Skip to main content Skip to search
15 Feb 2017
2 min 35 sec
Rinchen Dorji
Video Overview
Creators: 
Dawa Tshering, Thinley Dorji

འབྱུང་རབས་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ ཞབས་དྲུག་རིན་པོ་ཆེ་མཆོག་གིས་ རྫོང་གཞི་འགོ་ཐོག་དང་པ་འདི་ སེམས་རྟོགས་ཁ་རྫོང་བཞེངས་གནང་ཡོདཔ་ད་ འབྲུག་ལུ་ ཁྱིམ་གྱི་ རྟེན་འབྲེལ་རབ་གནས་་གནང་ནི་གི་ ལམ་སྲོལ་དང་པ་ འ་ནཱ་ལས་ཚུར་ དར་ཁྱབ་འབྱུང་བྱུམ་ཨིན་འོང་ནི་མས། ཨིན་རུང་ རྟེན་འབྲེལ་བརྩི་ནི་གི་ ལམ་ལུགས་འདི་ འབྲུག་རྒྱལ་ཁབ་ནང་  དུས་རབས་ལེ་ཤ་ཅིག་གི་ ཧེ་མ་ལས་་ཡོདཔ་ཨིན་པས།  ད་རེས་ནངས་པ་ ལམ་སྲོལ་འདི་ ཁྲོམ་ཁར་ གནམ་མེད་ས་མེད ཡོངས་གྲགས་མེད་རུང་ གཡུས་སྒོ་ཚུ་ནང་ལས་ཕར་ མ་ཉམས་པར་འདུག། གསར་འགྱུར་གྱི་དུས་དང་བསྟུན་ དང་ཕུགས་བཟུམ་སྦེ་ ད་རེས་ནངས་པ ལམ་སྲོལ་འདི་ལུ་ གནམ་མེད་ས་མེད་ གལ་ཆེ་ཏོག་ཏོ་སྦེ་ མི་བརྩི་དོ་ཡོདཔ་ལས་ ཡལ་འགྱོ་བའི་ཉེན་ཁ་འདུག། འ་ནཱི་ ལྕམ་སྒང་གཡུས་ཚན་ནང་ ཁྱིམ་རབ་གནས་ཀྱི་སྐབས་སུ་ཨིནམ་ད་ ཏེ་ཆོ་གའི་ཚིག་བྲིས་བྲིསཝ་དང་འཁྲིལ་བ་ཅིན་ ཁོང་གིས་ དང་པ་ར་ ལྷ་བསངས་བཏང་ཞིནམ་ལས་ ས་སླངས་རྟེན་འབྲེལ་བརྩི་ནི་ འདི་ལས་ སྤག་འཆམ་ནིའི་རྟེན་འབྲེལ་ནང་ གཡུས་ཁའི་ཨམ་སྲུ་ཚུ་གིས་ བཅའ་མར་གཏོགསཔ་ཨིན་པས། དེ་བསྒང་ ཁོང་ཆ་ཁྱབ་ཀྱིས་ ཤིང་གི་ལྟིར་ཤིང་རེ་འབག་སྟེ་ ཞབས་བྲོ་འཐེན་ཏེ་ སྤག་འཆམ་ཨིནམ་ད་ ལས་རིམ་འདིའི་ཤུལ་ལས་ ཁྱིམ་གྱི་ཇོ་བདག་གི་ གཉེན་ཉེའུ་དང་ ཁྱིང་ཚང་ཆ་ཁྱབ་ལུ་ རང་ལུགས་བང་ཅུང་ནང་ ལྟོ་དང་ ཇ་འདི་ཚུ་འབག་བྱིནམ་ཨིན་པས། ཏེ་ཁྱིམ་གྱི་རྟེན་འབྲེལ་བརྩི་སར་ ཇ་ཆང་ཟེར་ ལྟོ་དང་ཇ་འདི་ རྟེན་འབྲེལ་བརྩི་སྲུང་གི་སྐབས་སུ་ གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོ་ཨིན་པས། 

 

