Skip to main content Skip to search
05 Sep 2018
4 min 48 sec
Samten Yeshi
Video Overview
Creators: 
Sonam Tobgye

In the past, the tradition of narrating and singing ballads was popular among young people, being a manner of indirectly and ritualistically expressing both good and bad emotions through poetry sung in verses. Tsangmo can be sung to express love, hatred and any other feelings. Tsangmo songs are never sung with dance, as it is a poetry song for a singing expression without a dance. It is usually a composition limited to a verse of four lines for an expression and sings with the counter parts mostly between the male and female opponents. The feelings can be anything from love, like, praise, wish, hate and also defamatory and derogatory. The Tsangmo poems sung here by the two have a mixed of expressions of regret, gratitude, hatered and disatisfaction. 

 

སྔོན་མ་འབད་བ་ཅིན་ ང་བཅས་ར་ན་གཞོན་ཚུ་གིས་ ཁོང་རའི་སེམས་ཁར་ཡོད་པའི་ དགའ་བ་དང་སྐྱོ་བའི་ཚོར་སྣང་འདི་ཚུ་ ཕྱི་ཁར་སླབ་ནིའི་ཐབས་ཤེས་ལུ་ སྐད་ཀྱི་གདངས་ཀྱི་ཐོག་ལས་ རྩང་མོ་འཐེན་ནི་འདི་ གནམ་མེད་ས་མེད་ཡོངས་གྲགས་སྦེ་ཡོདཔ་ཨིན། རྩང་མོ་འདི་ང་བཅས་ར་ ཕོ་མོའི་བར་ན་དགའ་མཐུན་དང་ མ་དགའ་བའི་ལོ་རྒྱུས་ འདི་ལས་གཞན་ཡང་ སེམས་ཁའི་ཚོར་སྣང་ཚུ་ སླབ་ནིའི་དོན་ལུ་ལག་ལེན་འཐབ་དོ་ཡོདཔ་ད་ རྩང་མོ་འདི་ཞབས་བྲོ་བཟུམ་སྦེ་ ལེའུ་བསྒྱུར་ཏེ་རྐྱབ་སྲོལ་མེདཔ་ད་ འདི་ཡང་གཙོ་བོ་ར་ ཕོ་དང་མོའི་བར་ན་སྡེ་ཚན་སྦེ་བཟོ་སྟེ་ གཅིག་གིས་གཅིག་ལུ་ཡོད་པའི་སེམས་ཀྱི་ཚོར་སྣང་དང་ སྟབས་མ་བདེཝ་ཚུ་ འགྲན་བསྡུར་གྱི་ཐོག་ལས་སྦེ་སླབ་མས། ཚོར་སྣང་ཚུ་ཡང་དཔེར་ན་ དགའ་བའི་གཏམ་ མ་དགའ་བའི་ལོ་རྒྱུས་ བསྟོད་པ་དང་རེ་སྨོན་ འདི་ལས་དགྲ་གླུ་སྦེ་ཚུ་ཨིནམ་ད་ ད་ལྟོའི་རྩང་མོ་འདི་ བློ་འགྱོད་དང་དགའ་ཚོར་ མ་དགའ་བའི་ལོ་རྒྱུས་དང་ བློ་ཁ་མ་འབབ་ཚུ་ཆ་མཉམ་ཡོད་མི་ རྩང་མོ་ཅིག་མས། 

 

Transcript search
No results found for this search
0 of 0
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཅང་ཁ་ལ་མོའི་རྒྱབ་བེ། །སྒར་པ་སྟུ་ཀྱིས་ཟ་ཏེ། ། གཅིག་ཏ་ཤི་རང་ཤི་ཏེ། །ལྕེ་ཡང་ལྡག་སྟེ་ཁྱེར་དེ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    རྩ་མང་ཏོ་ཀ་རི་ངེ། །ཁ་ཤ་དམར་མོ་ཧང་ཏོ། ། ཀ་ཏ་ཧང་ཏི་ཟེར་ན། །སྟུ་ཝག་སྟུ་ཝག་ཟེར་དེ།། །།