟ་འོ་འདུག་སེ་ལབ་རྒྱུ་རེད་ཨཱ་ལེ། མ་རེད་པས།
    Ah... That's all we can tell him now. Isn't it so?
  • འོ།
    Okay.
  • ཨཱ་ལེ་སོ་སོས་ཁ་པར་ཅེ་(接)དང་།
    You answer the call first.
  • ལྦ་ཡེ། འོ་བདེ་སྐྱིད་ལགས་ཡིན། ཨོའོ་རྡོ་རྗེ་ལགས་བཞུགས་མེད། འོ་ཨོ། ལྟ་དགོངས་པ་ཁྱོན་ན་མ་ཚོམས། ལྟ་ང་རང་གང་མགྱོགས་མགྱོགས་ཐབས་ཤེས་བྱས་རྗེས་ཕུལ་གྱི་ཡིན།
    Hello! Yes, I am Dékyi. Dorjé is not at home. We are deeply sorry for the money we owe you. We will return them as soon as possible.
  • ལྟ་ཨམ་་་ལམ་སང་། ལོའོ་ལོའོ་ལོའོ། ཁྲི་གཉིས་ལགས། ཁྲི་གཉིས་ཏིག་ཙམ་ཐོན་ས་མ་རེད།
    Um... Immediately? Yes, yes, yes. Twenty thousand? We don't have that sum right now.
  • ཁྲི་གཅིག་ཙམ་ཞིག ལོའོ། ང་རང་ཐབས་ཤེས།
    How about ten thousand first? Yes. I will try my best.
  • ལགས། ལོའོ། ཁྲི་གཅིག་ཐབས་ཤེས་བྱས་སང་ཉིན་དེ་བར་ཐབས་ཤེས་བྱེད་ཀ་འགྲོ་གི་ཡིན།
    What? Yes. Tomorrow we will try to get ten thousand first.
  • ལོའོ་ལོའོ་ལོའོ། ལཱ་སེ། ལཱ་སེ། ཞལ་པར་ཕུལ་གྱི་ཡིན། ག་གེར་བཞུགས་ཀྱི་ཡོད་ནཱ།
    Ok. Ok. Ok. Yes. Yes. Where are you living now?
  • ཨཱ་ལས། ལཱ་སེ། དབྱར་སྐྱིད་མགྲོན་ཁང་ལ། ལཱ་སེ་ལཱ་སེ་ལཱ་སེ། ཨཱ་ནི་ངས་རྡོ་རྗེ་ལགས་ཕེབས་ན་བཀའ་མོལ་འདི་ཞུས་ཆོག
    I see. Okay. At Yarkyi Hotel? Ok. Ok. Ok. I will tell Dorjé.
  • ལོའོ། ལོའོ། ལོའོ། ཨཱ་ནི་ཞུགས་གོ
    Ok. Ok. Ok. Goodbye.
  • མ་རེད། ཁྲི་གཉིས་ཙམ་ལམ་སེང་དགོས་ཟེར། ཨཱ་ནི་སྔོན་ལ་ཁྲི་གཅིག་ལས་ཕུལ་ཐུབ་པ་མི་འདུག་ཞུས་པ་ཡིན། ལྟ་གང་འདྲ་བྱེད། རང་གི་ནང་ལ་ཕྱིན་པ་ལགས་དང་ཨ་མ་ལགས་གཅིག་ཞུས། ཁྲི་གཅིག་གཡར་དང་ཞུས།
    He wants twenty thousand immediately. I told him that we would give him ten thousand first. What are we going to do now? Go to your parents and borrow ten thousand from them.
  • ལྟ་ཁྱེད་རང་རེད། ཏག་པར་རེ་ཞིག་མ་ཅང་སྐྱོན་ཆེན་པོ་དེ་འདྲ་མ་སྐྱོན་ཟེར་ནཱ། ལ་ཡོག་མ་རེད།
    It is your fault. Always playing mahjong and betting big.
  • རང་ནི།
    Do not be like that.
  • ལྟ་ང་ལ་ཐབས་ཤེས་ག་རེད་ཡོག་རེད། ཁྱེད་རང་མ་ཅང་ཕྱི་པོ་དེ་འདྲ་སྐྱོན། ངར་ཐབས་ཤེས་གང་ཡོད། ཁྲི་གཉིས་རེད་དཱ།
    What can I do? You are gambling late at night. It's your fault. It's no small sum.
  • ཁྱེད་རང་གྲོགས་པོ་འདི་གཅིག་མེད་པས། རྡོ་རྗེ་ལགས་ཟེར་ཡག་དེ། དེ་ཚོང་པ་མ་རེད་པས།
    How about your friend Dorjé, the businessman?
  • འོ་རེད། སྤོའོ་ལ་ངས་ཁྲི་གཅིག་ཙམ་ཞིག་ལབ་གཱ་ཕྱིན་གཱ
    Right. I will borrow ten thousand from him. What do you think?
  • མ་རེད། ལྟ་ལམ་སེང་གཡར་གྱི་མ་རེད། གཏེ་མ་བཞག་དགོས་ཀྱི་རེད། དེ་ཤག་དངུལ་གཡར་ཡག་ལ་ལས་སླ་པོ་འདི་འདྲ་ག་པར་ཡོག་རེད།
    No. He won't lend you just like that. You need something as security.
  • གཏེ་མ་བཞག་ཡག་གང་ཡང་མིན་འདུག
    I don't have any.
  • ཨཱ་ནི་ང་རའི་རྒྱན་ཆ་ཕ་གིར་གཏེ་མ་བཞག་རྒྱུ་རེད།
    Then the only solution is to leave my jewelry as security.
  • འོ་རེད། སོ་སོའི་རྒྱན་ཆ་འདི་གས་བཞག་ན།
    Right. We can use your jewelry.
  • རྒྱན་ཆ་གང་ག་བཞག་ཡག་ཡོག་མ་རེད་དཱ། ཁྱེད་རང་ཨེ་འདྲས་རེད། དངུལ་བྱུང་ན་རྒྱན་ཆ་ལ་ལྟ་ལགས། མ་རེད། གསེར་གྱི་སྒྲོག་གདུབ་དེ་དང་སྐེ་ཕྲུག་དེ་བཞག ཁོ་ཁྲི་གཅིག་མན་ཙམ་གནས་ཀྱི་རེད།
    We can't leave all of them as security. Use the gold bracelet and necklace. Together they are worth about ten thousand.
  • འོ་རེད།
    Right.
  • ཀུ་ཅི་སང་ཉིན་ཁྲི་གཅིག་གཡར་དང་ལབ། ཁོ་རང་ལ་ཁྲི་གཅིག་ག་ལེར་ག་ལེར་བསམ་བློ་བཏང་ན།
    Plead him and tell him that we need to borrow ten thousand from him. Later we can think of the remaining sum.
  • འོ་རེད། ཏག་ཏག་རེད།
    Right. That's perfect.
  • འོ་འདུག་སེ་གནང་ན། ལྟ་རྗེས་མ་གཟབ་གཟབ་གནང་ལ་མ་ཅང་ལྟ་མ་སྐྱོན།
    So let's do it like that. Don't play mahjong anymore.
  • ལྟ་སྔས་ལ་གཅིག་འཚལ་ག་ཕྱིན་ག
    I will go and look for him now.
  • འོ་རེད། ཏག་ཏག་རེད།
    Okay.