Transcript search
No results found for this search
0 of 0
  • དཀོན་མཆོག་རིན་ཆེན Kencho Rinchen
    ད་ ང་བཅས་ར་ ཁྱིམ་འདི་རྐྱབ་པའི་སྐབས་འདི་ནང་ལུ་ ཏེ་དང་པ་དང་པ་འདི་ ང་བཅས་ར་ ག་ཅི་འབད་དགོཔ་ཟེར་འབད་བ་ཅིན་ ཏེ་རྩིསཔ་མཁས་མཆོག་འདི་ཚུ་གིས་ ཏེ་ང་བཅས་ར་ གཟའ་སྐར་བརྩི་ནི་གི་དོན་དག་ལུ་ ཏེ་རྩིས་འདི་ཚུ་ མ་བཏུབ་བཏུབ་སྦེ་གནང་ བལྟ་གནང་།
  • དཀོན་མཆོག་རིན་ཆེན Kencho Rinchen
    དེ་ལས་ འདི་ནང་ལུ་ ང་བཅས་ར་གི་ ཏེ་ད་ གཟའ་སྐར་འདི་ ག་དེ་སྦེ་ཡོདཔ་ཨིན་ན། ས་འདི་ཚུ་ ག་དེ་སྦེ་ ལྷང་དགོཔ་ཨིན་ན། ཏེ་འདི་ཚུ་ག་ར་ རྩིས་པའི་གི་ རྩིས་ནང་གི་ལམ་ལུགས་དང་འཁྲིལ་ཞིནམ་ལས་ ང་བཅས་ར་གིས་ས་འདི་ཚུ་ ཏེ་ལྷང་ དེ་ལས་ས་དེ་ཚུ་ལྷང་ཚར་བའི་མཐའ་མ་ལུ།
  • དཀོན་མཆོག་རིན་ཆེན Kencho Rinchen
    དེ་ལས་ ང་བཅས་ར་ འདི་ནང་ལུ་ ད་ གཟའ་སྐར་ དེ་ལས་གི་ ཁྱིམ་གྱི་འགྱམ་བཙུགས་ནི་གི་དོན་དུ་ལུ་ ཏེ་ང་བཅས་ར་ ད་རུང་ཡང་ རྩིས་སོ་སོ་འབད་ གཟའ་སྐར་སོ་སོ་འབད་བལྟ་སྦེ་ འབད་བའི་ཤུལ་ལས་གི་ ཏེ་ང་བཅས་ར་ ཁྱིམ་མའི་འགྱམ་འདི་ ཏེ་འ་ནཱ་ལས་ཕར་འབད་ ཏེ་བཙུགསཔ་ཨིན་ ཟེར་ཞུ་ནི།
  • དཀོན་མཆོག་རིན་ཆེན Kencho Rinchen
    ཏེ་འ་ནཱི་ འགྱམ་བཙུགས་པའི་གནས་སྐབས་འདི་ནང་ལུ་ ག་ཅིམ་ཟེར་འབད་བ་ཅིན་ ང་བཅས་ར་ འགྱམ་འདི་ ཁོ་སོ་སོ་འབད་གཟའ་སྐར་བརྩིས་ཏེ་སྦེ་ འབད་དགོ་མི་འདི་ ག་ཅིམ་ཟེར་ འབད་བ་ཅིན་ ད་ཁོ་ གཙོ་བོ་ མར་འགོ་བཙུགས་པའི་ཉིནམ་ལས་འགོ་བཟུང་སྟེ་འབད་དེ་ ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ལུ་ ཁོ་ཡུན་དུ་གནས་ནི་གི་དོན་དག་ལུ་ ཏེ་ཁོ་ལུ་ ཏེ་ད་གཟའ་སྐར་རྩིས་ཏེ་སྦེ་ ཏེ་མ་བཏུབ་བཏུབ་སྦེ་འབད་དགོ་མི་འདི་ དོན་དག་འདི་ འདི་ཨིན་ ཟེར་ཞུ་ནི་ཨིན།
