Skip to main content Skip to search
01 Sep 2018
4 min 6 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Sangay Chozom sings an Ausa song, similar to the Alo song she performed but with different lyrics. This song is sung when people feel alone and sad. It wishes for the spiritual master Ugyen Guru to appear from Ngayabling and to help the singer. The song is common in the Yangtse valley.

ཨམ་སངས་རྒྱས་ཀྱི འཐེན་ཏེ་ཡོད་པའི་གླུ་གཞས་ ཨཝ་ས་དང་ཨ་ལོ་གླུ་གཞས་དེ་ ཅོག་འཐདཔ་ཨིན་རུང་ ཚིག་སོ་སོ་ཡོདཔ་ཨིན་མས། ལས་རྒྱུ་འབྲས་དང་སྡུག་བསྔལ་ལུ་བལྟ་སྟེ་ རང་བཞིན་གྱི་གླུ་གཞས་དེ་ འཐེན་འགྱོཝ་མས་ཟེར་ཨིན་མས། གླུ་གཞས་དེ་ རང་རྐྱངམ་ཅིག་ སེམས་སྐྱོ་དེ་ སྡོདཔ་ད་ལུ་ འཐེན་དོ་ཡོདཔ་ཨིན་མས།གླུ་གཞས་དེ་ འཐེན་པའི་སྐབས་ལུ་ ཁོང་གིས་སེམས་ཁར་ལུ་ཨོ་རྒྱན་གུ་རུ་ རྔ་ཡབ་གླིང་ལས་ འབྱོན་པའི་རྣ་བ་་ཤར་དོ་ ཡོདཔ་སིན་མས།དོ་རུང་ཁོང་གིས་ སེམས་ཁ་ལུ་ཡང་ ལཱ་ག་ཅི་ར་འབད་རུང་ གུ་རུ་གྱི་ སྐྱབས་མཛད་དོ་འོང་ མནོ་བའི་རེ་བ་སྐྱེད་དོ་ ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨ་ལོ་ལ་མི་གཏང་ཟེར་ན། །ཨའེ་ད་ནི་ལས་དང་ལ་སྐྱོ་མོས་ལ་མ་ཉན། ། ཨ་ལོ་མི་གཏང་ཟེརན། །ཨའེ་ད་ལས་དང་སྐྱོ་མོས་མ་བཏུབ། །
    Thought of not singing Alo Song, but fate and sorrowness compelled me to sing now.
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་བླ་མ་ཨོ་རྒྱན་གུ་རུ། །ཨའེ་ད་ནི་རྔ་ཡབ་ལ་གླིང་ལས་ཐོན་དེ། ། ཨའེ་བླ་མ་ཨོ་རྒྱན་གུ་རུ། །ཨའེ་ད་རྔ་ཡབ་གླིང་ལས་ཐོན་ཏེ། །
    Alas! Spiritual Master Ugyen, now appear from your abot Ngyab Ling
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་དམ་ཆོས་ལ་གསེར་གྱི་པོ་ཏི། །ཨའེ་ད་ནི་ང་ལ་སྲུང་འཁོར་ལ་བཞག་ཤིག ། ཨའེ་དམ་ཆོས་གསེར་གྱི་པོ་ཏི། །ཨའེ་ད་ང་ལུ་སྲུང་འཁོར་སྦེ་བཞག་གནང་། །
    And keep your golden spiritual volume to guide me.
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་ཚོང་དཔོན་ལ་ནོར་བུ་བཟང་པོ། །ཨའེ་ད་ནི་མི་ཡི་ལུངམ་པ་ལ་ཐོན་དེ། ། ཨའེ་ཚོང་དཔོན་ནོར་བུ་བཟང་པོ། །ཨའེ་ད་མི་ཡི་ལུངམ་པ་ཐོན་ཏེ། །
    Alas! The trader Norbu Zangpo, now arise from the human village
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་གཡུ་དང་ལ་བྱུ་རུ་མུ་ཏིག །ཨའེ་ད་ནི་ང་ལ་ལ་སྲུང་འཁོར་ལ་བཞག་ཤིག། །། ཨའེ་གཡུ་དང་བྱུ་རུ་མི་ཏིག །ཨའེ་ད་ང་ལུ་སྲུང་འཁོར་བཞག་སྦེ་གནང་།། །།
    And now keep your turquise, coral and pearl to guide me