  • དཀོན་མཆོག་རིན་ཆེན Kencho Rinchen
    ད་འ་ནཱི་ ག་ཅིམ་ཟེར་འབད་བ་ཅིན་ ང་བཅས་ར་ རྩིསཔ་འདི་གིས་ གཟའ་སྐར་འ་ནཱི་སྦེ་ཡོད། འ་ནཱེ་སྦེ་ཨིན་ཟེར་ ཁོ་ཏེ་ཉིནམ་ལེགས་ཤོམ་ཕུན་སུམ་ཚོགས་པའི་ཉིནམ་འདི་ལུ་ གཟའ་སྐར་རྩིས་ཏེ་སྦེ་ བཙུགས་སྦེ་འབད་བའི་ཤུལ་ལས་ ཏེ་དེ་ལས་གི་ ད་འགྱམ་འདི་ནཱེ་སྦེ་བཙུགས།
  • དཀོན་མཆོག་རིན་ཆེན Kencho Rinchen
    དེ་ལས་ཀྱི་ ད་གཉིས་པ་སོངམ་ད་ལུ་ ཏེ་དེ་ལས་ཀྱི་ འ་ནཱི་ ད་ཡར་ཤིང་གི་ རྩིགཔ་འདི་རྐྱབ་ རྩིགཔ་འདི་ ཡར་ཁྱིམ་འདི་ ང་བཅས་ར་ སྦོམ་ཆུང་ས་གོ་ ག་དེམ་ཅིག་ནང་ལྷོདཔ་ཨིན་ན་ འ་ནཱི་ཀྲིག་ཀྲིག་སྦེ་ ལྷོད་པའི་བསྒང་ལས་ ཏེ་དེ་ལས་ཀྱི་ ཏེ་ང་བཅས་ར་ ཤིང་གི་ལཱ་ཨིན་ཟེར་ ཞུ་ནི་ཨིན།
  • དཀོན་མཆོག་རིན་ཆེན Kencho Rinchen
    ད་ ཤིང་གི་ལཱ་འདི་གི་ཐད་ཁར་ལྷོདཔ་ད་ལུ་ ད་དང་པ་དང་པ་ར་ ང་བཅས་ར་ མ་པ་འདི་ ཏེ་ད་ཤིང་གི་ལཱ་འདི་ ཏེ་ཆ་མཉམ་ར་ ད་འདི་ནང་ལུ་ སྒོ་ལོ་ སྒོ་ཅུང་ལ་སོགས་པ་འདི་ཚུ་ ཆ་མཉམ་ར་ སྟབས་གཅིག་གུ་ལྷོང་རུང་ཡང་ མ་བཏུབ་ཅིག་མེད་ ཟེར་ཞུ་ནི་ཨིན།
  • དཀོན་མཆོག་རིན་ཆེན Kencho Rinchen
    ད་ འདི་ཨིནམ་ད་ལུ་ ང་བཅས་ར་ ག་ཅིམ་ཟེར་འབད་བ་ཅིན་ ཁོ་སྒོ་འདི་ སྔོན་དང་པ་ར གཟའ་སྐར་བརྩིས་ཏེ་ལྷོང་དགོ་མི་འདི་ ག་ཅིམ་ཟེར་བ་ཅིན།
  • དཀོན་མཆོག་རིན་ཆེན Kencho Rinchen
    དང་པ་ ཁོ་ཏེ་མར་ལས་ཀྱི་ ཏེ་འཛུལ་ནི་གི་དོན་དག་ལུ་ ཏེ་དང་པ་ར་ ང་བཅས་སྒོ་འདི་ ལྷོང་དགོཔ་ཡར་སོངཔ་འབད་ནི་འདི་གིས་ མར་ལས་ཀྱི་ ཏེ་རྩིག་པའི་གི་འགྱམ་འདི་ཐོག་ཁ་ལུ་ ཏེ་སྒོ་འདི་བཀལ་དགོ་ནི་འདི་གིས་ ང་བཅས་གཟའ་སྐར་འགོ་དང་པ་འདི་ སྒོ་འདི་ལུ་ཕོག་མི་འདི་ འདི་ལས་བརྟེན་ཏེ་ཨིན་ ཟེར་ཞུ་ནི་ཨིན།། །།